Tibetan
༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དྷིའི་འཁྲུངས་སྐར་ལ་འཚམས་འདྲི་གནང་པ།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དྷིའི་འཁྲུངས་སྐར་ལ་འཚམས་འདྲི་གནང་པ།
རྔ་བ་མའོ་རྫོང་དུ་རི་ཉིལ་ནས་གཞུང་ལམ་དང་ཆུ་ལམ་འགག་པ།
རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་མའོ་རྫོང་དུ་རི་ཉིལ་བའི་ཁྲོད་མི་ཤི་རྨས་བྱུང་མེད་པ་བརྗོད་འདུག
ཡུ་རོབ་མཐུན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ལྕམ་ཧཌ་ཇ་ལ་བྷིབ་མཆོག་གིས་རྒྱ་ནག་གཞུང་ལ་བོད་ནང་གི་གནས་སྟངས་ཐད་ཕྱི་གསལ་ནང་གསལ་དགོས་སྐོར་ནན་བརྗོད་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༨ ཚེས་ ༡༦ ཉིན་བོད་དང་བལ་ཡུལ་གྱི་ས་མཚམས་སུ་ཆུ་རུད་ཀྱི་གོད་ཆག་འོག་ཚེ་སྲོག་ཤོར་མཁན་དང་། གནོད་སྐྱོན་ཕོག་པའི་གནས་ཚུལ་བྱུང་བའི་ཁྲོད་ཡུ་རོབ་མཐུན་ཚོགས་ཀྱིས་དུས་ཐོག་རོགས་སྐྱོར་གནང་བར་བེལ་ཇི་ཡམ་སྐུ་ཚབ་དོན་ཁང་གིས་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག བོད་ནང་དུ་ཚེ་སྲོག་ཤོར་བའི་བོད་མི་རྣམས་ཀྱི་དཀའ་སྡུག་ལ་ཡུ་རོབ་མཐུན་ཚོགས་ནས་དོ་སྣང་གནང་བའི་འབོད་སྐུལ་ཞུས་ཡོད། དེ་ཡང་ཆུ་རུད་ཀྱི་གོད་ཆག་བྱུང་རྗེས་བེལ་ཇི་ཡམ་སྐུ་ཚབ་དོན་ཁང་ནས་ཡུ་རོབ་གྲོས་ཚོགས་འཐུས་མི་རྣམས་ལ་འབྲེལ་གཏུག་གནང་སྟེ་བོད་ཀྱི་ས་མཚམས་ནས་གནས་ཚུལ་ཐོན་མེད་པའི་སྐོར་སེམས་འཚབ་དང་སྦྲགས། བོད་དེ་མི་ཆོས་རོགས་སྐྱོར་ཀྱི་དཀའ་ངལ་དང་འབྲེལ་བའི་གྲོས་བསྡུར་ཁྲོད་ཚུད་དགོས་པའི་རེ་སྐུལ་ཞུས་ཡོད། བོད་ནི་བལ་ཡུལ་ལྟར་གནོད་འཚེ་དང་མྱུར་སྐྱོབ་ཐོག་གི་གནས་ཚུལ་ཤེས་རྟོགས་མེད་པར། བོད་ནས་གནས་ཚུལ་དམ་བསྒྲགས་དང་བཀག་སྡོམ་བྱེད་བཞིན་པའི་རྐྱེན་གྱིས་གནོད་འཚེའི་ཚད་གཞི་དང་། མི་ཆོས་རོགས་སྐྱོར་དགོས་མཁོའི་གནས་སྟངས། དེ་བཞིན་གནོད་སྐྱོན་ཕོག་པ་རྣམས་ལ་རོགས་སྐྱོར་གང་འདྲ་ཐོབ་ཡོད་མེད་གསལ་རྟོགས་བྱེད་རྒྱུར་ཁག་པོ་ཆགས་ཡོད།གནད་དོན་དེ་ཕྱི་ལོ་ ༢༠༢༦ ཟླ་བ་ ༠༩ ཚེས་ ༡༤ ནས་ ༡༧ བར་སི་ཊར་སི་བྷག་ཏུ་ཚོགས་པའི་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་འདུའི་ཐོག་ཆབ་སྲིད་ཚོགས་པ་ཁག་གི་འཐུས་མི་ཚོར་གཏམ་བཤད་ཀྱི་གོ་སྐབས་ཐེངས་གཅིག་ལས་ཐོབ་མེད་པའི་སྐབས་གླེང་སློང་གནང་ཡོད། བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་བ་དང་ཡུ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པའི་འཐུས་མི་ཐོ་མས་གྲི་ཀོས་ཀཱི་ (Tomáš Zdechovský) ལགས་ཀྱིས་གོད་ཆག་དང་འབྲེལ་བའི་གྲོས་མོལ་སྐབས་བོད་སྣང་མེད་དུ་གཏོང་མི་རུང་བའི་སྐུལ་མ་གནང་ཡོད། ཡུ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པའི་འཐུས་མི་ཐོ་མས་གྲི་ཀོས་ཀཱི་ལགས་ཀྱིས། ང་ཚོས་བལ་ཡུལ་དུ་བྱུང་བའི་ཆུ་ལོག་གི་གནད་དོན་ཐོག་གླེང་སློང་བྱེད་པའི་སྐབས་རྒྱ་ནག་གཞུང་གི་བཙན་བཟུང་འོག་ཡོད་པའི་བོད་ཐོག་དོ་སྣང་དགོས། བོད་ཁུལ་ནས་གནས་ཚུལ་དང་། རོགས་སྐྱོར་འབྱོར་ཡོད་མེད་ཀྱི་གནས་ཚུལ་གང་ཡང་མེད། ཅེས་དང་། ཁོང་གིས་ས་གནས་ནང་ཁུལ་གྱི་མཉམ་ལས་སྔར་ལས་ཤུགས་ཆེར་གཏོང་རྒྱུའི་གལ་གནད་ཐོག་ནན་བརྗོད་གནང་བ་དང་། ལྷག་པར་ཡུ་རོབ་མཐུན་ཚོགས་ཀྱི་མ་འཇོག་དང་ས་ཁུལ་དེ་འབྲེལ་བའི་སྐོར་གསུངས། ཁོང་གིས་རང་བྱུང་གནོད་འཚེ་ལ་གདོང་ལེན་བྱ་ཐབས་སུ་སྔོན་ཚུད་ཉེན་བརྡའི་མ་ལག་དང་། ས་མཚམས་བར་གནས་ཚུལ་མཉམ་སྤྱོད། གནོད་འཚེ་ཕོག་པའི་ས་ཁུལ་ལ་ལྟ་ཞིབ་བཅས་ཀྱི་མཐུན་རྐྱེན་ཡར་རྒྱས་གཏོང་དགོས་པའི་འབོད་སྐུལ་གནང་ཡོད། ཡུ་རོབ་མཐུན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་ཧཌ་ཇ་ལ་བྷིབ་...
རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག
རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག The post རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག appeared first on བོད་ཀྱི་དུས་བབ།.
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཛ་དྲག་སྨན་ཁང་དུ་བསྐྱལ།
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འཕྲོད་བསྟེན་ལ་དཀའ་ངལ་ཞིག་འཕྲད་བཞིན་ཡོད་པའི་སྐོར་གསར་འགྱུར་མང་པོ་ཞིག་ཐོན་བཞིན་འདུག། ཉེ་ཆར་རྒྱ་གར་ནང་བྷི་རི་སི་BRICS ་ཚོགས་པའི་ཚོགས་ཆེན་འཚོགས་པའི་སྐབས། སྲིད་འཛིན་གྱི་འཕྲོད་བསྟེན་ལ་དཀའ་ངལ་འཕྲད་བཞིན་ཡོད་སྐོར་གླེང་སློང་བྱུང་ཡོད་པ་རེད། The post རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཛ་དྲག་སྨན་ཁང་དུ་བསྐྱལ། appeared first on བོད་ཀྱི་བང་ཆེན།.
བོད་རྔ་བ་ཁུལ་མའོ་རྫོང་དུ་ས་རུད་ཀྱི་དོན་རྐྱེན་བྱུང་།
བོད་རྔ་བ་ཁུལ་མའོ་རྫོང་དུ་ས་རུད་ཀྱི་དོན་རྐྱེན་ཤུགས་ཆེན་བྱུང་ནས་རྨིན་ཅང་གཙང་པོ་དང་། འགྲིམ་འགྲུལ་འགག་པ་སོགས་བྱུང་འདུག The post བོད་རྔ་བ་ཁུལ་མའོ་རྫོང་དུ་ས་རུད་ཀྱི་དོན་རྐྱེན་བྱུང་། appeared first on བོད་ཀྱི་དུས་བབ།.
༧གོང་ས་མཆོག་གིས་སྲིད་བློན་མུ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།
ཕྱི་ཟླ་ ༩ ཚེས་ ༡༧ ནི་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གི་འཁྲུངས་སྐར་ཉིན་མོ་ཡིན་པ་དང་བསྟུན། དེ་རིང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྲིད་བློན་མུ་དྷི་མཆོག་གི་མཚན་ཐོག་ཏུ་གསུང་འཕྲིན་ཞིག་སྩལ་ཏེ། སྲིད་བློན་མཆོག་དགུང་གྲངས་ ༧༦ ལོན་པའི་འཁྲུངས་སྐར་ཉིན་མོར་འཚམས་འདྲི་དང་སྦྲགས། ཁོང་གི་སྐུ་གཟུགས་འཕྲོད་བསྟེན་བདེ་ཐང་ཡོང་བའི་ཐུགས་སྨོན་མཛད་འདུག ༧གོང་ས་མཆོག་གིས་བསྩལ་བའི་གསུང་འཕྲིན་ནང་། ངོས་ནས་རྒྱ་གར་འདི་བཞིན་མངའ་ཐང་ལྡན་ཞིང་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་མངོན་འགྱུར་ཡོང་བཞིན་པར་སྐུ་ཉིད་ལ་རྟེན་འབྲེལ་ཞུ་ཆོག་པར་ཞུ། རྒྱ་གར་གྱི་ལེགས་འགྲུབ་ཀྱིས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་། འཕེལ་རྒྱས་བཅས་ལ་གཞོལ་འདེགས་རླབས་ཆེན་ཞུ་བཞིན་ཡོད། ངོས་ནས་རང་ཉིད་སྤོབས་པ་ཆེ་བའི་འཛམ་གླིང་ནང་འཚེ་མེད་ཞི་བ་དང་སྙིང་རྗེའི་དཔེ་མཚོན་དུ་གྱུར་བའི་རྒྱ་གར་གྱི་ཕོ་ཉ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ཞི་བདེ་དང་མཐུན་སྒྲིལ་ནི་རྒྱ་གར་གྱི་གནའ་བོའི་ཤེས་རབ་ལས་བྱུང་བ་ཡིན། ངོས་ནས་སླར་ཡང་རྒྱ་གར་གཞུང་དང་མི་མང་གིས་ངོས་དང་ངོས་ཀྱི་བོད་རིགས་སྤུན་ཟླ་རྣམས་ལ་ལོ་ངོ་ ༦༧ ལྷག་གི་རིང་གཏོང་ཕོད་ཆེན་པོས་སྣེ་ལེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག སྲིད་བློན་ནཱ་རན་ཌ་ར་མུ་དྷི་མཆོག་ནི། ཕྱི་ལོ་ ༡༩༥༠ ལོའི་ཟླ་ ༩ ཚེས་ ༡༧ ཉིན་གྷོ་ཇི་རཱ་ཊིའི་ཟས་རིགས་འཚོང་མཁན་གྱི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཁོང་ཆུང་དུས་མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར་ས་ཚིགས་སོགས་སུ་ཇ་འཚོང་ཞོར་དུ་སློབ་ཆུང་མཐར་ཕྱིན་ཡོད་པ་དང་། དགུང་ལོ་ ༡༨ སྟེང་ཆང་ས་བརྒྱབ་ཡོད་འདུག ཕྱི་ལོ་༡༩༧༠ ལོར་གྷོ་ཇི་རཱ་ཊིའི་མེ་འཁོར་གྱི་ཐབ་ཚང་ཞིག་ཏུ་ལས་ཀ་བྱས། ཕྱིས་སུ་ཡིག་འབྲེལ་ལམ་ནས་ལྡི་ལི་མཐོ་སློབ་ནས་སྲིད་དོན་ཚན་རིག་གི་རིག་གནས་རབ་འབྱམས་པའི་ལག་འཁྱེར་དང་གྷོ་ཇི་རཱ་ཊིའི་གཙུག་ལག་སློབ་ཆེན་ནས་སྲིད་དོན་ཚན་རིག་གི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་བླངས་ཡོད་འདུག ཕྱི་ལོ་ ༡༩༩༥ ལོར་བྷི་ཇི་པི་སྲིད་དོན་ཚོགས་པའི་དྲུང་ཆེར་བདམས་ཐོན་བྱུང་སྟེ། ཧི་མ་ཅལ་དང་ཧར་ཡ་ན་མངའ་སྡེའི་ནང་སྲིད་དོན་གྱི་ཕྱག་ལས་གནང་ཡོད་པ་དང་།...
