Tibetan

དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་ཀོ་ལི་གྷལ་དུ་སྨན་ཁང་ཁག་དང་རྒས་གསོ་ཁང་སོགས་སུ་གཟིགས་སྐོར་ཕེབས་པ།

༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༢ ཉིན་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་ཀྱི་ཉིན་གཉིས་པར། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དང་། ཁྱབ་ཁོངས་འཕྲོད་བསྟེན་སྨན་ཁང་། རྒས་གསོ་ཁང་། ཉམ་ཐག་ཁྱིམ་ཚང་། ཆུ་དང་གཙང་འཕྲོད་ལས་གཞི་བཅས་སུ་གཟིགས་སྐོར་ཕེབས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་དཔལ་ལྡན་བཀའ་བློན་མཆོག་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་དུ་ཕེབས་སྐབས། སྨན་པ་དང་ལས་བྱེད་རྣམས་ནས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་། སྐབས་དེར་སྨན་ཁང་གི་འགན་འཛིན་གྱིས་ལས་བྱེད་རྣམས་ངོ་སྤྲོད་དང་སྦྲགས། སྨན་ཁང་གི་སྡེ་ཚན་ཁག་དང་སྨན་ཁང་ལ་མཐུན་རྐྱེན་ཇི་ཡོད་སོགས་ངོ་སྤྲོད་གནང་།དེ་ནས་དཔལ་ལྡན་བཀའ་བློན་མཆོག་གིས་ཉིན་རེར་ནད་པ་ག་ཚོད་ཡོད་མེད་མ་དེབ་ནང་གཟིགས་ཞིབ་དང་། ལོ་འཁོར་ནང་ལས་དོན་གཞན་ཇི་བྱེད་སོགས་བཀའ་འདྲི་གནང་བ་དང་ཆབས་ཅིག མ་འོངས་པར་ནད་པའི་གྲངས་ཐོ་སོགས་ཀམ་པུ་ཊར་ནང་ཐོ་འགོད་བྱེད་ཐུབ་ཚེ། གཞིས་མིའི་ཁྲོད་ནད་གཞི་མང་བ་ཇི་ཡོད་སོགས་ཀྱི་གནས་སྟངས་ཤེས་རྟོགས་ཐུབ་པའི་ཐོག མ་འོངས་ལས་འཆར་དང་གོ་རྟོགས་ཀྱི་ལས་གཞི་སོགས་སྒྲིག་རྒྱུར་དགེ་མཚན་ཆེན་པོ་ཡོད་སྐོར་གསུངས། ལྷག་པར་མ་འོངས་གློག་འཕྲུལ་འཛིན་སྐྱོང་ (e-Governance) ཚགས་ཚུད་ཡོང་སླད་གྲངས་ཐོ་ཁག་ཡག་པོ་དགོས་པ་གསུངས། དེ་བཞིན་བོད་ཀྱི་སྐད་ཡིག་གལ་གནད་ཆེན་པོ་ཡིན་པ་དང་། སྨན་རྩིས་ཁང་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ལྟེ་གནས་ཤིག་ཡིན་སྐོར་དང་། གཞོན་སྐྱེས་སྨན་པ་རྣམས་ནས་ཞབས་ཕྱི་ཞུས་པར་བསྔགས་བརྗོད་གནང་བ་དང་། ལས་བྱེད་རྣམས་ནས་བྱམས་སྙིང་རྗེ་དང་། ལྷག་བསམ། ཕན་སེམས་ལྡན་པའི་ཐོག་ནས་ཞབས་ཕྱི་ཞུ་དགོས་པའི་བཀའ་མངགས་ཀྱང་གནང་།དེ་རྗེས་ས་གནས་འཕྲོད་བསྟེན་སྨན་ཁང་དུ་ཕེབས་སྐབས་སྨན་ཁང་གི་ལས་བྱེད་ཡོངས་ནས་ཕེབས་བསུའི་སྣེ་ལེན་ཞུས། སྐབས་དེར་སྨན་ཁང་གི་འགན་འཛིན་ནས་སྨན་པ་དང་ལས་བྱེད་ངོ་སྤྲོད་གནང་བ་དང་སྦྲགས། སྨན་ཁང་གི་སྡེ་ཚན་ཡོངས་རྫོགས་རེ་རེ་བཞིན་གཟིགས་ཞིབ་གནང་རྗེས་ལས་བྱེད་རྣམས་འདུ་འཛོམས་ཀྱིས་འགན་འཛིན་ནས་སྨན་ཁང་གི་རྒྱབ་ལྗོངས་ལོ་རྒྱུས་དང་། སྨན་ཁང་གི་མཐུན་རྐྱེན་ཇི་ཡོད། ད་ལྟའི་ཆར་དཀའ་ངལ་ཇི་ཡོད་སོགས་འགྲེལ་བརྗོད་གནང་།  དེ་ནས་དཔལ་ལྡན་བཀའ་བློན་མཆོག་གིས་འཛིན་སྐྱོང་བཀའ་ཤག་གི་ཚབ་ཞུས་ཏེ་ལས་བྱེད་ཡོངས་ནས་ཞབས་ཕྱི་གང་ལེགས་ཞུ་བཞིན་པར་ཡི་རང་བསྔགས་བརྗོད་ཞུས་པ་དང་། མི་རབས་རྒན་པ་དང་ལས་བྱེད་ཟུར་པ་རྣམས་ནས་སྐུ་ལས་བསྐྱོན་པར་བརྟེན།...

༧དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཆིབས་བསྒྱུར་གནང་རྒྱུའི་གདན་ཞུ་ཞལ་བཞེས་མཛད།

༧དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་གིས་འབྲས་ལྗོངས་སུ་ཕེབས་རྒྱུའི་གདན་ཞུ་ལ་ཞལ་བཞེས་མཛད་པ་དང་། འབྲུག་གཞུང་གིས་བྱང་ཆུབ་མཆོད་རྟེན་༡༠༨ བཞེངས་པའི་ཁྲོད་མཆོད་རྟེན་གསུམ་གྱི་སྦྱིན་བདག་མཛད་པ་སོགས་ཀྱི་མཛད་འཕྲིན་རྒྱ་ཆེ་བསྐྱངས་དང་སྐྱོང་མུས་ཡིན་འདུག The post ༧དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཆིབས་བསྒྱུར་གནང་རྒྱུའི་གདན་ཞུ་ཞལ་བཞེས་མཛད། appeared first on བོད་ཀྱི་བང་ཆེན།.

འབྲུག་དགེ་ལེགས་ཕུག་ཏུ་བསམ་ཡས་དང་། བྱ་རུང་ཁ་ཤོར་སོགས་གནས་ཆེན་ཆ་འདྲ་བ་མང་པོ་བཞེངས་རྒྱུ།

འབྲུག་དགེ་ལེགས་ཕུག་ཏུ་བོད་ཀྱི་བསམ་ཡས་དང་། བལ་ཡུལ་གྱི་བྱ་རུང་ཁ་ཤོར་སོགས་གནས་རྩ་ཆེན་མང་པོ་བཞེངས་རྒྱུ།

རྒྱལ་སྤྱིའི་ཆབ་སྲིད་བཙོན་པའི་ཉིན་མོར་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནས་སྟངས་གླེང་པ།

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་གནས་སྟངས་གླེང་འདུག

དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་རིང་མིན་འབྲས་ལྗོངས་སུ་ཆིབས་བསྒྱུར་མཛད་རྒྱུའི་ཞལ་བཞེས་གནང་འདུག

སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་དཔལ་བཟང་པོ་མཆོག་འབྲུག་ཡུལ་དུ་གནས་གཟིགས་གཙོས་པའི་གཞུང་འབྲེལ་མཛད་སྒོར་དབུ་བཞུགས་དང་རབ་གནས་བཀའ་དབང་སོགས་ཀྱི་མཛད་རིམ་ཁག་གཅིག་བསྐྱང་རྒྱུའི་ཆེད་ཆིབས་སྒྱུར་བསྐྱངས་ཡོད་པ་ལྟར། ཁ་སང་རྒྱ་གར་འབྲས་ལྗོངས་མངའ་སྡེ་གཞུང་གིས་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་སྐུ་ཕྲེང་ ༡༧ པ་མཆོག་ཁུལ་དེར་འཚོག་ལ་ཉེ་བའི་དཔལ་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་ ༡༦ པ་མཆོག་མྱ་ངན་ལས་འདས་ནས་ལོ་ངོ་ ༤༥ འཁོར་བའི་དུས་དྲན་གྱི་མཛད་སྒོར་ཆིབས་བསྒྱུར་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་པར་དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ནས་ཞལ་བཞེས་གནང་འདུག དེ་ཡང་ཁ་སང་འབྲས་ལྗོངས་མངའ་སྡེའི་ཆོས་རིག་བློན་ཆེན་བསོད་ནམས་བླ་མ་མཆོག་གི་ངོ་དེབ་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ད་ལྟ་འབྲུག་ཡུལ་དུ་སྐུ་བཞུགས་མཛད་ཡོད་པ་དང་འབྲེལ་ཁ་སང་ཚེས་ ༡ ཉིན་འབྲུག་ཡུལ་དགེ་ལེགས་ཕུག་ལ་༸སྐྱབས་རྗེ་གཏིང་སྐྱེས་དགོན་བྱང་རིན་པོ་ཆེ་མཆོག་དང་འབྲས་ལྗོངས་མངའ་སྡེའི་ཆོས་རིག་བློན་ཆེན་བསོད་ནམས་བླ་མ་རྣམ་གཉིས་དང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་བློན་ཆེན་མཆོག་གིས་༸རྒྱལ་དབང་ཀརྨ་པ་མཆོག་ལ་འབྲས་ལྗོངས་མངའ་སྡེ་གཞུང་གི་གཞུང་འབྲེལ་གདན་ཞུ་ཞིག་ཕུལ་ཏེ། དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་སྐུ་ཕྲེང་ ༡༧ པ་མཆོག་ཁུལ་དེར་འཚོག་ལ་ཉེ་བའི་དཔལ་༸རྒྱལ་དབང་ཀརྨ་པ་སྐུ་ཕྲེང་ ༡༦ པ་མཆོག་མྱ་ངན་ལས་འདས་ནས་ལོ་ངོ་ ༤༥ འཁོར་བའི་དུས་དྲན་གྱི་མཛད་སྒོར་ཆིབས་བསྒྱུར་བསྐྱང་གནང་ཡོང་བའི་གསོལ་འདེབས་ཞུས་པར་༸རྒྱལ་དབང་མཆོག་ནས་ཞལ་བཞེས་གནང་འདུག རྩ་བའི་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༦ ཉིན་འབྲས་ལྗོངས་བདུད་འཇོམས་ཐོས་བསམ་འཕགས་པ་རྫོང་དགོན་པ་དབུ་འབྱེད་མཛད་སྒོའི་ཐོག །སྤྱི་ཁྱབ་བློན་ཆེན་ Prem Singh Tamang-Golay ལགས་ཀྱིས་གསུང་བཤད་ཁྲོད། དཔལ་༸རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་འབྲུག་ཡུལ་ནང་དུ་ཆིབས་བསྒྱུར་མཛད་རྒྱུའི་གནད་དོན་དེ་དང་འབྲེལ་ནས་འབྲུག་ཡུལ་ནི་འབྲས་ལྗོངས་མངའ་སྡེ་དང་ཐག་ཉེ་པོ་ཡོད་སྟབས། མི་མང་ཡང་ཁུལ་དེར་རིན་པོ་ཆེ་མཆོག་མཇལ་ཞུ་སླད་དུ་བསྐྱོད་འཆར་ཡོད་སྲིད་པ་དང་སྐྱོད་དགོས་ངེས་ཀྱང་ཡིན་ཞིང་། མངའ་སྡེ་གཞུང་གི་ངོས་ནས་༸རྒྱལ་དབང་མཆོག་འབྲས་ལྗོངས་སུ་གདན་འདྲེན་ཞུ་རྒྱུའི་ཆེད་དུ་མུ་མཐུད་འབད་བརྩོན་གང་ཡོང་བྱེད་བཞིན་ཡོད་པ་དང་། དབུས་གཞུང་དང་ལྷན་དུའང་འབྲེལ་བ་བྱས་ཡོད་པ་མ་ཟད། ཉིན་གཅིག་ཏན་ཏན་ཕེབས་ཐུབ་ཀྱི་རེད་ཅེས་གསུངས་ཡོད་པ་རེད། མཛད་འཆར་ལྟར་ན་དཔལ་༸རྒྱལ་དབང་མཆོག་ཟླ་བ་སྔོན་མའི་ཚེས་ ༢༩ ནས་ཟླ་ ༡༡...

