Tibetan
གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། དྲིན་ལན་གསོ་སྟངས་ཁོང་ནས་སྦྱོངས་ཨང་།
དེ་རིང་ནི་བོད་ཀྱི་དགེ་རྒན་ཉིན་མོ་རེད། དེ་ནི་སྐུ་ཚེ་ཧྲིལ་པོ་ཤེས་ཡོན་ཐོག་འགྲན་ཟླ་བྲལ་བའི་ཞབས་ཞུ་སྒྲུབ་གནང་མཁན་མི་སྣ་གཅིག་གི་འཁྲུངས་ཚེས་རེད། ཁོང་ནི་༸སྐྱབས་རྗེ་སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་རེད། ཁོང་གིས་རྩ་བའི་བླ་མར་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་མིག་དཔེ་བཟང་པོ་བཏོན་གནང་བ་ནི། འོན་པས་གོ་ཐུབ་པ་དང་ལོང་བས་མཐོང་ཐུབ་པའི་གནས་སྟངས་ཤིག་ཡིན་ཞིང་། ཁོང་གིས་སྐུ་ཚེ་ཧྲིལ་པོ་རྩ་བའི་བླ་མར་ཞབས་སྤྱི་ཧུར་ཐག་ཞུས་དང་ཞུ་མུས་ཡིན་པ་ཟུར་བལྟས་ལེབ་མཐོང་ཡིན་པ་སྨོས་མེད་རེད། ཁོང་ད་ལྟ་དགུང་ལོ་ ༨༧ ལ་ཕེབས་ཡོད་ཀྱང་༸གོང་ས་མཆོག་གི་ཉེ་འཁོར་དུ་བཞུགས་ནས་ཉིན་མཚན་དུས་དྲུག་བླ་མའི་བཀའ་དགོངས་སྒྲུབ་བཞིན་ཡོད། ཁོང་ལས་ལྷག་པའི་རང་ཉིད་ཀྱི་རྩ་བའི་བླ་མར་དོན་སྤྱོད་པ་དང་དོན་མཐུན་པ་གསུངས་པ་བཞིན་བཀའ་དྲིན་གསོ་སྟངས་ད་ལྟའི་དུས་སུ་མཐོང་དཀའ་བ་ཡིན་པས། ཨ་མའི་གཅེས་ཕྲུག་གསུམ་གྱིས་ཁོང་གི་སྐུ་ཚེའི་ལོ་རྒྱུས་ཤེས་པར་བྱས་ནས་སོ་སོའི་རྩ་བའི་བླ་མའི་དྲིན་ལན་འཇལ་ཐུབ་པ་དགོས། དེ་ལྟར་བྱུང་ཚེ། ཚེ་འདིར་མི་ལ་སྐྱེས་པ་དང་། དེའི་ནང་ཚན་ནས་ནང་པ་གཅིག་དང་བོད་མི་ཞིག་ལ་སྐྱེས་པས་གོ་ཆོད་པ་རེད། The post གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། དྲིན་ལན་གསོ་སྟངས་ཁོང་ནས་སྦྱོངས་ཨང་། appeared first on བོད་ཀྱི་དུས་བབ།.
དཔལ་ལྡན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གི་ཀ་སྦུག་ས་གནས་སུ་འཚམས་གཟིགས་གནང་བ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༢ ཉིན་དཔལ་ལྡན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་རྡོར་གླིང་ནས་ཀ་སྦུག་ཕྱོགས་ཐོན་གྱིས་ཀ་སྦུག་ཏུ་རྟེན་གཞི་བྱས་པའི་དགའ་ལྡན་ཐར་པ་ཆོས་གླིང་དགོན་པར་བཞུགས་བཞག་གནང་བ་དང་། ཕྱི་ཚེས་ ༣ ཉིན་ཐོག་མར་དགའ་ལྡན་ཐར་པ་ཆོས་གླིང་དགོན་པའི་འགྲེམས་སྟོན་ཁང་དང་དཔེ་མཛོད་ཁང་དུ་གཟིགས་སྐོར་ཕེབས་རྗེས་དགོན་པའི་འདུ་ཁང་ནང་མཆོད་མཇལ་དུ་ཕེབས་ཡོད། དེ་ནས་ཀ་སྦུག་སཾ་བྷོ་ཊ་སློབ་གྲྭར་འཚམས་གཟིགས་སུ་ཕེབས་ཤིང་། སློབ་གྲྭའི་ཞོགས་ཚོགས་ཀྱི་ལས་རིམ་དང་སློབ་ཕྲུག་ཁག་གཅིག་གིས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས། དེ་ནས་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ནས་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་དོན། བོད་ནང་རྒྱ་ནག་གཞུང་གིས་བཙན་དབང་འོག་བོད་པའི་ཕྲུ་གུ་རྣམས་རྒྱ་ནག་གི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭར་བཙན་ཁྲིད་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཀྱི་ཁྲིམས་ཡིག་ལག་བསྟར་གྱིས་བོད་ཀྱི་རིག་གཞུང་བཙན་སྒྱུར་གཏོང་བཞིན་པར། བཙན་བྱོལ་རང་དབང་ལུང་པའི་ནང་གནས་བཞིན་པའི་བོད་མི་ཡོངས་ཀྱིས་སོ་སོའི་མི་རིགས་རྩ་བ་སྐད་དང་ཡི་གེ་གཉིས་པོར་གཅེས་སྲུང་གནང་དགོས་པ་དང་། དགེ་རྒན་རྣམས་ནས་སློབ་ཁྲིད་གནང་སྐབས་བོད་སྐད་གཙང་མ་སྐྱོན་གལ་དང་། དགེ་རྒན་རྣམས་ནས་སོ་སོའི་སྒོ་གསུམ་གྱི་ཀུན་སྤྱོད་སློབ་ཕྲུག་རྣམས་ལ་མིག་དཔེ་འོས་པ་ཞིག་གནང་རྒྱུ་གལ་ཆེན་པོ་ཡིན། དེ་བཞིན་སློབ་གྲྭའི་ནང་དུ་བོད་ཡིག་གཅེས་སྲུང་དང་འབྲེལ་བའི་ལས་གཞི་གང་མང་སྤེལ་ཐབས་ཡོང་བའི་འབོད་སྐུལ་ཞུས་ཡོད།དེ་ནས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་དོན། སློབ་ཕྲུག་རྣམས་ནས་སློབ་གྲྭར་ཡོང་དགོས་པའི་དགོས་པ་དང་དམིགས་ཡུལ་ཤེས་པའི་ཐོག་ནས་དགེ་རྒན་ལས་བྱེད་རྣམ་པའི་ཞལ་ལ་ཉན་པོ་ཞུ་དགོས་པའི་་ཐོག་ནས་རང་དགོས་སློབ་སྦྱོང་ལ་ཧུར་བརྩོན་དགོས་པ་དང་། སློབ་གྲྭའི་སྒྲིག་གཞིར་བརྩི་སྲུང་། དེ་བཞིན་སོ་སོ་འདོད་མོས་ཡོད་པའི་སློབ་ཚན་ཁག་ལ་ད་ལྟ་ནས་ཤུགས་བསྐྱོན་ཏེ་མ་འོངས་པར་སློབ་ཚན་དེ་གའི་ཐོག་རིག་གཅིག་རྐང་འཛིན་དང་འབུམ་རམས་པ་ཐོན་ཐུབ་པའི་གྲ་སྒྲིག་གནང་དགོས་པ། སློབ་སྦྱོང་ཡག་པོ་བྱེད་པར་འཕྲོད་བསྟེན་ལ་ངེས་པར་དུ་དོ་སྣང་དགོས་པ། ལྷག་པར་བཟས་བཅུད་བསྟེན་ཚུལ་ལ་དམིགས་བསལ་གྱིས་ཐུགས་སྣང་གནང་བའི་ཐོག་ནས་འཕྲོད་བསྟེན་ལ་བདག་གཅེས་གནང་གལ་སྐོར་ལ་ལམ་སྟོན་གནང་གྲུབ་མཚམས་སློབ་གྲྭའི་སྡེ་ཚན་སོ་སོ་དང་། འཛིན་ཁང་། དེ་བཞིན་ཉལ་ཁང་སོགས་སུ་གཟིགས་སྐོར་དུ་ཕེབས་རྗེས་བརྩེ་ཆེན་འཕྲིན་ལས་དར་རྒྱས་གླིང་དགོན་པ་དང་། དཔལ་ལྡན་སྲད་རྒྱུད་གྲྭ་ཚང་། ཟེ་དཀར་ཆོས་སྡེ་སྐྱིད་ཚལ་གླིང་བཅས་ལ་མཆོད་མཇལ་ཕེབས་ཏེ། དགོན་པའི་ལས་སྣེ་རྣམས་ལ་ད་རེས་ས་གནས་སུ་ཕེབས་དགོས་དོན་དང་། ཕྱི་དངུལ་ལེན་བེད་ཆོག་པའི་ཁྲིམས་སྒྲིག་བསྐྱར་བཅོས་ཁག་ལ་དུས་ཐོག་ཐུགས་སྣང་གནང་གལ། ཕྱོགས་མཐའ་ཁག་ནས་དགེ་འདུན་གསར་ཞུགས་བསྡུ་བསྐོང་གནང་སྐབས་ཕ་མའི་མོས་མཐུན་ཡོད་པའི་ཡི་གེ་དང་། ས་གནས་སོ་སོའི་གཞུང་གི་ལས་ཁུངས་ནས་རྒྱབ་གཉེར་སོགས་ཡིག་ཆ་ཡག་པོ་ཉར་ཚགས་གནང་གལ། དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་ལས་གཞི་བོད་ཀྱི་གྲངས་འཛིན་དཔེ་མཛོད་དང་། གནས་སྐོར་མཉེན་ཆས་གཉིས་པོ་ངོ་སྤྲོད་གནང་བ་སོགས་བཀའ་བསྡུར་ལྷུག་པོ་གནང་།དེ་ནས་ས་གནས་ཀྱི་ཚོགས་སྡེ་ཁག་ཐུན་མོང་ནས་ཉིན་གུང་གསོལ་ཚིགས་ལ་མགྲོན་འབོད་བཞིན་ཆེད་ཕེབས་གནང་། གསོལ་ཚོགས་གྲུབ་རྗེས་ས་གནས་མ་ཎི་ལྷ་ཁང་ནང་མི་མང་ཐུག་འཕྲད་ཀྱིས་གསུང་བཤད་གནང་དོན། ཆོས་རིག་བཀའ་བློན་མཆོག་ཇཡ་གཱཾཝ་ལ་ས་སྐྱ་ཕུན་ཚོགས་ཕོ་བྲང་ནས་དཔལ་ས་སྐྱ་༸སྐྱབས་རྗེ་གོང་མ་ཡབ་སྲས་གསུམ་ལ་བརྟན་བཞུགས་བསྟར་འབུལ་བཅར་རྗེས་རྡོར་གླིང་དང་ཀ་སྦུག་ས་གནས་བཅས་སུ་ཆོས་རིག་ཁྱབ་ཁོངས་དགོན་སྡེ་ཁག་ལ་མཆོད་མཇལ་དང་སྦྲགས། ས་གནས་ཀྱི་སྡེ་ཚན་ཁག་ལ་འཚམས་གཟིགས་དང་མི་མང་ཐུག་འཕྲད་ཆེད་ཕེབས་སྐོར་ངོ་སྤྲོད་གནང་།...
བོད་ཀྱི་དགེ་རྒན་ཉིན་མོར་ཤེས་རིག་བཀའ་བློན་གྱི་གསུང་འཕྲིན།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད། འདི་ཕྱི་གཉིས་ཀྱི་སྐྱབས་གནས། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་སྒོ་ནས། བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པའི་གྲོས་ཆོད་དགོངས་དོན། ལོ་རེའི་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་སློབ་དཔོན་ཆེན་མོ་མཁས་དབང་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གི་འཁྲུངས་སྐར་གྱི་དུས་སྟོན་དེ་བཞིན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་བོད་ཀྱི་དགེ་རྒན་ཉིན་མོ་ཞེས་རྒྱ་ཁྱབ་ཏུ་སྲུང་བརྩི་ཞུ་བཞིན་ཡོད་པས། ངས་ཐོག་མར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་དགེ་ལས་སློབ་ཕྲུག་ཡོངས་ལ་འཚམས་འདྲི་དང་སྦྲགས་དུས་སྟོན་སྤྲོ་བོ་ཡོང་བའི་སྨོན་འདུན་ཞུ། སློབ་དཔོན་ཆེན་མོ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དགོངས་དོན་བཞིན། བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པ་ཆགས་འཇིག་ཛ་དྲག་གཉན་འཕྲང་གི་དུས་སྐབས་འདིར་བོད་མི་སྤྱིའི་འཕྲལ་ཕུགས་རྒྱང་གསུམ་གྱི་ཕན་བདེའི་སླད་དུ་ཤེས་ཡོན་དང་། ཆབ་སྲིད། སྤྱི་ཚོགས་བདེ་དོན་སོགས་ཀྱི་མཛད་ཁུར་ཆེ་བཞེས་དང༌། རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་འཆད་ཉན་གྱི་རྒྱུན་འཛིན་གནང་མཁན་གདན་ས་དང་དགོན་སྡེ་གྲྭ་ཚང་ཁག་ཏུ་གསུང་ཆོས་བཀའ་འཁྲིད་སོགས་ཆོས་ཕྱོགས་ཀྱི་མཛད་འཕྲིན་རླབས་པོ་ཆེ་བསྐྱངས་དང་སྐྱོང་བཞིན་པར་བཀའ་དྲིན་རྗེས་སུ་དྲན་དགོས་པ་དང༌། ལྷག་པར་དུ་རིན་པོ་ཆེ་མཆོག་གིས་བོད་ཀྱི་གཞི་རྩའི་དགོས་མཁོ་དང་འཚམས་པའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་བཟོ་འགོད་དང་། གཏན་འབེབས་བྱུང་བ་བཙན་བྱོལ་བོད་མིའི་སློབ་ཁག་ནང་ལག་བསྟར་བགྱིས་ཏེ་ཕྲུ་གུའི་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ཐོག་ཡར་རྒྱས་ཀྱི་རྣམ་པ་གསལ་ཐོན་ཐུབ་པ་བྱུང་ཡོད། མདོར་ན་༸སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་གཞི་རིམ་སློབ་གྲྭ་ཁག་གི་བོད་དགེ་དང་། ཆོས་དགེ། སློབ་སྤྱི། དེ་བཞིན་མཐོ་སློབ་ཀྱི་སློབ་སྤྱི་དང༌། ངེས་སྟོན་པ་བཅས་ལོ་ངོ་ ༤༠ ལྷག་གི་རིང་ཤེས་ཡོན་ཐོག་མཛད་ཁུར་བཞེས་ཏེ་འབྱུང་འགྱུར་མི་རབས་རྣམས་རྣམ་དཔྱོད་དང༌། བཟང་སྤྱོད་གཉིས་ལྡན། འཕྲལ་ཕུགས་གཉིས་ཀར་ཕན་རླབས་ཆེ་བའི་ལམ་ཕྱོགས་སུ་བཀྲི་གནང་མཛད་པ་སོགས་བོད་ཀྱི་ཤེས་ཡོན་ལས་དོན་ཐོག་རླབས་ཆེན་གྱི་ཕྱག་རྗེས་འཇོག་གནང་མཛད་ཡོད་པར་བརྟེན། ཤེས་འཇོན་ལྷག་བསམ་ལྡན་པའི་དགེ་ལས་ཡོངས་ནས་ཀྱང་སྔར་ལྷག་ངལ་བ་ཁྱད་བསད་ཀྱིས་ཡ་རབས་བཟང་སྤྱོད་ལྡན་ཞིང༌། ཕྱི་ནང་ཤེས་ཡོན་གྱིས་ཕྱུག་པའི་བོད་མིའི་སྣེ་ཁྲིད་མི་སྣ་གང་མང་སྐྱེད་སྲིང་ཡོང་བའི་གཞེན་སྐུལ་ཞུ་རྒྱུ་ཡིན། མཐའ་དོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་དབུས་པའི་རིས་མེད་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་ཞབས་པད་རྡོ་རྗེའི་རང་བཞིན་བསྐལ་བརྒྱར་བརྟན་ཅིང༌། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་གྲུབ་པ་དང༌། གསང་གསུམ་གྱི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་ཤུགས་དྲག་དང་བཅས། ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་གྱིས། ཕྱི་ལོ་ ༢༠༢༦ ཟླ་ ༡༡ ...