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གི་སྐྱེས་སྐར་ལ་འཚམས་འདྲི་མཛད་པ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༩ ཚེས་ ༡༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ན་རེནྡྲ་མི་དྷི་མཆོག་གི་སྐྱེས་སྐར་ལ་འཚམས་འདྲི་དང་སྐུ་གཟུགས་བདེ་ཐང་ཡོང་བའི་སྨོན་འདུན་མཛད་པའི་གསུང་འཕྲིན་སྩལ་ཡོད། དེ་ཡང་འཚམས་འཕྲིན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་ཀྱིས་རྒྱ་གར་རྒྱལ་ཁབ་དེ་བཞིན་སྟོབས་ཞུགས་དང་མངའ་ཐང་ཆེ་བའི་རྒྱལ་ཁབ་ཅིག་ཏུ་གྱུར་པར་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད། རྒྱ་གར་གྱི་གོང་འཕེལ་དེ་ལས་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། ཡར་རྒྱས་ལ་ཕན་ཐོགས་ཆེན་པོ་སྒྲུབ་བཞིན་ཡོད། ཅེས་དང་། ངོས་རང་རྒྱ་གར་གྱི་ཕོ་ཉ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། རྒྱ་གར་གྱིས་འཛམ་གླིང་ལ་འཚེ་མེད་ཞི་བ་དང་། བྱམས་སྙིང་རྗེའི་དཔེ་མཚོན་སྟོན་གྱི་ཡོད་པ་དེ་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལས་བྱུང་བའི་ཞི་བདེ་དང་མཐུན་སྒྲིལ་ཡིན། དེ་བཞིན་རྒྱ་གར་གཞུང་མང་གཉིས་ནས་འདས་པའི་ལོ་ངོ་ ༦༧ ལྷག་གི་རིང་བོད་མིར་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཐའ་དོན་༸མགོན་པོ་མཆོག་གིས་སྲིད་བློན་མོ་དྷི་མཆོག་ལ་སྨོན་འདུན་མཛད་ཡོད།།
ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ཁྲོད་ཀྱི་བོད།
རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཞི་ཅིན་ཕིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་དོན་གྱི་འཚམས་འདྲིར་སྐྱོད་ནས་ཟླ་ ༩ ཚེས་ ༢༤ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལཌི་ཊམཔ་དང་མཇལ་འཕྲད་གནང་གི་ཡོད་པའི་གནས་ཚུལ་ཡོད་པ་དང་། ཡང་ཨ་རི་དང་རྒྱ་ནག་གི་འབྲེལ་བའི་འགྱུར་བའི་ནང་ལ་ཡུལ་གཉིས་ཀྱི་དཔོན་རིགས་ནས་ཁ་ཕྱོགས་དགོས་པའི་གནད་དོན་ཇི་ཙམ་ཡོད་མེད་ཐད་ལ་ཡང་སྔོན་དཔག་བྱེད་བཞིན་ཡོད། ཡུལ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས། ༡༩༧༢ ལོར་ཨ་རིའི་སྲིད་འཛིན་ནིག་སོན་གྱིས་རྒྱ་ནག་ལ་འཚམས་འདྲིར་ཕེབས་པའི་རྗེས་སུ་ ༡༩༧༩ ལོར་ཨ་རི་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་གྱི་འབྲེལ་བ་འདི་དངོས་སུ་འགོ་བཙུགས་ཡོད། རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཏེང་ཞའོ་ཕིང་གི་སྐབས་རྒྱ་ནག་འདི་བཞིན་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་བ་དང་། ཅང་ཙེ་མིན་དང་ཧུའུ་ཅིན་ཐའོ་ཡི་སྐབས་ཚོང་དོན་དང་མ་རྩ་འཇོག་པའི་འབྲེལ་བ་...