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཉིས་པ་དབུ་འཛུགས།

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཉིས་པ་འགོ་འཛུགས་གནང་འདུག དེ་ཡང་དེ་རིང་ནས་འགོ་འཛུགས་ཀྱིས་གནངས་ཉིན་ཕྱི་ཚེས་ ༤ བར་ཁྱོན་ཉིན་གྲངས་ ༤ རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་སྐྱེ་ལྡན་སོ་ནམ་ལས་ཁུངས་ཀྱི་ཚོགས་ཁང་དུ་ཉིན་བཞིའི་རིང་གི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཉིས་པ་དེ་བཞིན་འགོ་འཛུགས་གནང་ཡོད་འདུག་ཅིང་། སྐབས་དེར་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་བསྟན་འཛིན་པ་སངས་ལགས་ཀྱིས་གཙོས་ཉམས་ཞིབ་པ་ ༢༠ ལྷག་མཉམ་ཞུགས་གནང་འདུག དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་བསྟན་འཛིན་པ་སངས་ལགས་ཀྱིས་སྣང་གསལ་མར་མེ་ཞལ་འབྱེད་གནང་བ་དང་འབྲེལ། དབུ་འབྱེད་ཀྱི་གསུང་བཤད་གནང་བའི་ནང་། སྤྱིར་ཉམས་ཞིབ་ཀྱི་གལ་གནད་དང་ལྷག་པར་བོད་རིག་པའི་ཉམས་ཞིབ་ཀྱི་གལ་གནད་སྐོར་ནན་བརྗོད་གནང་བ་མ་ཟད། ད་ལྟའི་ཆར་བོད་པའི་སྤྱི་ཚོགས་ཁྲོད་ཉམས་ཞིབ་གནང་མཁན་མང་ཡང་བོད་ཡིག་ཐོག་ཉམས་ཞིབ་གནང་མཁན་ཉུང་ཉུང་ཡིན་པ་དང་། ལྷག་པར་དུ་དམའ་རིམ་སློབ་གྲྭ་ནས་འབུམ་རམས་པའི་གནས་ཚད་བར་བོད་ཡིག་ཐོག་སློབ་གཉེར་གནང་དགོས་གལ་ཡིན་པ་གསུངས་འདུག དེ་རིང་ཉིན་དང་པོའི་ཚོགས་འདུའི་ཐོག་ཉམས་ཞིབ་པ་ ༡༢ ཀྱིས་རང་རང་སོ་སོའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་གཏན་ཁེལ་ཡོད་ཅིང་། གཏམ་བཤད་ཀྱི་བརྗོད་གཞི་ཁྲོད། བོད་ཡིག་གི་མགོ་འདོགས་རྐྱང་བརྩེགས་ཀྱི་ངོས་འཛིན་ཚུལ་མི་འདྲ་བའི་སྐོར་དང་། རྒྱ་ཡིག་བསྒྱུར་བཅོས་ལས་འགུལ་གྱིས་བོད་ཡིག་ལ་ཐེབས་པའི་ཤུགས་རྐྱེན་ལ་དཔྱད་པ། མི་ཉག་གི་ལོ་སྐད། སངས་རྒྱས་ཀྱི་བསྟོད་རྩོམ་བྱུང་འཕེལ་རིམ་པ་འཇུག་པའི་དཔྱད་པ། ཁྱད་པར་འཕགས་བསྟོད་དང་ལྷ་ལས་ཕུལ་བྱུང་གི་བསྟོད་པ་གཉིས་ལ་རགས་ཙམ་དཔྱད་པ། དེ་བཞིན་ལེགས་པ་དགོན་པའི་ཕྱག་འདེབས་པ་པོ་སུ་ཡིན་མིན་ལ་ཐོག་མར་དཔྱད་པ་སོགས་བོད་ཀྱི་ལོ་རྒྱུས་དང་ནང་ཆོས། སྐད་ཡིག རྩོམ་རིག་སོགས་ཀྱི་ཐོག་ཉམས་ཞིབ་ཀྱི་གཏམ་བཤད་གནང་རྒྱུ་ཡིན་པ་རེད་འདུག འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དང་ཚོགས་འདུའི་འབྲེལ་མཐུད་པ་འབུམ་རམས་པ་བློ་བཟང་ཐབས་མཁས་ལགས་སུ་ཚོགས་འདུའི་གལ་གནད་དང་བརྗོད་གཞི་རྣམ་གྲངས་སོགས་དང་འབྲེལ་ནས་བཀའ་འདྲི་ཞུས་ཡོད། རྩ་བའི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་ ༡༢ པའི་ཐོག་དེང་རབས་ལོ་རྒྱུས་དང་ཆབ་སྲིད།  བརྡ་སྤྲོད།  བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས།  བོད་ཀྱི་ལོ་རྒྱུས།  གནའ་དེང་རྩོམ་རིག་གི་སྐོར།  གནའ་རབས་ཆོས་ལུགས་དང་ལོ་རྒྱུས།  ཡིག་ཚགས་བཅས་ཀྱི་སྐོར།   བོད་ཀྱི་བརྩམས་སྒྲུང་དང་ལེགས་བཤད་བཅས་གནད་དོན་འདྲ་མིན་དང་འབྲེལ་བའི་བརྗོད་གཞི་མང་དག་ཅིག་གི་སྐོར་ཁྱོན་བསྡོམས་པའི་ཚོགས་བཅར་བ་ ༢༢ ནས་བགྲོ་གླེང་དང་གོ་བསྡུར་སྦྱང་བཤད་གནང་རྒྱུ་རེད་འདུག...

ཝཱ་ར་ཎ་སིར་རྒྱལ་ཡོངས་རིས་མེད་མཁས་པའི་རྒྱུད་བླ་མའི་བགྲོ་གླེང་ཚོགས་ཆེན་འཚོག་བཞིན་པ།