ཨ་རིའི་གྲོས་ཚོགས་ཀྱི་འགྱུར་བ་དང་བོད་ཀྱི་གནད་དོན།
༢༠༢༦ ལོའི་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་དང་མངའ་སྡེའི་སྤྱི་ཁྱབ་ཁག་ཅིག་གི་འོས་བསྡུ་དང་བོད་དོན་ལ་དོ་སྣང་།
ཕྱི་ཕྱོགས་ནས་བོད་མི་བོད་ནང་བསྐྱོད་ཕྱོགས་དང་རྒྱ་ནག་གི་སྲིད་བྱུས།
བོད་ནང་བསྐྱོད་པར་སྔོན་འགྲོའི་ཆ་རྐྱེན་ལ་ཁས་ལེན་དགོས་པ་དང་ཡང་ན་འགོག་རྐྱེན་འཕྲད་བཞིན་ཡོད་པ།
དཔལ་ལྡན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གི་རྡོར་གླིང་ས་གནས་སུ་འཚམས་གཟིགས་ལེགས་པར་གྲུབ་པ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༢ ཉིན་དཔལ་ལྡན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་ཕུནཚོགས་པདྨ་ཆོས་འཁོར་གླིང་དང་། ཨོ་རྒྱན་ཀུན་བཟང་ཆོས་འཁོར་གླིང་། འཛི་སྒར་ཐུབ་བསྟན་བཤད་སྒྲུབ་གླིང་བཅས་སུ་མཆོད་མཇལ་ཕེབས་ཤིང་། དགོན་པའི་ལས་སྣེ་ལྷན་རྒྱས་ལྷན་བཀའ་བསྡུར་ལྷུག་པོ་གནང་ཡོད། དེ་ཡང་དགོན་པར་ཕྱི་དངུལ་ལེན་བེད་ཆོག་པའི་ཁྲིམས་སྒྲིག་དེབ་སྐྱེལ་ཞུས་ཡོད་ན་དེང་དུས་དེ་འབྲེལ་ཁྲིམས་སྒྲིག་འགྱུར་བ་ཡང་ཡང་འགྲོ་བཞིན་པར་ཐུགས་སྣང་གིས་ཁྲིམས་སྒྲིག་དགོངས་དོན་ཕྱག་ལས་གནང་དགོས་གལ་དང་། དེ་བཞིན་དགོན་པའི་ངོས་ནས་བལ་བོད་ས་མཚམས་སོགས་ཧི་མཱ་ལ་ཡའི་རི་རྒྱུད་ཁག་ནས་ཕྲུ་གུ་དགེ་འདུན་གསར་ཞུགས་ཆེད་ཁྲིད་གནང་མཁན་ཡོད་ཚེ་དེ་འབྲེལ་ཁྲིམས་མཐུན་ཡིག་ཆ་ཁག་ངེས་པར་དུ་མཁོ་སྒྲུབ་ཞུ་དགོས་སྐོར། དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་ལས་གཞི་རྒྱ་ཆེ་བ་བོད་ཀྱི་གྲངས་འཛིན་དཔེ་མཛོད་དང་གནས་སྐོར་མཉེན་ཆས་གཉིས་པོ་ངོ་སྤྲོད་གནང་ཡོད།དེ་རྗེས་རྡོར་གླིང་སཾ་བྷོ་ཊའི་སློབ་གྲྭར་འཚམས་གཟིགས་སུ་ཕེབས་ཤིང་སློབ་གྲྭའི་ཚོགས་ཁང་ནང་མི་མང་དང་། སློབ་ཕྲུག་དགེ་ལས་རྣམས་ཐུག་འཕྲད་ཀྱིས་གསུང་བཤད་གནང་དོན། ཐོག་མར་བཀའ་ཤག་སྐབས་ ༡༧ པའི་བཀའ་བློན་རྣམ་པའི་གྲུབ་ཆ་ངོ་སྤྲོད་གནང་བ་དང་། ད་ལྟའི་བཀའ་ཤག་གི་ཕྱག་ལས་གནང་ཕྱོགས་ངོ་སྤྲོད་གནང་ཡོད། བཀའ་ཤག་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་གཞིར་བཟུང་འཛིན་སྐྱོང་ལས་དོན་གཉེར་རྒྱུ་དང་། དེ་བཞིན་འཛིན་སྐྱོང་ལས་དོན་ཞུ་སྒོ་ཁག་ཁྲིམས་དང་སྒྲིག་གཞི་གཙོ་བཟུང་གིས་ཕྱག་ལས་གནང་རྒྱུ། བོད་ནང་གཞི་ལུས་བོད་རིགས་སྤུན་ཟླ་རྣམས་ཀྱིས་བཙན་བྱོལ་བོད་མི་རྣམས་ལ་ཇི་ལྟར་ཐུགས་རེ་དང་ཡིད་ཆེད་གནང་བ་བཞིན་ཐུགས་ཕམ་གྱི་གཞིར་མི་འགྲོ་བ་གཙོ་འདོན་གནང་རྒྱུ། བཀའ་ཤག་ངོས་ནས་དགོངས་པ་བཞེད་ཕྱོགས་ཡང་གཙོ་བོར་སྤྱི་སྙོམས་དྲང་བདེན་དང་། ནུས་པ་མཉམ་སྤུངས། གོམ་པ་མདུན་སྤོ་བཅས་བསྒྲགས་ཚིག་གསུམ་པོ་འདི་བཞིན་ཕྱག་ལས་གནང་རྒྱུ་གསུངས།དེ་ནས་ཆོས་རིག་ལས་ཁུངས་ཀྱི་འགྲོ་བཞིན་པའི་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་དང་། གནས་སྐོར་མཉེན་ཆས་གཉིས་པོ་ངོ་སྤྲོད་གནང་། བོད་ནང་རྒྱ་དམར་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་གཏན་འབེབས་སྒོ་ནས་གཞིས་ལུས་བོད་མི་རྣམས་སོ་སོའི་ཕ་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་རྒྱུའི་རང་དབང་འཕྲོག་སྟེ་དམ་བསྒྲགས་ཤུགས་ཆེར་བྱེད་བཞིན་པར་བོད་རིགས་སྤུན་ཟླ་རྣམས་ཀྱིས་རང་སྲོག་འབེན་ལ་བཙུགས་ཏེ་རྒྱ་ནག་གི་དྲག་གནོན་ལ་གདོང་ལེན་གནང་མུས་ལ། བཙན་བྱོལ་རང་དབང་ལུང་པའི་ནང་གནས་བཞིན་པའི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་དེ་ལྟ་བུའི་རང་དབང་གི་གོ་སྐབས་བཟུང་ནས་སོ་སོའི་ཁྱིམ་ཚང་ནང་བོད་སྐད་བསྐྱོན་ཐབས་གནང་རྒྱུ་ནི་བོད་མི་རིགས་ལ་འཁྲི་པའི་ལས་འགན་ཞིག་ཆགས་ཡོད་པ་དང་། དེའི་ཐོག་ནས་སོ་སོའི་རིག་གཞུང་བཟང་པོ་རྣམས་མི་རབས་ནས་མི་རབས་བརྒྱུད་རྩིས་སྤྲོད་ཀྱིས་བོད་མི་རིགས་ཀྱི་སྲོག་རྩ་སྐད་དང་ཡི་གེ་གཉིས་པོ་བདག་གཉེར་གནང་གལ། བཙན་བྱོལ་ནང་བོད་མིའི་མི་འབོར་འཕེལ་རྒྱས་ཐོག་དགོངས་པ་བཞེད་རྒྱུ་དུས་ལ་བབ་ཡོད་སྐོར་དང་། བཙན་བྱོལ་ནང་བོད་མིའི་ཕྲུ་གུ་སྐྱེ་ཚད་ཉུང་དུ་ཕྱིན་པའི་རྐྱེན་གྱིས་སློག་གྲྭ་ཁག་སྒོ་རྒྱག་དགོས་པའི་གནས་སྟངས་དང་། དགོན་སྡེ་ཁག་གི་གྲྭ་རྒྱུན་ཆད་ཉེན་གྱི་དཀའ་ངལ་ཡོད་པ། དེ་བཞིན་བོད་མིའི་དང་ཞབས་དམག་སྒར་ནང་དམག་ཞུགས་གནང་མཁན་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་འཕྲད་བཞིན་ཡོད་པས། ཕ་མ་དང་མི་རབས་རྒན་པ་རྣམ་པས་མི་རབས་གཞོན་པ་རྣམས་ལ་དུས་ཐོག་གཉེན་སྒྲིག་གནང་སྟེ་ཕྲུ་གུ་སྐྱེ་ཐབས་བྱ་རྒྱུ་གལ་ཆེན་པོ་ཡིན་པའི་སློབ་གསོ་བསྐྱོན་དགོས་པ་གསུངས།དེ་ནས་སློབ་ཕྲུག་རྣམས་ལ་འཕྲོད་བསྟེན་ལ་ཐུགས་སྣང་གནང་དགོས་པ་དང་། སློབ་གྲྭའི་སྒྲིག་གཞི་ཁག་ལ་བརྩི་སྲུང་གནང་དགོས་སྐོར། དེ་བཞིན་རང་དགོས་སློབ་སྦྱོང་ཧུར་བརྩོན་གནང་དགོས་པའི་གསུང་བཤད་གནང་། མི་མང་རྣམས་ལ་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ནོར་རིག་གཞུང་དང་གོམས་གཤིས་བཟང་པོ་བྱམས་དང་སྙིང་རྗེ་ལྡན་པའི་མི་རིགས་ཀྱི་བསམ་པ་བཟང་པོ་དེར་འཛམ་གླིང་ཀུན་གྱིས་ཡིད་སྨོན་དང་དགའ་མོས་གནང་བཞིན་པར། ང་ཚོས་དེའི་རིན་ཐང་ཤེས་པའི་ཐོག་ནས་མི་རབས་ནས་མི་རབས་བརྩི་སྤྲོད་གནང་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་ཏེ་མི་མང་གི་དྲི་བ་ཁག་ལ་ལན་འདེབས་གནང་སྟེ་མི་མང་ཐུག་འཕྲད་ཀྱི་ལས་རིམ་ལེགས་པར་གྲུབ།...