“བལ་བོད་ས་མཚམས་སུ་འདས་གྲོངས་ཕྱིན་པའི་ཐད་རྒྱ་ནག་གི་བྱ་སྤྱོད་ལ་ཐུགས་འཚབ་ཡོད།”
བལ་བོད་ས་མཚམས་སུ་མི་འདས་གྲོངས་ཕྱིན་པའི་ཐད་རྒྱ་ནག་གི་བྱ་སྤྱོད་ལ་རྒྱལ་སྤྱིའི་དོ་འཁུར་ནན་པོ་མ་བྱས་པའི་ཐད་ཐུགས་འཚབ་བྱུང་པ་སྤྱི་འཐུས་ཚོགས་གཙོས་གསུངས་སོང་། བལ་བོད་ས་མཚམས་སུ་མི་འདས་གྲོངས་ཕྱིན་པའི་ཐད་རྒྱ་ནག་གི་བྱ་སྤྱོད་ལ་རྒྱལ་སྤྱིའི་དོ་འཁུར་ནན་པོ་མ་བྱས་པའི་ཐད་ཐུགས་འཚབ་བྱུང་པ་སྤྱི་འཐུས་ཚོགས་གཙོས་གསུངས་སོང་། སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དེ་བཞིན། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལག་བསྟར་འགོ་བཙུགས་པའི་རྗེས་དང་། བོད་མི་བློ་དགའ་རང་བཙན་ལགས་ཀྱིས་ནིའུ་ཡོག་ཏུ་རང་ལུས་མེར་བསྲེགས་བཏང་པ་དང་། དེ་བཞིན་བལ་བོད་ས་མཚམས་སུ་འདམ་རུད་ཆུ་ལོག་གི་གོད་ཆག་ཚགས་ཆེ་བྱུང་བ་བཅས་ཀྱི་རྗེས་སུ་ཚོགས་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་བསྟུན། སྤྱི་འཐུས་ཁག་ཅིག་གིས་ཐེངས་འདིའི་གྲོས་ཚོགས་ཚོགས་དུས་དེའི...
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དབུ་འཛུགས་གནང་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཚོགས་ཁང་ནང་ལས་ཉིན་གྲངས་དགུའི་རིང་གི་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་གཟབ་རྒྱས་ངང་དབུ་འཛུགས་གནང་སོང་། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་དཔལ་ལྡན་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་དང་འབྲེལ། ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་སོང་།དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་དགུ་པ་དང་། བཅུ་དྲུག་གཞིར་བཟུང་། ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་གྲུབ་མཚམས། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་དུ་རྒྱ་གཞུང་གིས་བོད་རྩ་མེད་བཟོ་རྒྱུའི་སྲིད་བྱུས་སྣ་ཚོགས་སྤེལ་བཞིན་ཡོད་པར་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་ཕུལ་མཁན་རྒྱལ་གཅེས་པ་བློ་བཟང་དཔལ་ལྡན་ནམ་རང་བཙན་བློ་དགའ་ལགས་དང་། སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་དང་། བོད་མིའི་སྒྲིག་འཛུགས། བོད་རྒྱ་ཆེའི་མང་ཚོགས་བཅས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་མཁན་འཕྲོད་བསྟེན་བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག བོད་ཀྱི་བདེན་པའི་འཐབ་རྩོད་དང་། ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐད་མཛད་རྗེས་ཆེན་པོ་འཇོག་མཁན་བོད་བརྒྱུད་ནང་བསྟན་གྱི་ཞིབ་འཇུག་པ་སྐུ་ཞབས་རོ་བྷར་ཊི་ཐར་མན་ (Robert Thurman) ལགས། བོད་མིའི་རྩ་དོན་འཐབ་རྩོད་དང་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་ཐད་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་སྐུ་ཞབས་བྷར་ནེ་ ཕེ་རེང་ཀ་ (Barney Frank) ལགས་དམ་པ་རྣམས་ཀྱི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་བཅས་ཀྱིས་རིམ་བཞིན་སྙན་སྒྲོན་གནང་བ་དང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉེ་ཆར་བོད་བལ་ས་མཚམས་སུ་ཆུ་རུད་ཀྱི་གོད་ཆག་བྱུང་བར་མྱ་ངན་གུས་འདུད་དང་། དོན་ཚན་ལྔ་ཅན་གྱི་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཏོན་གནང་བར།...