ཁ་སང་ཕྱི་ཟླ་ ༡༡ ཚེས་ ༡ ནས་དབུ་འཛུགས་ཀྱིས་ཡོང་རྒྱུའི་ཕྱི་ཚེས་ ༥ བར་ཉིན་གྲངས་ལྔའི་རིང་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དཔལ་ཨ་ཏི་ཤའི་ཚོགས་ཁང་དུ་རྒྱལ་ཡོངས་རིས་མེད་མཁས་པའི་རྒྱུད་བླ་མའི་བགྲོ་གླེང་ཚོགས་ཆེན་འཚོག་བཞིན་པ་དང་།  ཚོགས་ཆེན་དབུ་འབྱེད་མཛད་སྒོའི་ཐོག་༸སྐྱབས་རྗེ་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་གནང་འདུག ཐེངས་འདིའི་བགྲོ་གླེང་ཚོགས་ཆེན་འདི་བཞིན་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གཞུང་སྡེ་ཚན་གྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་།  བགྲོ་གླེང་ཚོགས་ཆེན་ཐོག་སྐུ་མགྲོན་གཙོ་བོ་༸སྐྱབས་རྗེ་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་དབུས་པའི་བྱེས་ཀྱི་གདན་ས་ཆེན་པོ་སེར་འབྲས་དགའ་གསུམ་དང་།  འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་།  དཔལ་སྤུངས་ཤེས་རབ་གླིང་།  གདན་ས་དཔལ་གཤེན་བསྟན་སྨན་རི་གླིང་།  རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས།  འབོ་དཀར་ངེས་དོན་ཆོས་འཁོར་གླིང་།  ཇོ་ནང་སྦྱོར་དྲུག་ཆོས་འཁོར་གླིང་།   བཙུན་དགོན་སྒྲོལ་མ་གླིང་།  ལ་དྭགས་དབུས་གཞུང་ནང་པའི་གཙུག་ལག་སློབ་གཉེར་ཁང་།  དཱ་ཧུང་ཧི་མ་ལ་ཡའི་ལེགས་སྦྱང་མཐོ་སློབ་ཁང་།  ན་ལེན་ཌའི་གཙུག་ལག་སློབ་གཉེར་ཁང་བཅས་ནས་ཕེབས་པའི་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་མཁས་དབང་དང་དགེ་བའི་བཤེས་གཉེན་རྣམ་པ།  དེ་བཞིན་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་དང་རིགས་དྲུང་གཙོས་པའི་སྡེ་ཚན་སོ་སོའི་འགན་འཛིན་དང་ལས་བྱེད་སློབ་ཕྲུག་བཅས་མི་གྲངས་ ༢༠༠ ཙམ་ནས་མཉམ་ཞུགས་གནང་འདུག སྐབས་དེར་༸སྐྱབས་རྗེ་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཐེངས་འདིའི་ཚོགས་ཆེན་འདི་བཞིན་སྟོན་པ་ཐུགས་རྗེ་ཅན་གྱིས་ཆོས་འཁོར་དང་པོ་སྐོར་སའི་ཡུལ་ཝཱ་ར་ཎ་སིར་འཚོགས་པའི་ཆ་ནས་གནས་ཁྱད་པར་ཅན་དང་།  བགྲོ་གླེང་དེ་ཡང་ལྷ་བབས་དུས་ཆེན་གྱི་དུས་ཚིགས་དང་བསྟུན་ནས་དབུ་འཛུགས་གནང་བར་དུས་ཁྱད་པར་ཅན་ཡིན་པ།  དེ་བཞིན་བྱམས་ཆོས་སྡེ་ལྔའི་ནང་ཚན་ཁོངས་སུ་གཏོགས་པའི་རྒྱུད་བླ་མ་བརྗོད་གཞིར་བཟུང་བའི་ཆ་ནས་གཞུང་ཁྱད་པར་ཅན་དང་།   རིས་སུ་མ་མཆིས་པའི་ཆོས་བརྒྱུད་ཁག་ནས་ཕེབས་པའི་མཁས་པ་འདུ་འཛོམས་ཀྱིས་བགྲོ་གླེང་གནང་གི་ཡོད་པར་གང་ཟག་ཁྱད་པར་ཅན་ཡིན་པར།  འདི་ལྟ་བུའི་ཚོགས་ཆེན་ཐོག་བཅར་རྒྱུ་བྱུང་བར་སྐལ་པ་བཟང་པོ་བྱུང་ཅེས་གསུངས་ཏེ།  རྒྱུད་བླ་མའི་གཞུང་ཆེན་དང་བྱམས་ཆོས་སྡེ་ལྔའི་སྐོར་གྱི་གནད་འགག་ཁག་གཅིག་ངོ་སྤྲོད་ཀྱིས་དེ་འབྲེལ་ཞིབ་འཇུག་དགོས་ངེས་ཀྱི་གནད་དོན་མངོན་གསལ་དང་འབྲེལ།  བགྲོ་གླེང་ཚོགས་འདུ་ཞེས་པའི་ལམ་སྲོལ་དེ་སྤྱིར་བཏང་ནུབ་ཕྱོགས་རྒྱལ་ཁབ་ནས་ལས་ཟློས་བྱེད་པའི་གཟིགས་ཚུལ་ཡོད་སྲིད་ཀྱང་།  དེའི་ཐོག་མའི་ལམ་སྲོལ་དེ་ནང་པའི་སྤྱི་ཚོགས་ནས་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་སོགས་ནས་བྱུང་བ་ཞིག་ཡིན་པ་གསུངས་འདུག   འདི་ག་རླུང་འཕྲིན་ཁང་གིས་ཐེངས་འདིའི་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གཞུང་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་དབང་གྲགས་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས།  ཐེངས་འདིའི་བགྲོ་གླེང་ཐོག་སྐུ་མགྲོན་གཙོ་བོར་༸སྐྱབས་རྗེ་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་གདན་ཞུས་གནང་དགོས་པའི་རྒྱུ་མཚན་དང་།  དེ་བཞིན་རྒྱུད་བླ་མའི་གཞུང་ཆེན་ཐོག་རྒྱལ་ཡོངས་རིས་མེད་མཁས་པའི་བགྲོ་གླེང་འཚོགས་དགོས་པའི་གལ་གནད་ངོ་སྤྲོད་གནང་བ་མ་ཟད།  འདི་ལྟ་བུའི་བགྲོ་གླེང་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་གཙོས་པའི་བགྲོ་གླེང་ཁྲོད་ནང་གསེས་ཀྱི་བརྗོད་གཞི་ཁག་བཅས་ཀྱི་སྐོར་ངོ་སྤྲོད་གནང་སོང་།  རྩ་བའི་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གཞུང་དང་རང་གཞུང་སྡེ་ཚན་སོ་སོ་ནས་གཞུང་ཆེན་རིམ་པའི་ཐོག་བགྲོ་གླེང་ཚོགས་འདུ་ཕལ་མོ་ཆེ་སྐོང་འཚོགས་གནང་ཡོད་པ་དང་།   དཔེ་མཚོན་དུ་རྒྱ་གཞུང་སྡེ་ཚན་ངོས་ནས་འདས་པའི་ཕྱི་ལོ་ ༢༠༠༩ ལོར་དབུ་མའི་ལྟ་གྲུབ་སྐོར་རྒྱལ་ཡོངས་རིས་མེད་མཁས་པའི་བགྲོ་གླེང་གོ་སྒྲིག་ཞུས་ཡོད་པ། ...

ཞི་ཅིན་ཕིང་ལ་ཕེབས་བསུ་ཞུས་པར་ངོས་ལེན་མེད་ཅེས་ས་གནས་བུད་མེད་ལྷན་ཚོགས་ཀྱིས་བསྒྲགས་གཏམ་སྤེལ།

དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིང་ལ་དགའ་བསུ་ཞུས་པར་བུད་མེད་ཉུང་ཤས་ཤིག་ལས་མང་ཆེ་བས་རྒྱབ་སྐྱོར་ཡོད་ཚུལ་བརྗོད་པ་ནི་བདེན་པ་མིན་ཞེས་དང་། ཨ་རི་དང་ཁེ་ན་ཌ། སུད་སི། ཨི་ཊ་ལི། བྷེལ་ཇམ། ཨ་རིའི་མེ་ནི་སོ་ཊ་བཅས་ས་གནས་བུད་མེད་ལྷན་ཚོགས་དྲུག་གིས་ཁ་གཅིག་གྲགས་ཀྱིས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་བྱེད་སྟངས་དེ་འགྲིག་མ་སོང་། ངོས་ལེན་མེད་གསུང་མཁན་རྐྱང་རེད་ཅེས་ནན་བརྗོད་བྱས། The post ཞི་ཅིན་ཕིང་ལ་ཕེབས་བསུ་ཞུས་པར་ངོས་ལེན་མེད་ཅེས་ས་གནས་བུད་མེད་ལྷན་ཚོགས་ཀྱིས་བསྒྲགས་གཏམ་སྤེལ། appeared first on བོད་ཀྱི་བང་ཆེན།.

དགའ་ལྡན་ཁྲི་པ་ལས་ཐོག་ཅིག་འབྲུག་ཡུལ་དུ་ཆེས་ཐོག་མ་ཆིབས་སྒྱུར་མཛད།

ཕྱི་ལོ་༢༠༢༦ ཟླ་༡༡ ཚེས་༡ ཉིན། ལྷ་བབ་དུས་ཆེན་དང་བསྟུན་ནས་དཔལ་ལྡན་འབྲུག་རྒྱལ་ཁབ་ཀྱིས་དགེ་ལེགས་ཕུག་ཏུ་ཉིན་གཅིག་དུས་གཅིག་ལ་བྱང་ཆུབ་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས་གྲུབ་པའི་རབ་གནས་མཛད་སྒོའི་ཐོག འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༧དགའ་ལྡན་ཁྲི་པ་རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་གཞུང་འབྲེལ་གདན་ཞུ་ལྟར། ཆིབས་བསྒྱུར་བསྐྱངས་ཡོད་འདུག དེ་ནི་ལོ་རྒྱུས་ཐོག་དགའ་ལྡན་ཁྲི་པ་ལས་ཐོག་ཅིག་འབྲུག་ཡུལ་དུ་གཞུང་འབྲེལ་ཕེབས་པ་ཆེས་ཐོག་མ་དེ་ཆགས་ཡོད་འདུག རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་ངོ་དེབ་ཐོག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། The post དགའ་ལྡན་ཁྲི་པ་ལས་ཐོག་ཅིག་འབྲུག་ཡུལ་དུ་ཆེས་ཐོག་མ་ཆིབས་སྒྱུར་མཛད། appeared first on བོད་ཀྱི་བང་ཆེན།.

རྡོར་གདན་འདས་མཆོད་སྨོན་ལམ་ཆེན་མོ་སྐབས་༢༣ པའི་གསལ་བསྒྲགས།

The post རྡོར་གདན་འདས་མཆོད་སྨོན་ལམ་ཆེན་མོ་སྐབས་༢༣ པའི་གསལ་བསྒྲགས། appeared first on བོད་ཀྱི་དུས་བབ།.

འབྲུག་རྒྱལ་ཁབ་ཀྱིས་མཆོད་རྟེན་བརྒྱ་དང་བརྒྱད་བཞེངས།

འབྲུག་རྒྱལ་ཁབ་ཀྱིས་ལྷ་བབས་དུས་ཆེན་དང་བསྟུན་ཆུ་ཚོད་དགུའི་རིང་བྱང་ཆུབ་མཆོད་རྟེན་བརྒྱ་དང་བརྒྱད་བཞེངས་བསྐྲུན་བྱས། The post འབྲུག་རྒྱལ་ཁབ་ཀྱིས་མཆོད་རྟེན་བརྒྱ་དང་བརྒྱད་བཞེངས། appeared first on བོད་ཀྱི་དུས་བབ།.