ཨ་རིའི་བར་མའི་འོས་བསྡུའི་ཁྲོད་གྲོས་ཚོགས་གོང་འོག་གཉིས་ཀར་དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ།
ཨ་རིའི་གཞུང་འཛིན་ཚོགས་པའི་ལོ་དུས་ནི་ལོ་བཞི་ཡིན་པ་དང་། ལོ་གཉིས་རེའི་མཚམས་སུ་བར་མའི་འོས་བསྡུ་བྱེད་སྲོལ་ཡོད་པ་ལྟར། ཨ་རི་ནང་ཕྱི་ཚེས་༣ ཉིན་བར་མའི་འོས་བསྡུ་བྱས་པའི་ཁྲོད། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀར་དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ་ཡོད་འདུག The post ཨ་རིའི་བར་མའི་འོས་བསྡུའི་ཁྲོད་གྲོས་ཚོགས་གོང་འོག་གཉིས་ཀར་དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ། appeared first on བོད་ཀྱི་བང་ཆེན།.
ཨ་རིའི་ཚོང་སྡེ་ཁག་གིས་དམག་འཁྲུག་ལས་ཨ་སྒོར་ཐེར་འབུམ་མང་པོ་བཟོས།
དམག་འཁྲུག་ལ་བརྟེན་ནས་འཛམ་གླིང་ཁྱོན་ལ་དཔལ་འབྱོར་གྱི་གྱོང་གུད་ཕོག་བཞིན་ཡོད་ན་ཡང་། ཨ་རིའི་ཚོང་སྡེ་ཁག་གིས་སྣུམ་དང་གོ་མཚོན་བཙོང་ནས་ཨ་སྒོར་ཐེར་འབུམ་མང་པོ་གསོག་བཞིན་ཡོད་པར་བརྗོད་འདུག The post ཨ་རིའི་ཚོང་སྡེ་ཁག་གིས་དམག་འཁྲུག་ལས་ཨ་སྒོར་ཐེར་འབུམ་མང་པོ་བཟོས། appeared first on བོད་ཀྱི་བང་ཆེན།.
༧རྒྱལ་བ་ཀརྨ་པ་མཆོག་གི་འབྲུག་ཡུལ་གྱི་མཛད་འཕྲིན།
༧རྒྱལ་བ་ཀརྨ་པ་མཆོག་འབྲུག་དགེ་ལུགས་ཕུག་གི་མཆོད་རྟེན་བརྒྱ་དང་བརྒྱད་ལེགས་གྲུབ་ཀྱི་དབུ་འབྱེད་མཛད་སྒོར་ཕེབས་པ་དང་བསྟུན་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་མུས་རེད་འདུག The post ༧རྒྱལ་བ་ཀརྨ་པ་མཆོག་གི་འབྲུག་ཡུལ་གྱི་མཛད་འཕྲིན། appeared first on བོད་ཀྱི་དུས་བབ།.
དཔལ་ས་སྐྱའི་ཁྲི་རབས་ ༤༤ པ་ཁྲི་འདོན་མཛད་སྒོའི་སྟ་གོན་དང་ཁྲི་འདོན་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་པ།
རྒྱ་གར་དང་འབྲུག་གི་ས་མཚམས་འཇའ་འོད་སྒང་ Jaigaon དུ་རྟེན་གཞི་བྱས་པའི་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་ཐེག་ཆེན་ཕུན་ཚོགས་གླིང་དུ་༸སྐྱབས་མཆོག་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དཔལ་ས་སྐྱའི་ཁྲི་རབས་ ༤༤ པར་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་འཚོགས་རྒྱུ་ཡིན་པ་དང་འབྲེལ། མཛད་རིམ་གྲ་སྒྲིག་རྒྱ་ཆེར་གནང་བཞིན་པ་མ་ཟད། ཁྲི་འདོན་བརྟན་བཞུགས་ཆེད་དུ་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རྣམ་གཉིས་དབུ་བཞུགས་ཐོག །༸སྐྱབས་རྗེ་འཁོན་གདུང་རྣམ་པ་དང་ས་ངོར་ཚར་གསུམ་གྱི་བསྟན་བདག་བླ་ཆེན་རྣམ་པ། མཁན་སྤྲུལ་དགེ་འདུན་འདུས་པ་རྒྱ་མཚོ། དད་ལྡན་སེར་སྐྱ་མང་ཚོགས་བཅས་ལྷན་བཞུགས་ཀྱིས་སྒྲུབ་ཞག་འཚོགས་སོང་། མཛད་འཆར་ལྟར་ན། སང་ཉིན་ཚེས་ ༥ ཉིན་ཁྲི་འདོན་གྱི་མཛད་སྒོ་དངོས་གཞི་དང་ཁྲི་འདོན་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་ཞིང་། བརྟན་བཞུགས་ཆེད་དུ་འདི་ཚེས་ ༣ དང་ ༤ བཅས་ཉིན་གྲངས་གཉིས་རིང་ཁྲི་འདོན་བརྟན་བཞུགས་ཀྱི་སྒྲུབ་ཞག་ཚོགས་ཡོད་པ་མ་ཟད། སང་ཚེས་ ༥ ཉིན་གྱི་ཉིན་རྒྱབ་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༤ པ་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ནས་ཐུབ་པ་དགོངས་གསལ་གྱི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད། དེ་བཞིན་གནངས་ཉིན་ཚེས་ ༦ ཉིན་ཕྱི་ལུགས་ཀྱི་ཁྲི་འདོན་མཛད་སྒོ་གཉེར་རྒྱུ་དང་། ཚེས་ ༧ ཉིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་ཞལ་སྔ་ནས་མང་ཚོགས་ལ་ཚེ་དབང་བཀའ་དྲིན་སྩལ་གཏན་ཁེལ་འདུག ཁྲི་འདོན་མཛད་སྒོ་དང་འབྲེལ་ནས་སྔ་ཕྱི་མཛད་རིམ་ཡོངས་གྲགས་གནང་བའི་ཁྲོད། ཕྱི་ཟླ་ ༡༠ ཚེས་ ༢༥ ས་མཆོད་ཆེན་མོ་དང་དུས་ཆེན་ལྔ་འཛོམས་ཉིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸སྐྱབས་མགོན༸གོང་མ་ཁྲི་འཛིན་རྣམ་གཉིས། འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གིས་དབུས་པའི་ས་ངོར་ཚར་གསུམ་གྱི་བསྟན་བདག་བླ་ཆེན་རྣམ་པ་དབུ་བཞུགས་ཐོག །གསར་བཞེངས་གྲུབ་པའི་དཔལ་ས་སྐྱའི་གདན་ས་ཐེག་ཆེན་ཕུན་ཚོགས་གླིང་རྟེན་དང་བརྟེན་པ་བཅས་དབུ་འབྱེད་དང་།...