སྐབས་བཅོ་བརྒྱད་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་གཉིས་པ་དབུ་འཛུགས་གནང་སོང་།
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༥-༢༠༢༦ གི་ལས་སྡོམ་སྙན་སྒྲོན་དང་བགྲོ་གླེང་གནང་གི་ཡོད་འདུག The post སྐབས་བཅོ་བརྒྱད་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་གཉིས་པ་དབུ་འཛུགས་གནང་སོང་། appeared first on བོད་ཀྱི་དུས་བབ།.
སྐབས་༡༨ པའི་སྤྱི་འཐུས་ཚོགས་གཙོའི་གྲོས་ཚོགས་ཚོགས་དུས་གཉིས་པའི་དབུ་འཛུགས་གསུང་བཤད།
སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དབུ་འཛུགས་དང་། སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་གིས་དབུ་འཛུགས་གསུང་བཤད་གནང་། The post སྐབས་༡༨ པའི་སྤྱི་འཐུས་ཚོགས་གཙོའི་གྲོས་ཚོགས་ཚོགས་དུས་གཉིས་པའི་དབུ་འཛུགས་གསུང་བཤད། appeared first on བོད་ཀྱི་བང་ཆེན།.
༧དཔལ་རྒྱལ་བ་ཀརྨ་པའི་མཚན་གནས་ཁྲིམས་ཁང་ནས་ཕྱིར་འཐེན་ཟིན་པ་མ་མཁྱེན་པར་དགོངས་སེལ།
ཕྱི་ལོ་༢༠༢༦ ཟླ་༩ ཚེས་༡༦ ཉིན། ཉིན་གྲངས་དགུའི་རིང་ཚོགས་རྒྱུའི་སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དབུ་འཛུགས་གནང་སོང་། དེ་རིང་ལས་ཉིན་དང་པོའི་ཐོག ཆོས་རིག་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་བཀའ་ཤག་གི་ལན་འདེབས་གསལ་བཤད་གནང་བའི་སྐབས། ༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་འབྲེལ་བའི་གནད་དོན་སྐོར་སྤྱི་འཐུས་ཁག་ཅིག་གིས་དྲི་བ་ནན་པོ་དྲིས་སོང་། The post ༧དཔལ་རྒྱལ་བ་ཀརྨ་པའི་མཚན་གནས་ཁྲིམས་ཁང་ནས་ཕྱིར་འཐེན་ཟིན་པ་མ་མཁྱེན་པར་དགོངས་སེལ། appeared first on བོད་ཀྱི་བང་ཆེན།.