རྒྱ་ནག་གི་ཚང་འཛོམས་གྲོས་ཚོགས་སྟེང་ཐག་གཅོད་ཅི་ཞིག་བླངས་ཡོད་དམ།

རྒྱ་ནག་གཞུང་ཕྱོགས་ནས་ཕྱི་ཟླ་ ༡༠ ཚེས་ ༢༦ ནས་ ༢༩ བར་འཚོགས་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས་སྟེང་གི་ཐག་གཅོད་གནད་བསྡུས་ཟེར་བ་ཡོངས་བསྒྲགས་བྱས་པར་གཞིགས་ན། ཡིག་ཐོག་ཏུ་བཀོད་མེད་པའི་སྒྲིག་ཁྲིམས་ལ་རྒོལ་རྡུང་ཚ་འདེད་བྱས་ཏེ། ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་ཀྱི་ལས་འགུལ་དེ་དམར་ཤོག་ཚོགས་པའི་དཔོན་རིགས་ནང་ཁུལ་གྱི་དབང་ཆ་འཐབ་རྩོད་བྱེད་ཆེད་མིན་པར། དེ་ནི་ཁྲིམས་ལུགས་ཀྱིས་བསྐྱངས་ཤིང་ཕྱི་གསལ་ནང་གསལ་གྱིས་དམར་ཤོག་ཚོགས་པའི་ཕུགས་མདུན་དངོས་སྐྱོང་སྟངས་ཚད་ལྡན་ཞིག་ཡིན་པར་སྟོན་ཐབས་བྱས་འདུག ཡིག་ཐོག་ཏུ་བཀོད་མེད་པའི་སྒྲིག་ཁྲིམས་ཞེས་པ་དེའི་འོག་ནས་དབང་ཆ་ཡོད་མཁན་གྱི་དམར་ཤོག་ཚོགས་པའི་དཔོན་རིགས་ཚོར་གཞན་གྱི་ལས་ཀ་དང་ཞབས་ཞུ། གོ་གནས་མཐོ་རུ་གཏོང་བ། གན་རྒྱ། ས་ཆ་གླས་པ། ཡང་ན་སྤྱི་ཚོགས་ཀྱི་བདེ་འཇགས་ཐོབ་ཐང་དང་སློབ་འཇུག་སོགས་ཀྱི་ཆེད་དུ་ཁ་གསབ་ངེས་པར་དུ་སྤྲོད་དགོས་ཀྱི་ཡོད་པ་དང་། ཁ་གསབ་དེ་ནི་དངུལ་དངོས་དང་འཁྲིག་སྤྱོད་སོགས་རྣམ་པ་འདྲ་མིན་གྱི་ཐོག་ནས་ལེན་གྱི་ཡོད་ཅིང་། ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ཀྱི་ལས་འགུལ་སྤེལ་ནས་ལོ་ངོ་ ༡༤ ཕྱིན་ཡོད་ཀྱང་། དམར་ཤོག་ཚོགས་པའི་དབང་ཡོད་དཔོན་རིགས་ཚོས་མི་མངོན་པའམ་ཡིག་ཐོག་ཏུ་བཀོད་མེད་པའི་ཁྲིམས་སྒྲིག་ཞེས་པར་ཁ་གཡར་ནས་ལྐོག་ཟ་རུལ་སུངས་མུ་མཐུད་བྱེད་བཞིན་པ་གསལ་བོ་མངོན་ཡོད། ཡིག་ཐོག་ཏུ་བཀོད་མེད་པའི་སྒྲིག་ཁྲིམས་ཞེས་པ་ནི་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་གལ་ཆེ་ཤོས་སུ་རྩི་ཡི་འདུག་ལ། ཚང་འཛོམས་གྲོས་ཚོགས་མ་འཚོགས་གོང་ནས་གྲོས་ཆོད་དེའི་ཟིན་བྲིས་ལ་ཞི་ཅིན་ཕིན་གྱིས་དངོས་སུ་སྣེ་འཁྲིད་བྱས་ཡོད་པར་བཤད། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་སློབ་གྲྭའི་འགན་འཛིན་གཞོན་པ་ཞེའེ་ཁྲང་ཐའོ་ཟེར་བས། དུས་ཡུན་གང་འཚམས་ཤིག་གི་རིང་ལ་ཏང་ནང་དང་ཕྱིའི་ཁྲོད་དུ་ཡིག་ཐོག་ཏུ་མ་བཀོད་པའི་སྒྲིག་ལམ་འགའ་ཞིག་གནས་ཡོད་པ་དང་། དེས་ཏང་གི་སྒྲིག་ལམ་དང་སྒྲིག་ཁྲིམས་ཀྱི་མཚན་གནས། དེ་བཞིན་ལག་བསྟར་གྱི་ནུས་པ་ཉམས་དམས་སུ་བཏང་ཡོད་པས་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་ཚོར་སྣང་ཤུགས་ཆེན་པོ་བསླངས་ཡོད། ཅེས་བརྗོད་འདུག རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ཚུལ་ལྟར་ན། ཡིག་ཐོག་ཏུ་མེད་པའི་ཁྲིམས་སྒྲིག་ཟེར་བ་ལག་བསྟར་འོག་ད་ནས་བཟུང་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་རང་ཉིད་ཀྱི་ལྷན་ཁང་ངམ་ལས་ཁུངས་ཀྱི་སྒྲིག་ཁྲིམས་ཙམ་མ་ཡིན་པར་ལས་དོན་ཅི་བསྒྲུབས་དང་དེ་དག་བསྡོམས་སོགས་ཕྱོགས་ཡོངས་ལ་འགན་ནན་མོ་འཁུར་དགོས་ཤིང་། ལྷག་པར་དུ་ད་ནས་བཟུང་དཔོན་རིགས་ཕན་ཚུན་དང་དཔོན་རིགས་དང་མི་མང་བར་སོགས་ཀྱི་ཐུག་འཕྲད་སྐབས་ལེགས་སྐྱེས་དང་ཅ་དངོས་ལེན་པར་ཞེད་སྣང་སྐྱེས་དགོས་པའི་གནས་བབ་ཅིག་བསྐྲུན་རྒྱུ་ཡིན་སྐོར་བརྗོད་འདུག རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་རྩོམ་སྒྲིག་པའི་གཏམ་ནང་།  རྒྱ་ནག་གཞུང་གིས་ནུབ་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཡུན་རིང་དམར་ཤོག་ཚོགས་པའི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གི་ལས་འགུལ་དེ་ནི། དམར་ཤོག་ཚོགས་པའི་དཔོན་རིགས་ནང་ཁུལ་གྱི་དབང་ཆ་འཐབ་རྩོད་ཆེད་ཡིན་པའི་འགྲེལ་བརྗོད་བྱས་པ་ནི་ནོར་འཁྲུལ་ཡིན་པ་དང་། ལྐོག་ཟ་རུལ་སུངས་ཚར་གཅོད་ལས་འགུལ་ལ་རྒྱ་ནག་མི་མང་གི་རྒྱབ་སྐྱོར་ཚད་མཐོ་ཡོད་ཁར། ཨ་རིའི་ཧ་ཝར་ཌི་གཙུག་ལག་སློབ་ཆེན་གྱིས། ལྐོག་ཟ་རུལ་སུངས་ཚར་གཅོད་ཀྱི་ལས་འགུལ་སྤེལ་བ་ནས་རྒྱ་ནག་དམར་ཤོག་ཚོགས་པར་ཡིད་ཆེས་བློ་དཀར་བྱེད་མཁན་ཇེ་མང་དུ་ཕྱིན་ཡོད་ཚུལ་བརྗོད་ཡོད་སྐོར་བཀོད་འདུག རྒྱ་ནག་གཞུང་འབྲེལ་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས་མཇུག་བསྡུས་པ་དང་བསྟུན། རྒྱ་ནག་དབུས་དམག་སྲིད་ལྷན་ཁང་གི་མགོ་ཁྲིད་གཞོན་པ་ཀྲང་ཡུ་ཞ་དང་ཡུ་གུར་རང་སྐྱོང་ས་ཁུལ་གྱི་དམར་ཤོག་དྲུང་ཆེ་ཟུར་བ་མཱ་ཤིན་རོའུ། ...