སྨོན་ལམ་རིག་ནུས་གཙོས་བོད་ཡིག་གི་འཕྲུལ་ཆས་མ་ལག་ཁག་གི་ཐོན་རིམ་གསར་པ་དབུ་འབྱེད་གནང་སོང་།
རྒྱ་ནག་གིས་གཏེར་ཚང་ཟེར་བའི་རིག་ནུས་བརྒྱུད་བོད་ཀྱི་གནས་ཚུལ་འཁྱོད་བཤད་བྱེད་བཞིན་པའི་སྐབས་འདིར། སྨོན་ལམ་རིག་ནུས་ཀྱིས་བོད་ཀྱི་དངོས་ཡོད་གནས་ཚུལ་གསལ་སྟོན་དྲིལ་བསྒྲགས་བརྒྱུད་རྒྱ་ནག་གི་འཁྱོག་བཤད་ལ་གདོང་ལེན་བྱེད་ཀྱི་ཡོད་པ་གསུང་གི་འདུག དེ་ཡང་ཁ་སང་ཟླ་བ་འདིའི་ཚེས་ ༣ ཉིན་བཞུགས་སྒར་རྡ་རམ་ས་ལར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ཕྱི་ལོ་ ༢༠༢༦ ལོའི་ལོ་འཁོར་གྲུབ་འབྲས་འགྲེམས་སྟོན། སྨོན་ལམ་མངོན་གྱུར་སྐབས་བཞི་པའི་ཐོག སྨོན་ལམ་མེ་ལོང་། ཐོན་རིམ་ ༢་༨ དང་། སྨོན་ལམ་བོད་ཡིག་ཡིག་གཟུགས། ཐོན་རིམ་ ༥་༠། སྨོན་ལམ་ཡིག་སྒྱུར་མཉེན་ཆས། སྨོན་ལམ་ཚིག་མཛོད་ཆེན་མོ། སྨོན་ལམ་མེ་ལོང་དྲྭ་རྒྱ་དང་ཁ་པར་མཉེན་ཆས། སྨོན་ལམ་རིག་ནུས་སྡིངས་བཅས་ཀྱི་ཐོན་རིམ་གསར་པ་ངོ་སྤྲོད་དབུ་འབྱེད་གནང་སོང་། སྨོན་ལམ་བོད་ཡིག་གི་རིག་ནུས་གསར་པ་དབུ་འབྱེད་དེ་ནི། རྒྱ་ནག་གིས་འདི་ལོའི་ཟླ་བ་གསུམ་པའི་ནང་སྒོ་འབྱེད་བྱས་པའི་གཏེར་ཚང་། ཟེར་བའི་བོད་ཡིག་རིག་ནུས་ལ་དོ་སྣང་ཆེ་རུ་འགྲོ་བཞིན་པའི་སྐབས་སུ་ཁེལ་ཡོད་ལ། གནད་དོན་དབྱེ་ཞིབ་པ་ཚོས་གསུངས་པ་ལྟར་ན། རྒྱ་ནག་གི་བོད་ཡིག་རིག་ནུས་དེ་ཡིས་བོད་ཀྱི་ལོ་རྒྱུས་དང་། ༸གོང་ས་སྐུ་ཕྲེང་བཅུ་ཞི་པ་ཆེན་པོ་མཆོག བོད་རང་བཙན། བོད་ཀྱི་རྒྱལ་གླུ། རང་ལུས་མེར་སྲེག་སོགས་ཀྱི་སྐོར་དྲིས་ན། རིག་ནུས་དེ་ཡིས་རྒྱ་ནག་གཞུང་གི་བཤད་ཚུལ་གཅིག་མཚུངས་ཤོད་པའམ་ཡང་ན། དྲི་བ་དེ་ཁྲིམས་དང་འགལ་གྱི་ཡོད་ལུགས་བཤད་ནས་ལན་འདེབས་བྱེད་ཀྱི་མེད་པ་བརྗོད་ཀྱི་འདུག རྒྱ་ནག་གི་གཏེར་ཚང་རིག་ནུས་དང་བསྡུར་ན། སྨོན་ལམ་རིག་ནུས་ཀྱི་རྒྱུ་ཆ་བོད་ཀྱི་དངོས་བྱུང་ལོ་རྒྱུས་དང་། ༸གོང་ས་མཆོག་གི་སྐུའི་མཛད་པ་སོགས་ལ་གཞི་བཅོལ་ནས་བཟོས་ཡོད་དུས། དེ་བརྒྱུད་ནས་བོད་ཀྱི་དངོས་ཡོད་གནས་ཚུལ་གསལ་སྟོན་དྲིལ་བསྒྲགས་བྱས་ཏེ་རྒྱ་ནག་གི་བཤད་ཚུལ་ལ་གདོང་ལེན་བྱེད་ཀྱི་ཡོད་པ་གསུང་གི་འདུག དེ་བཞིན་དུ་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་། གོ་ལའི་དུས་བབ། ཟེར་བས་འདི་ལོའི་ཟླ་བ་ ༣ ཚེས་...
ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་ལས་འཕྲོས་པའི་གཏམ།
ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༣༠ ལྷག་དཀར་ཉིན་ང་དང་བཟའ་ཟླ་གཉིས་དྷ་སའི་གློག་བརྙན་ཁང་དུ་བོད་ཀྱི་གློག་བརྙན་གྲགས་ཅན་ “ཆུ་བཞི་སྒང་དྲུག་”ལ་ལྟ་བར་ཕྱིན། ལྟད་མོ་དེར་མགོ་ནས་མཇུག་བར་དུ་བལྟས་ཤིང་། The post ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་ལས་འཕྲོས་པའི་གཏམ། appeared first on བོད་ཀྱི་དུས་བབ།.
དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་ཀོ་ལི་གྷལ་ས་གནས་ལས་ཁུངས་ཁག་དང་སློབ་གྲྭར་གཟིགས་སྐོར་དང་། མི་མང་ལ་གསུང་བཤད་གནང་བ།
༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༣ ཉིན། དཔལ་ལྡན་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་ཉིན་གསུམ་པར། ས་གནས་འགོ་འཛིན་ལས་ཁུངས་དང་། མཉམ་འབྲེལ། ས་འཐུས་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང་། སཾ་བྷོ་ཊ་ཉིན་སློབ་བཅས་སུ་གཟིགས་སྐོར་དང་། ས་གནས་གཞིས་མི་དང་ཐུག་འཕྲད་ཀྱིས་གསུང་བཤད་དང་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་ས་གནས་འགོ་འཛིན་ལས་ཁུངས་སུ་ཕེབས་ཏེ་ལས་བྱེད་རྣམས་དང་ཐུག་འཕྲད་གནང་རྗེས་ས་གནས་མཉམ་འབྲེལ་ལས་ཁུངས་དང་། ས་འཐུས་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང་། སཾ་བྷོ་ཊ་ཉིན་སློབ་བཅས་སུ་གཟིགས་སྐོར་ལ་ཕེབས།དེ་ནས་ཆུ་ཚོད་ ༡༠ ཙམ་ལ་ས་གནས་ཚོགས་ཁང་དུ་གཞིས་མི་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་རྒྱུའི་ལས་རིམ་གྱི་ཐོག་མར། དཔལ་ལྡན་བཀའ་བློན་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་དང་མར་མེ་ཞལ་ཕྱེ་ཕུལ་གྲུབ་རྗེས་མཛད་སྒོ་དབུ་འཛུགས་གནང་ཞིང་། ས་གནས་འགོ་འཛིན་ནས་དཔལ་ལྡན་བཀའ་བློན་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྒྲོགས་སྦྱང་དང་ཆབས་ཅིག་ས་གནས་ཀྱི་མཛད་འཆར་ཁག་སྙན་སྒྲོན་ཞུས་རྗེས་དཔལ་ལྡན་འཕྲོཔད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་དེར་འདུས་མང་ཚོགས་ཡོངས་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག འདས་པའི་ཟླ་ཤས་ནང་བཀའ་ཤག་ནས་ཕུགས་དམིགས་ཡིག་ཆ་དང་། མ་འོངས་ཕྱག་ལས་གནང་ཕྱོགས་ཀྱི་རྩ་འཛིན། བཙན་བྱོལ་བོད་མིའི་ནང་བོད་ཀྱི་སྐད་ཡིག་ཐོག་སྲིད་བྱུས་སོགས་རྩ་འཛིན་དང་སྒྲིག་གཞི་ཁག་བསྐྱར་བཅོས་དང་གཏན་འབེབས་གནང་རྒྱུའི་ལས་དོན་རྐྱེན་པས་ད་བར་ས་གནས་སུ་བཅར་ཐུབ་མེད་སྐོར་དང་། ད་ཆ་རྒྱ་གར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སྨན་ཁང་ཁག་ཏུ་སྐོར་སྐྱོད་གནང་སྟེ། ས་གནས་སྨན་ཁང་གི་ཕྱག་ལས་གནང་ཕྱོགས་དང་། ལས་བྱེད་ཀྱི་གནས་སྟངས། ས་གནས་མི་མང་ལ་ཞབས་ཞུའི་གནས་སྟངས། དཀའ་ངལ་ཁག་དང་མ་འོངས་དགོས་མཁོ་སོགས་རྒྱུས་ལོན་དང་གོ་བསྡུར་གནང་ཆེད་བཅར་ཡོད་སྐོར་གསུངས།ས་གནས་སྨན་ཁང་ནས་གཞིས་ཆགས་ནང་གི་བགྲེས་སོང་ཁེར་རྐྱང་དང་ལོ་གཞོན་ནད་མནར་རྣམས་ལ་ལྟ་རྟོག་གནང་དགོས་པ་དང་། ད་ལྟའི་ཆར་ས་གནས་སུ་མཐུན་རྐྱེན་དང་ཆ་རྐྱེན་འཛོམས་པ་ནི་མི་རབས་རྒན་པ་འདས་གསོན་ཡོངས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་ཡོད་སྟབས། ཁོང་རྣམས་ལ་བཀའ་དྲིན་རྗེས་དྲན་ཞུ་དགོས་པའི་ལམ་སྟོན་གནང་། གཞིས་ཆགས་འདིར་སྒྲིག་གཞི་ཁག་མང་པོ་ཞིག་ཡོད་པ་དང་། མང་ཚོགས་ནང་ཁུལ་མཐུན་སྒྲིལ་དང་མཉམ་རུབ་ཡོད་པ། དགོན་སྡེ་ཁག་ནས་མང་ཚོགས་ལ་ནང་པའི་ལྟ་གྲུབ་ངོ་སྤྲོད་གནང་བཞིན་ཡོད་པ་བཅས་ལ་བསྔགས་བརྗོད་གནང་བ་དང་ལྷན་དུ།...
བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ནས་ཀཱངྒ་རཱ་རྫོང་དཔོན་སྐུ་ཞབས་ཧེམ་རཱཇ་བཱེ་ར་བཱ་ལགས་ལ་ཕེབས་སྐྱེལ་གསོལ་སྟོན་གོ་སྒྲིག་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ཀྱི་ཚོགས་ཁང་དུ་ཀཱངྒ་རཱ་རྫོང་དཔོན་སྐུ་ཞབས་ཧེམ་རཱཇ་བཱེ་ར་བཱ་ (Hemraj Bairwa) ལགས་ཀྱིས་བོད་མིའི་སྒྲིག་འཛུགས་དང་བོད་པའི་མང་ཚོགས་ལ་ལྷག་བསམ་ཟོལ་མེད་ཀྱི་འབྲེལ་ལམ་རྒྱུན་སྐྱོང་གནང་བར་བཀའ་དྲིན་རྗེས་དྲན་དང་ཆེ་བསྟོད་སླད་ཕེབས་སྐྱེལ་གསོལ་སྟོན་ཞིག་འདེགས་འབུལ་ཞུས་ཡོད། གསོལ་སྟོན་ཐོག་དཔལ་ལྡན་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་དང་། དཔལ་ལྡན་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག དཔལ་ལྡན་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག དཔལ་ལྡན་བདེ་སྲུང་བཀའ་བློན་ཀུན་དགའ་བཀྲ་ཤིས་མཆོག བཀའ་དྲུང་ཨརྱ་ཚེ་དབང་རྒྱལ་པོ་ལགས། དཔལ་ལྡན་དགའ་ལྡན་ཕོ་བྲང་དྲུང་ཆེ་འཇམ་དཔལ་ལྷུན་གྲུབ་ལགས། སློབ་སྟོན་པ་ཨ་མར་ཌིཔ་ (Amerdeep) ལགས། དྷ་སའི་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས། ནང་སྲིད་དྲུང་ཚབ་ཚེ་རིང་གཡུ་སྒྲོན་ལགས། དྲུང་འཕར་བསོད་ནམས་བཟང་པོ་ལགས། ནང་སྲིད་ལས་ཁུངས་ཀྱི་སྡེ་ཚན་འགན་འཛིན་ཁག་གཅིག་བཅས་མཉམ་ཞུགས་གནང་ཡོད། དེ་ཡང་དཔལ་ལྡན་ནང་སྲིད་བཀའ་བློན་དཔལ་ལྡན་དོན་གྲུབ་མཆོག་གིས་ཐུགས་རྗེ་ལེགས་འབུལ་མཚོན་སླད་ཀཱངྒ་རཱ་རྫོང་དཔོན་སྐུ་ཞབས་ཧེམ་རཱཇ་བཱེ་ར་བཱ་ལགས་ལ་མཇལ་དར་དང་ཕྱག་རྟགས་གནང་གྲུབ་རྗེས། རིམ་བཞིན་བཀའ་བློན་རྣམ་པས་མཇལ་དར་དང་ཕྱག་རྟགས་གནང་ཡོད།དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་བོད་མིའི་ཚབ་ཞུས་ཏེ་ཀཱངྒ་རཱ་རྫོང་དཔོན་སྐུ་ཞབས་ཧེམ་རཱཇ་བཱེ་ར་བཱ་ལགས་ནས་བོད་མི་རྣམས་ལ་རྒྱུན་མཐུད་རྒྱབ་སྐྱོར་དང་། མཉམ་ལས་མཐུན་འགྱུར། ལྷག་པར་ས་ཆ་དང་འབྲེལ་བའི་གནད་དོན་ཐོག་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག མ་འོངས་པའི་ལོ་ཟླའི་ནང་ཕན་ཚུན་མཛའ་འབྲེལ་སྔར་ལྷག་སྲ་བརྟན་ཡོང་བའི་རེ་སྨོན་ཞུས་ཡོད། དེ་ནས་ཀཱངྒ་རཱ་རྫོང་དཔོན་སྐུ་ཞབས་ཧེམ་རཱཇ་བཱེ་ར་བཱ་ལགས་ཀྱིས་ཕེབས་སྐྱེལ་གསོལ་སྟོན་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་དབུས་བོད་མིའི་ངལ་སེལ་ཚོགས་པ་དང་བོད་མིའི་མང་ཚོགས་དང་ལྷན་ཕྱག་ལས་གནང་བའི་ཉམས་མྱོང་དང་། བོད་མིའི་ཚོའི་བྱམས་སེམས་དང་། སྙིང་རྗེ། དགའ་བསུ་ཞུ་བའི་རང་བཞིན་ལ་སེམས་འགུལ་ཆེན་པོ་ཐེབས་ཡོད་སྐོར་བཅས་གསུངས། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བྱིན་རླབས་ལ་བཀའ་དྲིན་ཆེ་ཞུས་གནང་ཡོད། མཐར་ཕྱོགས་གཉིས་ཀས་ཡུན་རིང་གྱི་འབྲེལ་བ་ལ་བཀའ་དྲིན་ཆེ་ཞུས་པ་དང་། མ་འོངས་པར་མཛའ་མཐུན་དང་། མཉམ་ལས་རྒྱུན་སྐྱོང་ཡོང་བའི་སྨོན་འདུན་ཞུས་ཏེ་ཕེབས་སྐྱེལ་གསོལ་སྟོན་མཇུག་བསྒྲིལ་ཡོད་པ་བཅས། །
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནི་དར་ལེནྜ་རུ་གཞུང་འབྲེལ་འཚམས་གཟིགས་གནང་འགོ་འཛུགས་པ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནི་དར་ལེནྜ་ཤེ་ཕོལ་ (Schiphol) གནམ་ཐང་དུ་ཕེབས་འབྱོར་སྐབས་སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ལགས་དང་ཡུ་རོབ་བོད་དོན་ཞུ་གཏུག་ལས་བྱེད་བསྟན་འཛིན་ཕུན་ཚོགས་ལགས། ས་གནས་བོད་རིགས་ཚོགས་པའི་ཚོགས་མི་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། འཚམས་གཟིགས་རིང་དཔལ་ལྡན་སྲིད་སྐྱོང་མཆོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ (IPAC) ལོ་འཁོར་ལྷན་ཚོགས་ཐེངས་ ༦ པའི་ཐོག་མཉམ་ཞུགས་ཀྱིས་གསུང་བཤད་དང་། ཌཆ་གཞུང་གི་ལས་བྱེད་དང་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད། དེ་བཞིན་རྒྱལ་སྤྱི་དང་ཌཆ་གསར་འགྱུར་བརྒྱུད་ལམ་ཁག་དང་འབྲེལ་མཐུད་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག དེ་ཡང་འཚམས་གཟིགས་ཀྱི་ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ AP གསར་འགྱུར་བརྒྱུད་ལམ་གྱི་གསར་འགོད་པ་རྒན་པ་དང་། La Libre Belgique