རྒྱལ་བ་ཀརྨ་པ་མཆོག་གིས་སླར་ཡང་འབྲས་ལྗོངས་སུ་ཕེབས་རྒྱུའི་ཞལ་བཞེས་གནང་། 

འབྲས་ལྗོངས་ཆོས་དོན་ལས་ཁུངས་ཀྱིས་སླར་ཡང་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཆིབས་བསྒྱུར་བསྐྱང་རྒྱུའི་སྐྱབས་འཇུག་ཞུས་པ་ལྟར་ཞལ་བཞེས་གནང་། རྒྱ་གར་གྱི་དེ་རིང་( India Today ) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་ ༡༠ ཚེས་ ༣༡  ཉིན་འབྲས་ལྗོངས་ཀྱི་ཆོས་དོན་བློན་ཆེན་བསོད་ནམས་བླ་མ་ལགས་སོགས་ཆེད་དུ་འབྲུག་ཡུལ་དུ་ཕེབས་ནས། ༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ ༧རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས་པའི་ཚུལ་བསྟན་ནས་མི་ལོ་ ༤༥ འཁོར་བའི་དགོངས་རྫོགས་ཀྱི་དུས་ཆེན་དང་བསྟུན། འབྲས་ལྗོངས་སུ་ཆིབས་བསྒྱུར་བསྐྱང་གནང་ཡོང་བའི་སྐྱབས་འཇུག་ཞུས་དོན་བཞིན། ༧རྒྱལ་དབང་ཀརྨ་པ་མཆོག་གིས་ངོས་ལེན་གནང་ནས་གང་མགྱོགས་ཆིབས་བསྒྱུར་བསྐྱང་རྒྱུར་ཞལ་བཞེས་གནང་འདུག  ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནང་པའི་མཆོད་རྟེན་བརྒྱ་དང་གཅིག་བཞེངས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ནང་པའི་བླ་ཆེན་སོགས་ཀྱི་འདུ་འཛོམས་ཐོག  ༧རྒྱལ་དབང་ཀརྨ་པ་མཆོག་མཆོག་གིས་བོད་ཀྱི་ཆོས་རྒྱུད་ཆེན་པོ་ལྔ། དེ་བཞིན་བོད་ཀྱི་བསྟན་བདག་བླ་ཆེན་རྣམས་དང་མཇལ་འཕྲད་གནང་ཡོད་ཅིང་། ༧རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ཡུན་རིང་གི་རྗེས་སུ་འབྲུག་ཡུལ་དུ་ཕེབས་སྟབས། ཡུལ་དངོས་ནས་དད་ལྡན་རྣམས་ཀྱིས་དགའ་དད་སྤྲོ་གསུམ་གྱི་ཐོག་ནས་ཆིབས་བསུ་ཞུས་པའི་ཁར། བོད་མི་མང་པོ་ཞིག་གིས་རིན་པོ་ཆེ་མཆོག་འབྲུག་ཡུལ་དུ་ཕེབས་པར་འཚམས་འདྲིའི་སྐུ་པར་མང་དག་ཅིག་དྲ་ལམ་དུ་སྤེལ་སོང་།  དེ་བཞིན་ཕྱི་ཟླ་ ༡༠ ནང་འབྲས་ལྗོངས་མངའ་སྡེ་སྤྱི་ཁྱབ་བློན་ཆེན་པེ་རེམ་སིངྒ་རྟ་དམག་མཆོག་གིས་བྷན་ཀོག་ནས་༧རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལ་མཇལ་འཕྲད་ཞུས་ཏེ། ༧རྒྱལ་དབང་ཀརྨ་པ་མཆོག་འབྲས་སུ་ཆིབས་བསྒྱུར་བསྐྱང་བའི་སྐྱབས་འཇུག་ཞུས་པ་ལྟར། རིན་པོ་མཆོག་གིས་ཀྱང་འབྲས་ལྗོངས་སུ་ཕེབས་འདུན་ཡོད་པའི་བཀའ་བཞེས་སྩལ་ཡོད།  དཔལ་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་རྒྱ་གར་ནས་ཕྱི་རྒྱལ་ལ་ཞབས་ཀྱིས་བཅགས་རྗེས། ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༨ ཉིན་སུད་སིའི་ཛུ་རིག་གྲོང་ཁྱེར་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཡོད། ༧རྒྱལ་དབང་ཀརྨ་པ་མཆོག་ནི་བོད་ཆབ་མདོ་ལྷ་ཐོག་གི་འབྲོག་ཁྱིམ་ཞིག་ཏུ་སྐུ་འཁྲུངས་ཤིང་།  ཕྱི་ལོ་ ༡༩༩༩ ལོར་དགུང་ལོ་ ༡༤ བཞེས་སྐབས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་རྗེས། བཞུགས་སྒར་དྷ་རམ་ས་ལའི་ཉེ་འཁྲིས་རྒྱུད་སྟོད་གྲ་ཚང་དུ་ཡུན་རིང་བཞུགས་ཡོད་པ་རེད། ཕྱི་ལོ་ ༢༠༡༧ ལོར་ཡུ་རོབ་དང་ཨ་རིའི་ནང་ཕེབས་རྗེས་ཕྱིར་ཆིབས་བསྒྱུར་བསྐྱངས་ཐུབ་མེད་ལ། ད་བར་རྒྱ་གར་འབྲས་ལྗོངས་ས་གནས་སྲིད་གཞུང་དང་གཞུང་སྒེར་མང་དག་ཅིག་གིས་རིན་པོ་ཆེ་མཆོག་རྒྱ་གར་ནང་ཆིབས་བསྒྱུར་གནང་རྒྱུར་ངང་སྒུག་བྱེད་མུས་ཡིན་པ་རེད།  གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས། The post རྒྱལ་བ་ཀརྨ་པ་མཆོག་གིས་སླར་ཡང་འབྲས་ལྗོངས་སུ་ཕེབས་རྒྱུའི་ཞལ་བཞེས་གནང་།  appeared first on བོད་ཀྱི་དུས་བབ།.

གཞོན་སྐྱེས་ཚོ་རྩྭ་ཆུ་བཟང་སར་ཤོར་འགྲོ་ཡི་མི་འདུག་གམ།

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༡༠༥༢ སྟེང་གི་རྩོམ་སྒྲིག་པའི་གཏམ། བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ཆུང་ཆུང་འདིའི་ཁྲོད་དུ་ནམ་ཞར་ཞར་ལ་གཞོན་སྐྱེས་གཞོན་སྐྱེས་ཞེས་ལབ་བཞིན་ཡོད།  གཞོན་སྐྱེས་ཚོར་སློབ་སྦྱོང་གི་གོ་སྐབས་ཆ་ཚང་ཞིག་སྤྲོད་དགོས་པ་དང་། ལས་ཀའི་གོ་སྐབས་བསྐྲུན་དགོས་པ། བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་གྲལ་དུ་གཞོན་སྐྱེས་སླེབས་པར་གཞོགས་འདེགས་བྱེད་དགོས་པ། དེ་བཞིན་མི་རིགས་གཞན་གྱི་གཞོན་སྐྱེས་ཚོ་དང་དཔུང་བ་མཉམ་གཤིབ་བྱས་ནས་འགྲོ་ཐུབ་པའི་ལམ་ཁ་བཟོ་དགོས་པ་སོགས་ནི། ཧ་ལམ་བོད་མི་ཡོངས་ཀྱི་སེམས་ལ་ཡོད་པའི་སྤྱི་མཐུན་གྱི་བསམ་བློ་ཞིག་རེད་ཅེས་ལབ་ན་ཐལ་དྲགས་མེད་པ་འདྲ། དངོས་ཡོད་ལག་ལེན་གྱི་ཐོག་ནས་བལྟས་ན། གཞོན་སྐྱེས་དང་འབྲེལ་བའི་ཚོགས་ཆེན་དང་། མགོ་ཁྲིད་ཟབ་སྦྱོང་། སྐད་ཡིག་ཟབ་ཁྲིད། བོད་དོན་ཞུ་གཏུག་བྱེད་ཕྱོགས། ལག་ཤེས་སྦྱོང་བརྡར་སོགས་ལས་དོན་འདྲ་མིན་སྣ་ཚོགས་ཤིག་སྤྱི་སྒེར་ཚང་མས་བསྒྲུབས་དང་སྒྲུབ་མུས་རེད། འདི་ནི་སེམས་ལ་བསམ་པ་ཁ་ནས་བཤད་པ་དང་། ཁ་ནས་བཤད་པ་ལག་བསྟར་བྱེད་བཞིན་པའི་རྣམ་པ་ཞིག་རེད། གནད་དོན་འདིའི་ཐད་ནས་བཟང་ངན་གྱི་སྐད་ཆ་ཅི་ཡང་བཤད་རྒྱུ་མེད་མོད། འོན་ཀྱང་། ངའི་སེམས་ལ་དངངས་འཚབ་ཅིག་དང་དོགས་པ་ཞིག་ཅིག་ཅར་དུ་ཡོང་གི་འདུག དོགས་པ་དེ་དང་འཚམ་པའི་དྲི་བ་ཞིག་དྲིས་ན་ཕལ་ཆེར་འདི་འདྲ་ཞིག་ཡིན་པར་སྣང་། གཞོན་སྐྱེས་ཀྱིས་སྟོངས་པའི་སྤྱི་ཚོགས་ཤིག་ལ་རེ་བ་ཡོད་དམ། ང་ཚོའི་མ་འོངས་སོན་རྩ་ཞེས་རེ་བ་བཅོལ་སའི་གཞོན་སྐྱེས་རེ་རེ་བྱས་ནས་ཁོང་ཚོར་ཕུགས་བསམ་ཅི་ཡོད་སྐད་ཆ་དྲིས་ན།  ལན་འདྲ་མིན་སྣ་ཚོགས་ཤིག་ཡོང་ངེས་རེད། འོན་ཀྱང་། གཞོན་སྐྱེས་ཕལ་མོ་ཆེར་གཅིག་མཚུངས་ཀྱི་འདོད་པ་ཞིག་ཡོད་པ་ནི། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གནས་སྤོ་བྱས་ནས་འགྲོ་རྒྱུ་དེ་རེད། ལོ་རེར་བོད་ཀྱི་གཞོན་སྐྱེས་ག་ཚོད་ཅིག་ཕྱི་རྒྱལ་དུ་འགྲོ་ཡི་འདུག་ཅེ་ན། གྲངས་ཀ་ཏན་ཏན་ཞིག་ཤོད་རྒྱུ་མེད་ལ། ཕལ་ཆེར་བོད་མིའི་སྒྲིག་འཛུགས་ལའང་གྲངས་ཀ་དེ་ཡོད་མི་སྲིད། ཚོད་རྩིས་བྱས་ན། ཧ་ལམ་ལོ་ལྟར་གཞོན་སྐྱེས་ཤེས་ལྡན་པའི་བརྒྱ་ཆ་ལྔ་བཅུ་མ་ཟིན་ཙམ་ཕྱི་ལ་ཐོན་འགྲོ་ཡི་ཡོད་པ་ཤེས་ཐུབ། དབྱིན་སྐད་ནང་དུ་ Brain Drain ཞེས་པའི་ཚིག་གཅིག་ཡོད་པ་རེད། ཚིག་འདི་ནི་ ༡༩༦༠ རེ་གྲངས་ནང་དབྱིན་ཇི་རྒྱལ་ཁབ་ཏུ་བེད་སྤྱོད་གཏོང་མགོ་ཚུགས་འདུག...

དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ཀོ་ལི་གྷལ་གཞིས་ཆགས་སུ་ཕེབས་འབྱོར་གྱིས་དགོན་སྡེ་ཁག་ལ་གནས་གཟིགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས། ས་གནས་འགོ་འཛིན་དང་། ས་གནས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན། ས་གནས་འཐུས་ཚོགས་ཀྱི་དྲུང་ཆེ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་མཉམ་འབྲེལ་ཚོགས་གཙོའི་སྐུ་ཚབ། གཞུང་ཁོངས་མ་ཡིན་པའི་ཚོགས་པའི་ཚོགས་གཙོ། སྤྱི་ཁྱབ་བརྒྱ་དཔོན། གྲོང་སྡེ་ ༢༢ ཀྱི་བརྒྱ་དཔོན། སྨན་ཁང་དང་གཞིས་ལས་ཁང་། མཉམ་འབྲེལ་བཅས་ཀྱི་ལས་བྱེད་ཡོངས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་ནས་ཉིན་རྒྱབ་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ས་གནས་༸རྒྱལ་བའི་ཕོ་བྲང་དང་། རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་དགོན། དཔལ་རི་དགོན་ཐུབ་བསྟན་བསམ་གྲུབ་ཆོས་འཁོར་གླིང་། བཀྲ་ཤིས་དར་རྒྱས་དགོན། སྟག་ཤམ་ཡིད་དམ་དགོངས་འདུས་ཨོ་རྒྱན་བསམ་གཏན་ཆོས་གླིང་དགོན། བྱང་རྟ་རྣ་ཐེག་མཆོག་ནོར་བུ་ཆོས་གླིང་དགོན། སེར་སྨད་ཟེ་ཕུག་དགོན། མཉེས་མགོ་བསླབ་གསུམ་རིན་ཆེན་གླིང་ས་སྐྱ་དགོན། འབྲི་གུང་བཀའ་བརྒྱུད་སེ་བ་ལུང་སྒྲུབ་སྡེ་དགོན། བླ་མ་མཁྱེན་ནོ་དགོན་བཅས་སུ་གནས་གཟིགས་དང་སྦྲགས། དགོན་སྡེ་ཁག་སོ་སོའི་མཁན་པོ་དང་བླ་སྤྲུལ་རྣམས་དང་ལྷན་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་གཞིའི་སྐོར་བཀའ་མོལ་གནང་ཡོད། དེ་བཞིན་དགོན་སྡེ་ཁག་ནས་ས་གནས་ཀྱི་གཞིས་མི་རྣམས་ལ་ནང་ཆོས་ངོ་སྤྲོད་དང་། ཞབས་རིམ་སྒྲུབ་རྒྱུས་མཚོན་ཆོས་ཕྱོགས་ཀྱི་མཐུན་འགྱུར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས། དཔལ་ལྡན་བཀའ་བློན་མཆོག་ནས་དཔལ་རི་དགོན་ཐུབ་བསྟན་བསམ་གྲུབ་ཆོས་འཁོར་གླིང་དགོན་པར་མཆོད་མཇལ་སྐབས་ཆུ་མཛོད་གསར་རྒྱག་གི་ལས་གཞི་འགྲོ་བཞིན་པ་དེར་གཟིགས་ཞིབ་གནང་བ་དང་སྦྲགས། ལས་གཞི་གྲུབ་རྗེས་ཆུ་མཛོད་གསར་རྒྱག་གི་ལོ་དུས་དང་། ཉམས་གསོ་ནམ་ཞུས། གཙང་བཟོའི་དུས་ཚེས་སོགས་གནས་ཚུལ་ཞིབ་ཕྲ་ཆུ་མཛོད་ཐོག་འགོད་དགོས་པ།...

དཔལ་ལྡན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་རྡོར་གླིང་ཁུལ་གྱི་དགོན་སྡེ་ཁག་ལ་འཚམས་གཟིགས་གནང་བ།

༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༢༣ ནས་ཟླ་ ༡༡ ཚེས་ ༧ བར་དཔལ་ལྡན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་དཔལ་ས་སྐྱ་ཐེག་ཆེན་ཕུན་ཚོགས་གླིང་གི་དབུ་འབྱེད་མཛད་སྒོ་དང་། ༸སྐྱབས་རྗེ་གོང་མ་ཡབ་སྲས་རྣམ་པར་བརྟན་བཞུགས་དང་། ༸སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲི་ཏ་བཛྲ་རིན་པོ་ཆེ་མཆོག་དཔལ་ས་སྐྱའི་༸གོང་མ་ཁྲི་རབས་ ༤༤ པའི་ཁྲི་འདོན་མཛད་སྒོ་བཅས་སུ་ཕེབས་ཞུགས་གནང་ཞོར་ཀ་རྡོར་སྒང་གསུམ་དུ་ཁྱབ་ཁོངས་དགོན་སྡེ་ཁག་གིས་གཙོས་སྡེ་ཚན་ཁག་ལ་འཚམས་མཇལ་དང་། མི་མང་ཐུག་འཕྲད་གནང་འགོ་བཙུགས་ཏེ་རྡོར་གླིང་ས་གནས་སུ་འཚམས་གཟིགས་ཉིན་གཉིས་པ་ལེགས་པར་གྲུབ་ཡོད། དེ་ཡང་ཕྱི་ཟླ་ ༡༡ ཚེས་ ༡ ཉིན་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ཐོག་མར་རྡོར་གླིང་ནས་སུ་ཁེ་ཀརྟིའི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་དགོན་པར་མཆོད་མཇལ་དང་། དེ་སྔོན་སྤོག་རེ་སྤོང་སཾ་བྷོ་ཊའི་སློབ་གྲྭ་སྒོ་བརྒྱབ་ཟིན་པ་དེར་གཟིགས་སྐོར་དུ་ཕེབས་རྗེས། མི་རིག་འབོ་དཀར་ངེས་དོན་ཆོས་འཁོར་གླིང་དགོན་པར་མཆོད་མཇལ་དུ་ཕེབས་ཡོད།དགོན་སྡེ་ཁག་ལ་མཆོད་མཇལ་དུ་ཕེབས་སྐབས་དགོན་པའི་ལས་སྣེ་རྣམ་པ་དང་ལྷན་དུ་བཀའ་བསྡུར་ལྷུག་པོ་གནང་ཡོད། དེ་ཡང་དགོན་སྡེ་ཁག་ནས་ཕྱི་དངུལ་ལེན་བེད་ཆོག་པའི་ཁྲིམས་སྒྲིག་དེབ་སྐྱེལ་ཞུས་ཡོད་ན་རྒྱ་གར་གཞུང་གིས་དེ་འབྲེལ་ཁྲིམས་སྒྲིག་དུས་ནས་དུས་སུ་བསྐྱར་བཅོས་གནང་མུས་ལ་ཐུགས་སྣང་གིས་ཁྲིམས་སྒྲིག་དགོངས་དོན་བཞིན་ཕྱག་བསྟར་གནང་དགོས་གལ་དང་། བལ་བོད་ས་མཚམས་སོགས་ཧི་མཱ་ལ་ཡའི་ས་ཁུལ་ཁག་ནས་དགེ་འདུན་གསར་ཞུགས་ཆེད་ཁྲིད་གནང་མཁན་ཡོད་ན་ས་གནས་གཞུང་དང་། ཕ་མ་ནས་གྲྭ་ཞུགས་གནང་རྒྱུའི་མོས་མཐུན་ཡོད་པའི་ངོས་སྦྱོར་དང་། ཕ་མ་དང་དགེ་འདུན་གསར་ཞུགས་རྣམ་པའི་ཞིབ་ཕྲའི་ཡིག་ཆ་རྣམས་ངེས་པར་དུ་དགོན་པར་ཉར་དགོས་པ་སོགས་ལམ་སྟོན་གནང་བ་དང་། ཆོས་རིག་ལས་ཁུངས་ཀྱི་ལས་གཞི་རྒྱ་ཆེ་བ་བོད་ཀྱི་གྲངས་འཛོན་དཔེ་མཛོད་དང་གནས་སྐོར་མཉེན་ཆས་གཉིས་པོ་ངོ་སྤྲོད་གནང་ཡོད། དེ་ནས་རྡོར་གླིང་བོད་མིའི་རང་འཚོ་བཟོ་གྲྭར་འཚམས་གཟིགས་སུ་ཕེབས་ཏེ་སྡེ་ཚན་རེ་རེར་གཟིགས་སྐོར་གནང་བ་བཅས་རྡོར་གླིང་ས་གནས་སུ་ཉིན་དང་པོའི་འཚམས་གཟིགས་མཛད་རིམ་ལེགས་པར་གྲུབ་རྗེས། རྡོར་གླིང་ས་གནས་ཀྱི་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་དགོང་ཚིགས་ལ་མགྲོན་འབོད་བཞིན་ཆེད་ཕེབས་ཀྱིས་གསུང་བཤད་གནང་དོན། ཁ་ཐོར་ས་གནས་དང་གཞིས་ཆགས་ཁག་གི་གནས་སྟངས་ཕྲན་བུའི་མི་འདྲ་བ་དང་། གཞིས་ཆགས་ཁག་གི་ནང་བརྒྱ་ཤོག་སོ་སོའི་ནང་བཅུ་དཔོན་དང་བརྒྱ་དཔོན་གྱི་རིམ་པ་ཡོད། དེ་བཞིན་ཚོགས་སྡེ་ཁག་གི་ལས་ཀྱི་སྣེ་མོ་བ་སོགས་ཡོད་དུས་འཛིན་སྐྱོང་གནང་བདེ་བ་དང་། ཁ་ཐོར་ས་གནས་སུ་དེ་ལྟ་བུའི་བརྒྱུད་རིམ་མེད་དུས་ས་གནས་ཚོགས་སྡེ་ཁག་ནས་ས་གནས་འགོ་འཛིན་ལ་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་གལ་ཆེ་ཆགས་ཀྱི་ཡོད་པ་བཞིན། རྡོར་གླིང་ས་གནས་ཀྱི་གཞུང་ཁོངས་མིན་པའི་སྡེ་ཚན་ཁག་ནས་ད་བར་ས་གནས་འགོ་འཛིན་ལ་ཕྱར་གྲུ་མཉམ་འདེགས་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སླད་ནས་ཀྱང་མུ་མཐུད་དེ་ས་གནས་འགོ་འཛིན་ལ་རྒྱབ་སྐྱོར་གནང་རོགས་ཞེས་འབོད་བསྐུལ་ཞུས་པ་དང་སྦྲགས་དགོང་ཚིགས་ལ་མགྲོན་འབོད་གནང་བར་ཚང་མར་ཐུགས་རྗེ་ཆེ་ཞུས་པ་བཅས།།

རྡོར་གདན་འདས་མཆོད་སྨོན་ལམ་ཆེན་མོ་སྐབས་༢༣པའི་གསལ་བསྒྲགས།

རྡོར་གདན་འདས་མཆོད་སྨོན་ལམ་ཆེན་མོ་སྐབས་༢༣ པ་ཕྱི་ལོ་༢༠༢༧ ཟླ་༡ ཚེས་༣ ནས་༥ བར་ཉིན་གསུམ་གྱི་རིང་། གནས་མཆོག་རྡོ་རྗེ་གདན་བྱང་ཆུབ་ཤིང་དྲུང་དུ་འཚོགས་གཏན་ཁེལ་འདུག The post རྡོར་གདན་འདས་མཆོད་སྨོན་ལམ་ཆེན་མོ་སྐབས་༢༣པའི་གསལ་བསྒྲགས། appeared first on བོད་ཀྱི་བང་ཆེན།.

འབྲུག་རྒྱལ་མཆོག་གིས་དགེ་ལེགས་ཕུག་ཏུ་བོད་ཀྱི་བླ་ཆེན་རྣམ་པར་དགའ་བསུ་ཞུས་པ།

འབྲུག་དགེ་ལེགས་ཕུག་དྲན་ཤེས་གྲོང་རྡལ་དུ་བྱང་ཆུབ་མཆོད་རྟེན་ ༡༠༨ ཉིན་གཅིག་ཏུ་བཞེངས་སྐྲུན་ལེགས་པར་གྲུབ་པ།

དཔལ་ལྡན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་རྡོར་གླིང་ས་གནས་སུ་འཚམས་གཟིགས་གནང་བཞིན་པ།

༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༢༣ ནས་ཟླ་ ༡༡ ཚེས་ ༧ བར་དཔལ་ལྡན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་དཔལ་ས་སྐྱ་ཐེག་ཆེན་ཕུན་ཚོགས་གླིང་གི་དབུ་འབྱེད་མཛད་སྒོ་དང་། ༸སྐྱབས་རྗེ་གོང་མ་ཡབ་སྲས་རྣམ་པར་བརྟན་བཞུགས་དང་། ༸སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲི་ཏ་བཛྲ་རིན་པོ་ཆེ་མཆོག་དཔལ་ས་སྐྱའི་༸གོང་མ་ཁྲི་རབས་ ༤༤ པའི་ཁྲི་འདོན་མཛད་སྒོ་བཅས་སུ་ཕེབས་ཞུགས་གནང་ཞོར་ཀ་རྡོར་སྒང་གསུམ་དུ་ཁྱབ་ཁོངས་དགོན་སྡེ་ཁག་གིས་གཙོས་སྡེ་ཚན་ཁག་ལ་འཚམས་མཇལ་དང་། མི་མང་ཐུག་འཕྲད་གནང་འགོ་བཙུགས་ཏེ་རྡོར་རྗེ་གླིང་ས་གནས་སུ་འཚམས་གཟིགས་ཉིན་དང་པོ་ལེགས་པར་གྲུབ་ཡོད།དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་ཤི་ལི་གུ་རི་ནས་རྡོར་གླིང་གི་ཕེབས་ལམ་དུ་ཐོག་མར་ཁར་ཤངས་ས་གནས་ཀྱི་ས་སྐྱ་ཀུན་དགའ་བཤད་སྒྲུབ་གླིང་དགོན་པར་མཆོད་མཇལ་དང་། ས་གནས་མི་མང་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་དོན། བཀའ་ཤག་སྐབས་ ༡༧ པའི་ལས་དོན་གནང་ཕྱོགས་གཙོ་བོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞིར་བཟུང་ཁྲིམས་དང་སྒྲིག་གཞི་གཙོ་བཟུང་གིས་འཛིན་སྐྱོང་ལས་དོན་རྣམས་གཉེར་རྒྱུ་དང་། གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་ལས་གཞི་སྤེལ་ཕྱོགས་ཐད་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ངོས་ནས་ཐེ་ཇུས་གནང་རྒྱུ་མིན་པ་དང་། ད་ལྟ་བོད་མིའི་སྒྲིག་འཛུགས་ནས་གློག་འཕྲུལ་ཡིག་ཚགས་སོགས་འཛིན་སྐྱོང་ལས་དོན་རྣམས་དེང་དུས་དང་མཐུན་པའི་འཕྲུལ་ཆས་བཀོལ་སྤྱོད་ཀྱིས་ལས་དོན་ཚགས་ཚུད་ངང་འགྲོ་བཞིན་པ་དང་། ཆོས་རིག་ལས་ཁུངས་ཀྱི་ལས་གཞི་གྲངས་འཛིན་དཔེ་མཛོད་དང་གནས་སྐོར་མཉེན་ཆས་ངོ་སྤྲོད་གནང་།དེ་བཞིན་བོད་ནང་རྒྱ་ནག་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་སོགས་པའི་སྒོ་ནས་བོད་མི་རིགས་རྩ་མེད་གཏོང་ཐབས་ལ་གཞི་ལུས་བོད་མི་རྣམས་ནས་བློ་སེམས་ཞུམ་པ་མེད་པའི་ཐོག་ནས་གང་ཐུབ་གདོང་ལེན་གནང་བཞིན་པར། བཙན་བྱོལ་དུ་གྱར་བའི་རང་དབང་ཅན་གྱི་རྒྱལ་ཁབ་ནང་གནས་བཞིན་པའི་རང་རིགས་ཁ་བ་གངས་ཅན་པ་རྣམས་ནས་བོད་ནང་གི་ཛ་དྲག་གནས་སྟངས་རྣམས་ཡིད་ལ་བཅངས་པའི་ཐོག་ནས་བོད་ཀྱི་རྩ་དོན་དང་འབྲེལ་བའི་གནས་ཚུལ་རྣམས་ལ་རྒྱུན་ལྡན་ཐུགས་སྣང་གིས་མི་རབས་གཞོན་པ་རྣམས་ལ་སློབ་གསོ་བསྐྱོན་རྒྱུ་གནང་གལ།བོད་ཀྱི་འཐབ་རྩོད་རྒྱུན་གནས་ཐུབ་པར་བོད་མི་རིགས་ཀྱི་ངོ་བོ་གསོན་པོར་གནས་དགོས་པ་ལྟར། ཕ་མ་རྣམས་ནས་བོད་མི་རིགས་ཀྱི་བླ་སྲོག་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ། དེ་བཞིན་ཡ་རབས་བཟང་སྤྱོད་རྣམས་སོ་སོའི་ཕྲུ་གུ་རྣམས་ལ་རྩིས་སྤྲོད་ཐུབ་པ་དགོས་རྒྱུ། ད་ལྟའི་ཆར་རྒྱ་ནག་གཞུང་གིས་དམ་བསྒྲགས་འོག་བོད་ནས་ཕེབས་མཁན་ཧ་ཅང་ཉུང་དུ་ཕྱིན་ཡོད་པ་དང་། དེ་བཞིན་བཙན་བྱོལ་ནང་གཞོན་སྐྱེས་མང་དག་ཅིག་ཕྱི་རྒྱལ་དུ་གནས་སྤོས་དང་། ཕྲུ་གུ་སྐྱེས་ཚད་ཉུང་དུ་འགྲོ་བཞིན་པར་བརྟེན་རྒྱ་བལ་འབྲུག་གསུམ་དུ་དགོན་སྡེ་དང་། སློབ་གྲྭ། དེ་བཞིན་གཞིས་ཆགས་ཁག་གི་ནང་བོད་མི་ཉུང་དུ་འགྲོ་བཞིན་པར་བརྟེན་ཁྱེད་རྣམས་ནས་ལོ་གཞོན་ཚོར་མི་འབོར་འཕེལ་ཐབས་གནང་རྒྱུ་གལ་ཆེ་ཡིན་པའི་སློབ་གསོ་བསྐྱོན་གལ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་།དེ་རྗེས་བསུ་ན་མདའ་སློབ་གྲྭ་དང་ས་གནས་མཉམ་འབྲེལ་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང་།...

དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྤྱིའི་ཚོགས་ཁང་ཆེན་མོའི་ནང་མི་མང་ཐུག་འཕྲད་ཀྱིས་གསུང་བཤད་གནང་བ།

༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༣༠ ཉིན་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྤྱིའི་ཚོགས་ཁང་ཆེན་མོའི་ནང་མི་མང་ཐུག་འཕྲད་ཀྱིས་གསུང་བཤད་གནང་བ།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་སྤྱི་ཁང་དུ་ཕེབས་སྐབས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་། ས་གནས་མཉམ་འབྲེལ་ཚོགས་གཙོ། ས་གནས་རང་བདེན་ཚོགས་ཆུང་གི་དྲུང་ཆེ་གཙོས་པས་མི་མང་ཡོངས་ནས་འཚམས་འདྲིའི་ཕེབས་བསུ་ཞུས་ཡོད། ཐོག་མར་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་གྲུབ་མཚམས་མཛད་སྒོ་དབུ་འཛུགས་ཞུས། སྐབས་དེར་ས་གནས་འགོ་འཛིན་རིན་ཆེན་དབང་མོ་ལགས་ཀྱིས་དཔལ་ལྡན་བཀའ་བློན་མཆོག་ས་གནས་སུ་ཕེབས་ཏེ་འདས་པའི་ཉིན་གྲངས་གསུམ་གྱི་མཛད་རིམ་ཁག་སྙན་སྒྲོན་ཞུས་པ་དང་ཆབས་ཅིག ས་གནས་ལས་ཁུངས་ཀྱི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་རྗེས་དཔལ་ལྡན་བཀའ་བློན་མཆོག་གི་ངོ་སྤྲོད་སྙིང་བསྡུས་ཤིག་མི་མང་རྣམས་ལ་སྒྲོགས་སྦྱང་ཞུས།དེ་རྗེས་དཔལ་ལྡན་བཀའ་བློན་མཆོག་ནས་སྐབས་ ༡༧ པའི་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་པ་དང་ཆབས་ཅིག་བཀའ་བློན་མཆོག་ནས་མ་འོངས་ལོ་ལྔའི་རིང་འཛིན་སྐྱོང་བཀའ་ཤག་གི་ཕྱག་ལས་གནང་ཕྱོགས་དང་། སྲིས་བྱུས་འཛིན་སྟངས། ལས་ཁུངས་ཁག་གི་ལས་དོན་གནང་ཕྱོགས། བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ་བོད་ཀྱི་སྐད་ཡིག་གཅེས་སྲུང་གི་སྲིད་བྱུས་གཏན་འབེབས་གནང་སྐོར། བཀའ་བློན་རྣམ་པ་བོད་མིའི་གཞིས་ཆགས་ཁག་སོ་སོར་ངོ་ཕེབས་ཀྱིས་ས་གནས་མི་མང་དང་ཐུག་འཕྲད་གནང་རྒྱུ་དང་། ལས་ཁུངས་སོ་སོའི་ཁྱབ་ཁོངས་སྡེ་ཚན་ཁག་གིས་གཙོས་བོད་མིའི་གཞིས་ཆགས་ཁག་གི་གནས་སྟངས་རྒྱུས་ལོན་དང་། དཀའ་ངལ། གྲུབ་འབྲས། མ་འོངས་གོམས་པ་གང་འདྲ་རྒྱག་དགོས་མིན་ཐོག་རྒྱུས་ལོན་གནང་རྒྱུ་འགོ་བཙུགས་ཡོད་སྐོར། རྒྱལ་བལ་འབྲུག་གསུམ་ནས་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་འདི་ཆོས་དང་རིག་གཞུང་གི་ལྟེ་གནས་གཙོ་བོ་ཞིག་ཆགས་ཡོད་སྟབས། འཚམས་གཟིགས་ཀྱི་ལས་རིམ་དེ་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ནས་འགོ་བཙུགས་ཞུས་པ་ཞིག་ཆགས་ཡོད་པ། འཕྲོད་བསྟེན་བཀའ་བློན་ཡིན་པའི་ཆ་ནས་ཁྱབ་ཁོངས་འཕྲོད་བསྟེན་སྨན་ཁང་། སྨན་རྩིས་ཁང་། དགོན་སྡེ་གྲྭ་ཚང་ཁག་གི་སྨན་ཁང་། དེ་བཞིན་ས་གནས་ཁག་ཏུ་བཅར་སྐབས་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་ཙམ་མིན་པར་ས་གནས་ཀྱི་སློབ་གྲྭ། དགོན་སྡེ། མཉམ་འབྲེལ་ལ་སོགས་པའི་གཞུང་དང་གཞུང་ཁོངས་མ་ཡིན་པ་ཚང་མར་ཐུགས་སྣང་དགོས་པ་དཔལ་ལྡན་སྲིད་སྐྱོང་མཆོག་ནས་བཀའ་མངགས་གནང་ཡོད་སྐོར།དེ་བཞིན་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ནས་ས་གནས་སུ་འཛུགས་སྐྲུན་ཧ་ཅང་ཕྱིན་ཡོད་པ་དང་ཆབས་ཅིག དེང་དུས་ཀྱི་དགོས་མཁོ་དང་མཐུན་པའི་ཐོག་ས་གནས་སུ་ཁོར་ཡུག་བདག་གཅེས་གནང་ཡོད་པ། ལྷག་པར་དགོན་སྡེ་གྲྭ་ཚང་ཁག་གི་སྨན་ཁང་དང་། སློབ་གྲྭའི་འཛིན་ཁང་། མི་མང་ཚོགས་ཁང་བཅས་ལ་བཅར་སྐབས་རྩིག་གྱང་ཐོག་བོད་ཡིག་ཐོག་བསླབ་བྱ་དང་ཤོ་ལོ་ཀ་མང་པོ་སྦྱར་ཡོད་པ་མཇལ་སྐབས་ས་གནས་འདིར་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་མི་ཉམས་རྒྱུན་འཛིན་གནང་རྒྱུར་ཤུགས་རྒྱག་བཞིན་ཡོད་པར་དགའ་པོ་བྱུང་ཡོད་སྐོར་གསུངས་པ་སྦྲགས།...