གྱི་གསར་འགོད་པའི་བཅར་འདྲིར་དང་ལེན་གནང་བ་དང་འབྲེལ། བོད་དོན་དང་འབྲེལ་བའི་གནད་དོན་མང་དག་གཅིག་གི་ཐོག་གླེང་སློང་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དེ་བཞིན་ཡིད་རྟོན་རུང་བ་དང་ཁྲིམས་མཐུན་གྱི་ལྟ་སྟངས་ཐོག་ནས་འགྲེལ་བརྗོད་གནང་རྒྱུ་གལ་ཆེན་ཡིན་པ་ནན་བརྗོད་དང་འབྲེལ། སློབ་དཔོན་ལའོ་ལགས་ཀྱིས་རྒྱ་ནག་གི་གཞུང་འབྲེལ་ཡིག་ཆ་ཁག་ལ་གཞི་བཅོལ་གྱིས་བརྩམས་པའི་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དཔེ་དབེ་དང་། རྒྱལ་སྤྱིའི་ཁྲིམས་དོན་མཁས་པ་སྐུ་ཞབས་མཧི་ཀལ་ཝན་ཝལ་ཝེན་པ་རག་ལགས་ཀྱིས་རྒྱལ་སྤྱིའི་ཁྲིམས་ལུགས་འོག་བོད་ཀྱི་གནས་བབ་ལ་དབྱེ་ཞིབ་ཀྱིས་བརྩམས་པའི་བོད་ཀྱི་གནས་བསྡུས་ཉི་ཤུ་ཉི་ཤུ་ཞེས་པའི་དཔེ་དེབ་གཉིས་ངོ་སྤྲོད་གནང་ཡོད། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉིན་གྲངས་ཁ་ཤས་རིང་ནི་དར་ལེནྜ་རུ་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུ་ཡིན་པ་དང་། འཚམས་གཟིགས་འདི་བཞིན་ཁོང་ཉིད་བསྐྱར་དུ་སྲིད་སྐྱོང་དུ་འདེམས་ཐོན་རྗེས་ས་གནས་སུ་ཕེབས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་མ་ཟད། ད་ལྟའི་བོད་ནང་གི་གནས་སྟངས་ཐོག་རྒྱལ་སྤྱིའི་དོ་སྣང་བསྐྱར་གསོ་དང་བོད་དོན་ཐོག་རྒྱབ་སྐྱོར་འཚོལ་བའི་གོ་སྐབས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་བཅས། །
ཨ་རིའི་བར་མའི་འོས་བསྡུ་དང་བོད་དོན།
བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༡༠༥༤ སྟེང་གི་རྩོམ་སྒྲིག་པའི་གཏམ། ད་ལྟའི་ཆར་ཨ་རིའི་ནང་དུ་བར་མའི་འོས་བསྡུའི་ལས་དོན་ཚ་ཚ་འུར་འུར་ངང་འགྲོ་བཞིན་འདུག ཨ་རིའི་ནང་གི་ཆབ་སྲིད་ཀྱི་འགྱུར་བ་རེ་རེ་བཞིན་བོད་དོན་དང་འབྲེལ་བ་ཡོད་རེད་ལབ་ཚོད་མི་ཐུག་ཀྱང་། ད་བར་དུ་ཨ་རིའི་གཞུང་གི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་བྱས་པའི་ཚད་མཐོན་པོ་རེད། ལྷག་པར་དུ་ཨ་རིའི་ཆབ་སྲིད་ཚོགས་པ་ཆེ་ཤོས་གཉིས་ཀྱི་ཆབ་སྲིད་པ་ཚོས་སྐད་ཆ་འདི་འདྲ་ཞིག་ལབ་སྲོལ་ཡོད་རེད། གནད་དོན་མང་པོ་ཞིག་ཐད་ནས་ཆབ་སྲིད་ཚོགས་པ་གཉིས་ཀྱི་ལྟ་བ་དང་ལངས་ཕྱོགས་ཐ་དད་ཡིན་ཡང་། བོད་ཀྱི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། བོད་དོན་དང་འབྲེལ་བའི་ཐག་གཅོད་ཐོག་མ་བགྲོས་བསམ་པ་གཅིག་མཐུན་ཡིན་ཞེས་པ་དེ་རེད། ཕྱི་ཟླ་ ༡༡ ཚེས་ ༣ ཉིན་བར་མའི་འོས་བསྡུའི་གྲུབ་འབྲས་ཕྱི་ལ་ཐོན་གྱི་རེད། ཉེ་བའི་ཆར་ཨ་རིའི་ནང་བོད་མི་ཁག་ཅིག་གིས་བོད་ཀྱི་གྲོགས་པོ་དང་གྲོས་ཚོགས་འོག་མའི་འཐུས་མི་ཇེམ་མེག་གྷོ་ཝན་(Jim McGovern)ལགས་སླར་ཡང་འོས་འདེམས་ཡོང་བར་འོས་བསྡུའི་དྲིལ་བསྒྲགས་ཐད་ནས་རྒྱབ་སྐྱོར་དང་། འོས་བསྡུའི་འགྲོ་གྲོན་ཆེད་ཞལ་འདེབས་འབུལ་བ། དེ་བཞིན་དངོས་སུ་འོས་འཕེན་དགོས་པའི་གསལ་འདེབས་བྱེད་བཞིན་འདུག དེ་ནི་དྲིན་ཤེས་པ་ཙམ་མིན་པར་དྲིན་དྲན་པའི་བག་ཡོད་ཀྱི་བྱ་སྤྱོད་ཅིག་རེད་སྙམ། དེ་མ་ཟད་ཨ་རིར་གནས་པའི་བོད་མི་ཚོས་ཆབ་སྲིད་ཀྱི་ཁོར་ཡུག་ཁྲོད་ནས་ཅི་ཞིག་བསྒྲུབས་འོས་པ་དང་། གང་ཞིག་བྱས་ན་ལེགས་པའི་ཐབས་ལམ་འཚོལ་བཞིན་པའི་རྟགས་མཚན་ཞིག་རེད། ཁོང་ལ་ཕལ་ཆེར་འོས་འཐོབ་ཀྱི་རེད་ལ། སླར་ཡང་གྲོས་ཚོགས་འཐུས་མི་ཞིག་ཆགས་ངེས་རེད། འདི་ལས་གལ་ཆེ་བའི་གནད་དོན་ཞིག་ཡོད་ཀྱང་། ད་བར་གླེང་སློང་དང་སེམས་འཚབ་བྱེད་མཁན་མི་འདུག དེ་ནི་འདི་ལོའི་ཕྱི་ཟླ་༥ ཚེས་ ༢༢ ཉིན་ངོ་སྤྲོད་བྱས་པའི་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་དང་འབྲེལ་བ་ཡོད། ཁྲིམས་འཆར་འདི་གྲོས་ཚོགས་འོག་མའི་ནང་ངོ་སྤྲོད་བྱེད་མཁན་ནི། དམངས་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཇེམ་མེག་གྷོ་ཝན་རེད། སྤྱི་མཐུན་ཚོགས་པའི་ཕྱོགས་ནས་མའེ་ཁལ་མེག་ཁོལ་(Michael McCaul)ལགས་རེད། ཁོང་ད་ལོ་འོས་མིར་བཞེངས་མེད། གལ་ཏེ་སྐབས་ ༡༡༩ པའི་གྲོས་ཚོགས་ཀྱི་ལས་ཡུན་ཏེ། ཕྱི་ལོ་...
སྨོན་ལམ་མངོན་འགྱུར་ཐེངས་བཞི་པ།
"སྨོན་ལམ་གྱི་རིག་ནུས་དེས་རྒྱལ་སྤྱིའི་ནང་དཔུང་པ་མཉམ་གཤིབ་ཀྱིས་བོད་ཀྱི་སྐད་ཡིག་ལ་ཞབས་འདེགས་སྒྲུབ་བཞིན་ཡོད།"
བོད་ནང་གི་ས་ཆུ་རི་གསུམ་གྱི་མིང་འཁོད་ས་ཁྲ་བཟོས་ཏེ་གནའ་བོའི་བོད་མིང་སྲུང་ཐབས།
བོད་རིག་པའི་ན་གཞོན་གྱི་ཉམས་ཞིབ་པའི་ཚོགས་འདུ་ཐེངས་ ༡༢ རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་ཚོགས་འདུག
“ནང་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་གཏིང་ཟབ་ཡོང་རྒྱུའི་བློ་སྟོབས་སྤེལ་བའི་རེ་བ་ཡོད།"
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རུ་ནཱ་ཅལ་ནང་སྟོན་པའི་རིང་བསྲེལ་གདན་ཞུ་གནང་པར་ལེགས་བསུ་གནང་པ།
མགོ་ལོག་དར་ལག་རྫོང་ཐོག་ཏུ་མཉམ་ལས་ཁང་ཞིག་གསར་འཛུགས།
རྒྱ་ནག་གཞུང་གིས་མགོ་ལོག་དར་ལག་རྫོང་ཐོག་ཏུ་མཉམ་ལས་ཁང་ཞིག་གསར་འཛུགས་བྱས་ཏེ། དར་ལག་རྫོང་གི་འབྲོག་པ་མང་ཚོགས་ཀྱི་ཕྱུགས་སྐྱོང་འཚོ་བར་ཚོད་འཛིན་བྱ་རྒྱུ་ཡིན་འདུག The post མགོ་ལོག་དར་ལག་རྫོང་ཐོག་ཏུ་མཉམ་ལས་ཁང་ཞིག་གསར་འཛུགས། appeared first on བོད་ཀྱི་དུས་བབ།.
རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་ཟླ་བ་བཞི་ཕྱིན་པར་བོད་མི་རྣམས་ནས་ལས་འགུལ་སྤེལ་བཞིན་པ།
འདི་ལོའི་ཕྱི་ཟླ་ ༧ པའི་ཚེས་ ༢ ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་དུ་བཅའ་བཞུགས་བོད་རང་བཙན་འཐབ་རྩོད་པ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་དུ། རྒྱ་ནག་གཞུང་ལ་ངོ་རྒོལ་དང་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་ནས་ཟླ་བ་བཞི་ཧྲིལ་པོ་ཕྱིན་པ་དང་བསྟུན། བོད་མིའི་འདུ་སྡོད་ས་གནས་ཁག་ནང་ལས་འགུལ་རྣམ་པ་འདྲ་མིན་སྤེལ་བཞིན་པའི་ཁྲོད། རྒྱ་གར་བྱང་ཤར་ཀ་ལོན་སྦུག་ས་གནས་གཞོན་ནུས་དམ་པ་ཁོང་ལ་རྗེས་དྲན་ཞུ་སླད་གོམ་བགྲོད་ཀྱི་ལས་འགུལ་དང་། ནིའུ་ཡོག་ནང་དམ་པ་ཁོང་གིས་རང་ལུས་མེར་བསྲེགས་གནང་སའི་ས་ཚིགས་སུ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག དེ་ཡང་ཟླ་བ་འདིའི་ཚེས་ ༢ ཏེ་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་རང་གི་གཅེས་པའི་ལུས་སྲོག་བློས་བཏང་གནང་ནས་ཟླ་བ་ ༤ འཁོར་བ་དང་བསྟུན། ཀ་སྦུག་ས་གནས་གཞོན་ནུའི་གོ་སྒྲིག་འོག་ཀ་སྦུག་ནས་རྡོ་གླིང་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་འདུག་པ་དང་། ལས་འགུལ་དེའི་ཐོག་ལོ་ན་ ༦༨ ལ་ཕེབས་པའི་བགྲེས་སོང་གཅིག་སོགས་ཁྱོན་མི་གྲངས་ ༩ ཙམ་ཡོད་པ་རེད་འདུག འདི་གའི་གསར་འགོད་པས་གནད་དོན་དེ་འབྲེལ་ཀ་སྦུག་ས་གནས་གཞོན་ནུའི་དྲུང་ཆེ་ལེགས་བཟང་འཕེལ་རྒྱས་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས་ཐེངས་འདིའི་ལས་འགུལ་ངོ་སྤྲོད་དང་འབྲེལ། ཉིན་གྲངས་གཉིས་རིང་གི་ལས་འགུལ་འདི་སྤེལ་དགོས་དོན་གཙོ་བོ་ནི། དམ་པ་ཁོང་གིས་རང་ལུས་མེར་བསྲེགས་བཏང་ནས་ཟླ་བ་ ༤ ཕྱིན་པ་དང་། ད་བར་རྒྱལ་ཚོགས་ནས་དེ་འབྲེལ་གསལ་བཤད་གང་ཡང་གནང་མེད་སྟབས་མགྱོགས་མྱུར་ལན་འདེབས་གསལ་བཤད་དགོས་པ། ལྷག་དོན་དུ་རྒྱ་གཞུང་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་གསར་ལ་ངོས་ལེན་རྩ་བ་ནས་མེད་ཅེས་གསུངས་སོང་། ཕྱོགས་མཚུངས་ཨ་རིའི་ནང་ནིའུ་ཡོག་ནིའུ་འཇར་སི་ས་གནས་གཞོན་ནུ་ལྷ་ཚོགས་ཀྱི་གོ་སྒྲིག་འོག །དུས་རྒྱུན་སྤེལ་བཞིན་པའི་ཚེས་བཅུ་ལས་འགུལ་གྱི་ཆ་ཤས་སུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ། རྒྱལ་གཅེས་པ་དམ་པ་ཁོང་གི་བློས་བཏང་ལ་གུད་འདུད་དང་རྗེས་དྲན་ཙམ་མ་ཟད། དམ་པ་ཁོང་གིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་ནས་ཉིན་གྲངས་ ༡༢༤ ཕྱིན་ཀྱང་ད་དུང་ཡང་ང་ཚོས་དྲང་བདེན་གྱི་ལན་འདེབས་ལ་སྒུག་བཞིན་ཡོད་ཅིང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ཁ་ཁུ་སིམ་པོར་མི་སྡོད་པར་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་བཙན་གནོན་ལ་ཁ་གཏད་གཅོག་ཆེད་ལས་འགུལ་སྤེལ་དགོས་པ་གསུངས་འདུག གཞན་ཡང་དཔའ་བོ་དམ་པ་ཁོང་གི་གནད་དོན་དང་འབྲེལ། ཁ་སང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གསལ་བསྒྲགས་ཤིག་སྤེལ་འདུག་པ་དེའི་ནང་། ཟླ་བ་འདིའི་ཚེས་ ༡༨ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་འགོ་འཛུགས་ཀྱིས་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་སྐབས་བསྣམས་པའི་བོད་ཀྱི་རྒྱལ་དར་བསྣམས་ནས་རྒྱལ་དར་སྐོར་སྐྱོད་གཅིག་སྒྲིལ་མེ་ལྕེ་ཞེས་པའི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་འཆར་ཡོད་པ་གསུངས་འདུག...
བོད་ནང་གི་དཔོན་རིགས་ཆེ་གྲས་བརྒྱད་ལ་ཞིབ་བཤེར་བྱེད་ཀྱིན་འདུག
རྒྱ་ནག་གཞུང་གིས་བོད་ནང་གི་དཔོན་རིགས་ཆེ་ཁག་བརྒྱད་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པར་བློ་སེམས་མི་དཀར་བ་དང་ཁྲིམས་འགལ་གྱི་ལས་དོན་གཉེར་ཡོད་ལུགས་བཤད་ནས་རྒྱ་ནག་དམར་ཤོག་ཚོགས་པ་དང་ལས་གནས་ནས་ཕྱིར་ཕུད་ཀྱིས་ཞིབ་བཤེར་བྱེད་ཀྱིན་འདུག The post བོད་ནང་གི་དཔོན་རིགས་ཆེ་གྲས་བརྒྱད་ལ་ཞིབ་བཤེར་བྱེད་ཀྱིན་འདུག appeared first on བོད་ཀྱི་དུས་བབ།.
བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཉིས་པ་དབུ་འཛུགས།
རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཡོད་པའི་སེར་བྱེས་ཡིད་དགའ་ཆོས་གླིང་དུ་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཉིས་པ་གོ་སྒྲིག་གནང་ཡོད་འདུག The post བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཉིས་པ་དབུ་འཛུགས། appeared first on བོད་ཀྱི་བང་ཆེན།.
རྒྱ་ནག་གི་བྱེད་སྟངས་དེ་ལ་གདོང་ལེན་བྱ་བའི་ཆོད་སེམས་བརྟན་པོ་ཡོད་ཟེར།
འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་བདེན་པ་རང་ཉིད་ལ་ཡོད་པས། རྒྱ་ནག་གི་ཁྲིམས་གཏུག་དེར་ཞེད་སྣང་སྐྱེ་ཡི་མི་འདུག རྒྱ་ནག་གི་བྱེད་སྟངས་དེ་ལ་གདོང་ལེན་བྱ་བའི་ཆོད་སེམས་བརྟན་པོ་ཡོད་ཟེར། The post རྒྱ་ནག་གི་བྱེད་སྟངས་དེ་ལ་གདོང་ལེན་བྱ་བའི་ཆོད་སེམས་བརྟན་པོ་ཡོད་ཟེར། appeared first on བོད་ཀྱི་དུས་བབ།.
ད་ཕ་མ་ཚོའི་སྒང་ལ་བབས་འདུག
སྐད་ཡིག་ནི་མི་རིགས་ཤིག་གི་སྲོག་རྩ་ཡིན་ཞེས་པའི་སྐད་ཆ་འདི་བོད་ཕྱི་ནང་གི་སྤྱི་ཚོགས་ནང་བྲིན་པོ་རེད། སྤྱིར་བོད་ཀྱི་སྐད་ཡིག་དང་སྒོས་སུ་སྐད་ཡིག་སློབ་གསོའི་སྐོར་ག་དུས་གླེང་ཡང་། The post ད་ཕ་མ་ཚོའི་སྒང་ལ་བབས་འདུག appeared first on བོད་ཀྱི་དུས་བབ།.






