“༧གོང་ས་མཆོག་ནི་འཛམ་གླིང་ལ་ཤིན་ཏུ་རྩ་་ཆེན་རེད་”ཅེས་སཱ་ཡཱ་ནི་གྷུཔ་ཏ་ལགས་ཀྱིས་གསུངས།

"འཛམ་གླིང་ནང་འགྲོ་བ་མིའི་རིགས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ཤིན་ཏུ་དགོས་མཁོ་ཆེན་པོར་གྱུར་ཡོད།"

༧མི་དབང་འབྲུག་རྒྱལ་མཆོག་གིས་༧རྒྱལ་དབང་ཀརྨ་པ་མཆོག་དང་མཇལ་ཕྲད་གནང་འདུག

དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེས་དབུས་པའི་ཆོས་བརྒྱུད་རིས་མེད་ཀྱི་བསྟན་བདག་བླ་ཆེན་རྣམ་པ་འབྲུག་ཏུ་ཞབས་སོར་འཁོད་པ།

༸སྐྱབས་རྗེ་གོང་མ་ཡབ་སྲས་རྣམ་པར་བརྟན་བཞུགས་བསྟར་འབུལ་གི་མཛད་སྒོར་དཔལ་ལྡན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་ཕེབས་ཞུགས་གནང་བ།

༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༣༠ ཉིན་དཔལ་ལྡན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་༸སྐྱབས་རྗེ་གོང་མ་ཡབ་སྲས་རྣམ་པར་བརྟན་བཞུགས་བསྟར་འབུལ་ལ་ཕེབས་ཞུགས་གནང་བ་དང་། འཕགས་ཡུལ་ཨེ་ཝམ་གནུབས་ཆེན་གནམ་ལྕགས་དགོན་དུ་འཚམས་གཟིགས་སུ་ཕེབས་ཡོད། དེ་ཡང་གོང་ཆེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་༸སྐྱབས་རྗེ་གོང་མ་ཡབ་སྲས་རྣམ་པར་བརྟན་བཞུགས་དངོས་གཞི་འགོ་བཙུགས་གནང་བ་བཞིན། ༸སྐྱབས་རྗེ་གོང་མ་ཡབ་སྲས་རྣམ་པ་བཞུགས་ཁྲིར་འཁོད་མཚམས་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། ༸སྐྱབས་རྗེ་འཁོན་གདུང་ཨ་བི་ཀྲི་ཏ་བཛྲ་རིན་པོ་ཆེ་མཆོག་ནས་ཕུན་ཚོགས་ལྔ་ལྡན་དང་མཎྜལ་ལྗགས་བཤད་གནང་།དེ་རྗེས་༸སྐྱབས་རྗེ་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་གིས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྟེན་འདེགས་འབུལ་ཞུས། དེ་ནས་ཕུན་ཚོགས་ཕོ་བྲང་དང་དད་ལྡན་མི་མང་རྣམས་ནས་བརྟན་བཞུགས་འབུལ་མཚོན་འདེགས་འབུལ་ཞུས་རྗེས། དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ནས་༸སྐྱབས་རྗེ་གོང་མ་ཡབ་སྲས་གསུམ་ལ་མཎྜལ་མཚོན་བྱེད་ཤོག་ཆག་རེ་དང་སྙན་དར་ནང་མཛོད་བཅས་ཕུལ་ཡོད། ༸སྐྱབས་རྗེ་འཁོན་གདུང་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག་ནས་ཞལ་བཞེས་གསོལ་འདེབས་ཞུས་ཏེ་ཞལ་བཞེས་གཏང་རག་མཎྜལ་འདེགས་འབུལ་ཞུས། དེ་ནས་༸འཁོན་གདུང་མཉྫུ་བཛྲ་རིན་པོ་ཆེ་མཆོག་དང་། ༸འཁོན་གདུང་ཨནནྡ་བཛྲ་རིན་པོ་ཆེ་མཆོག ༸འཁོན་གདུང་མ་ཏི་བཛྲ་རིན་པོ་ཆེ་མཆོག ༸འཁོན་གདུང་ཛ་ཡ་བཛྲ་རིན་པོ་ཆེ་མཆོག ༸འཁོན་གདུང་ས་དྷུ་བཛྲ་རིན་པོ་ཆེ་མཆོག་བཅས་ནས་རྒྱལ་སྲིད་སྣ་བདུན་འདེགས་འབུལ་ཞུས།དེ་ནས་༸སྐྱབས་མཆོག་འཁོན་གདུང་ཨ་བི་ཀྲི་ཏ་བཛྲ་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག ༸སྐྱབས་རྗེ་འཁོན་གདུང་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག་བཅས་ནས་བཀྲ་ཤིས་རྫས་བརྒྱད་འདེགས་འབུལ་ཞུས་ཏེ་བརྟན་བཞུགས་ལེགས་པར་གྲུབ། དེ་ནས་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ཕེབས་ཐོན་གྱིས་ས་ལུ་སྒ་རའི་ཉེ་འགྲམ་དུ་ཡོད་པའི་འཕགས་ཡུལ་ཨེ་ཝམ་གནུབས་ཆེན་གནམ་ལྕགས་དགོན་དུ་མཆོད་མཇལ་དུ་ཕེབས་པ་དང་། དགོན་པའི་ལས་སྣེ་ལྷན་རྒྱས་ལྷན་ལ་ཕྱི་དངུལ་ལེན་བདེ་ཆོག་པའི་ཁྲིམས་སྒྲིག་དང་། དཔལ་ས་སྐྱ་ཐེག་ཆེན་ཕུན་ཚོགས་གླིང་དང་། ༸སྐྱབས་རྗེ་གོང་མ་ཡབ་སྲས་རྣམ་པར་བརྟན་བཞུགས་དང་། དཔལ་ས་སྐྱ་༸གོང་མ་ཁྲི་རབས་ཞེ་བཞི་པའི་ཁྲི་འདོན་མཛད་སྒོར་ཕེབས་ཞོར་ཀ་རྡོར་སྒང་གསུམ་གྱི་དགོན་སྡེ་གྲྭ་ཚང་དང་བཙུན་དགོན་ཁག དེ་བཞིན་ས་གནས་འགོ་འཛིན་སོ་སོའི་ཁྱབ་ཁོངས་སྡེ་ཚན་ཁག་ལ་འཚམས་གཟིགས་དང་མི་མང་ཐུགས་འཕྲད་བཅས་སུ་ཕེབས་སྐོར། དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་ད་ལྟ་འགྲོ་བཞིན་པའི་ལས་གཞི་བོད་ཀྱི་གྲངས་འཛིན་དཔེ་མཛོད་དང་། གནས་སྐོར་མཉེན་ཆས་གཉིས་པོ་ངོ་སྤྲོད་གནང་ཡོད།།

དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༡ ནས་ཕྱི་ཟླ་ ༡༢ ཚེས་ ༢༠ བར་རྒྱ་གར་རྒྱལ་ས་ལྡི་ལི་དང༌། ནི་དར་ལེནྜ། ཨ་རི། ཁེ་ན་ཌ། སྦེལ་ཀོབ་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་བཅས།།

དཔལ་༧རྒྱལ་དབང་ཀརྨ་པ་མཆོག་འབྲུག་ཡུལ་དུ་ཞབས་སོར་འཁོད་པ།

འབྲུག་ཡུལ་ནང་ཞབས་སོར་འཁོད་བསྟུན་མཛད་རིམ་གྱི་ཉིན་དང་པོར་སྲིད་བློན་ཚེ་རིང་སྟོབས་རྒྱལ་མཆོག་དང་ལྷན་མཇལ་འཕྲད་གནང་འདུག