ང་ཚོས་པེ་ཅིན་ལ་བསུན་པོ་བཟོ་དགོས།
བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༡༠༤༩ སྟེང་གི་རྩོམ་སྒྲིག་པའི་གཏམ། ངྷ་ས་དང་པེ་ཅིན་དབར་གྱི་འབྲེལ་ལམ་ཆད་ནས་ལོ་ངོ་༡༦ ཙམ་འགྲོ་ཡི་འདུག ལོ་ངོ་འདི་དག་གི་རིང་ལ་ལྟག་སྒོ་བརྒྱུད་ནས་འབྲེལ་བ་ཙག་ཙིག་རེ་བྱུང་ཡོད་སྲིད། འོན་ཀྱང་། སྔར་ལྟར་བོད་རྒྱ་འབྲེལ་མོལ་ཞེས་སྐུ་ཚབ་ཚོགས་པའི་ངོ་བོ་ནས་བོད་རྒྱའི་གནད་དོན་གླེང་བཞག་པ་ཞིག་མེད། ང་ཚོས་པེ་ཅིན་ལ་སྤྲད་པའི་བོད་ལ་ཆེས་མཐོའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དེར་རྒྱ་གཞུང་གིས་བདག་པོ་མ་བརྒྱབ་པར། ཡིག་ཆ་རྙིང་ཧྲུལ་ཞིག་ཏུ་གྱུར་ནས་ལྷག་པ་རེད། མདོར་ན་རྒྱ་གཞུང་གིས་ང་ཚོར་ཁ་ཡ་མི་བྱེད་དོན་ཅི་ཡིན་ནམ། ས་བྱི་ཞི་རྒོལ་ཆེན་མོ་ལྟ་བུའི་ས་ཆེན་པོ་ཡོམ་ཡོམ་སྒུལ་བའི་ལས་འགུལ་ཞིག་མ་བྱུང་བས་རེད་དམ། ཡང་ན། ཁྱོད་ཤི་ང་གསོན་གྱི་སྲིད་དོན་ཁེ་ཕན་ཁྲོད་བོད་དོན་ནི་ཁུར་བོ་ལྷག་མ་ཞིག་རེད་བསམ་མཁན་ཇེ་མང་དུ་སོང་བ་རེད། ང་ཚོས་པེ་ཅིན་ལ་བསུན་པོ་བཟོ་དགོས། ང་ཚོས་པེ་ཅིན་ལ་ཁོང་ཁྲོ་སློང་དགོས། ང་ཚོས་པེ་ཅིན་གཉིད་ལས་དཀྲོག་དགོས། འོ་ན། དྷ་སའི་བྱེད་ཐུབ་པ་དེ་གང་རེད་དམ། ད་ལོའི་ཕྱི་ཟླ་ ༩ ཚེས་ ༢ ཏེ་བོད་ཀྱི་དམངས་གཙོའི་དུས་དྲན་ཉིན་མོའི་གཞུང་འབྲེལ་སྐུ་མགྲོན་གཙོ་བོར་ཝང་ཊན་ཞེས་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་མགྲོན་འབོད་བྱས་འདུག དེས་རྒྱ་ནག་ལ་ཁོང་ཁྲོ་སློང་ཐུབ་ཡོད་དམ། གཅིག་ནས་ ཁོང་ནི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་གྱི་མགོ་ཁྲིད་ཅིག་རེད་ལ། གཉིས་ནས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་རྒྱ་ནག་གི་བྱ་སྤྱོད་ཐེར་འདོན་བྱེད་མཁན་ཞིག་རེད། ཁོང་དང་མཉམ་དུ་ཡོང་བའི་རྒྱ་རིགས་ཉི་ཤུ་རྩ་གྲངས་ཀྱིས་རྒྱ་ནག་གི་དམངས་གཙོ་དང་བོད་ཀྱི་མ་འོངས་པ་ཞེས་པའི་ཚོགས་འདུའི་ཐོག་ཏུ་ཕྱི་ཡུལ་ལ་ཡོད་པའི་བོད་རྒྱ་གཉིས་ཀྱིས་མཉམ་འབྲེལ་བྱས་ཏེ་རྒྱ་གཞུང་ལ་ཁ་གཏད་གཅོག་དགོས་སྐོར་བཤད་འདུག ང་ཚོའི་བཙན་བྱོལ་ནང་གི་དམངས་གཙོ་ནི་ལོ་རྒན་དྲུག་ཅུ་བརྒལ་བ་ཞིག་རེད། རྒྱ་ནག་གི་དམངས་གཙོ་ནི་བྱིས་པ་དམར་འབྱར་ཞིག་མ་རེད་ལ། ད་དུང་རྒྱ་ནག་གི་དམངས་གཙོའི་མངལ་ཡང་འཁོར་ཡོད་མ་རེད། དེས་ན་རྒྱ་ནག་གི་དམངས་གཙོ་ཞེས་པ་ནི་བླ་མ་ཕར་རི། མཆོད་པ་ཚུར་རི་ཞེས་པའི་བོད་ཀྱི་དཔེ་གཏམ་ལས་མ་འདས། འོ་ན། བོད་ཀྱི་མ་འོངས་པ་འདི་གང་འདྲ་ཆགས་ཀྱི་རེད་དམ། ༧གོང་ས་རྒྱལ་བ་རིན་པོ་ཆེས་ང་ཚོར་གནང་བའི་དམངས་གཙོའི་གསོལ་རས་འདི་བོད་ནང་གི་གཞིས་ལུས་བོད་མི་ཚོར་རྒྱུ་རྒྱུ་བདག་ལ་འཕྲོད་པ་ཞིག་ཡོང་གི་རེད་དམ། དེ་འདྲ་ཞིག་ཡོང་བར་ང་ཚོའི་ནུས་པ་མཉམ་སྤུངས་བྱེད་དགོས། རང་གི་ནུས་པས་མི་འདང་སར་གཞན་གྱི་རྒྱབ་སྐྱོར་ཡང་ལེན་དགོས།...
རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྗེད་མི་ཉན་པའི་ཐད་ཉན་ཞིབ་ཅིག་འཚོགས།
མི་རིང་བར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཨ་རིར་འཚམས་གཟིགས་བྱེད་གཏན་འཁེལ་བ་དང་བསྟུན། ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་ཐེངས་འདིའི་མགོ་ཁྲིད་གཉིས་ཀྱི་ཐུག་འཕྲད་སྐབས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གླེང་དགོས་པའི་ཉན་ཞིབ་ཅིག་འཚོགས། The post རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྗེད་མི་ཉན་པའི་ཐད་ཉན་ཞིབ་ཅིག་འཚོགས། appeared first on བོད་ཀྱི་དུས་བབ།.
རྒྱ་ནག་གི་བོད་ཐོག་འཛིན་པའི་ཐབས་བྱུས་དང་༧སྐུའི་ཡང་སྲིད་ཀྱི་གནད་དོན།
རྒྱ་ནག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་ ༡༤ ཆེན་པ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་གྱི་བརྒྱུད་རིམ་ལ་སྟངས་འཛིན་བྱེད་རྒྱུའི་གྲ་སྒྲིག་ཇི་ལྟར་བྱེད་བཞིན་ཡོད་དམ། རྒྱ་ནག་གི་གསང་བའི་བཙོན་ཁང་ཞེས་པའི་དཔེ་དེབ་གསར་པའི་རྩོམ་པ་པོ་རྒྱ་ནག་གི་གནད་དོན་ཉམས་ཞིབ་པ་ཨོར་ཝིལ་ཤེལ་ (Orville Schell) ལགས་ཀྱིས། རྒྱ་ནག་གཞུང་གིས་སྔོན་ཆད་ནས་འདི་ལྟར་བྱས་མྱོང་ཡོད་པ་བཞིན་སླར་ཡང་བྱུང་རྒྱུ་ཡིན་པ་གསུངས་སོང་། ལོ་རབས་དགུ་བཅུའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་བའི་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གིས་གར་སོང་ཆ་མེད་དུ་བཙན་ཁྲིད་བྱས་ཡོད་པས་འདི་ནི་ལོ་རྒྱུས་གསར་པ་ཞིག་ཆགས་མེད་ལ། དེའི་ཚབ་ཏུ་རྒྱ་ནག་གཞུང་གིས་བདམས་པའི་རྒྱལ་མཚན་ནོར་བུ་པཎ་ཆེན་དུ་བསྐོ་གཞག་བྱས་ཡོད། ཨོར་ཝིལ་ཤེལ་ལགས་ཀྱིས་སྤྱི་ནོར་༧...
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་མཛད་སྒོར་ཕེབས་ཞུགས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༩ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་ལས་བྱེད་གསོལ་ཚིགས་ཁང་གི་ཡང་སྟེང་ཚོགས་ཁང་དུ་བོད་ཀྱི་དུས་བབ་གསར་ཁང་ཚུགས་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་མཛད་སྒོ་ཚོགས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་དང་། རང་དབང་གསར་འགོད་པ་དང་བོད་རིག་པ་བ་ཝི་ཇེ་ཀྲན་ཏི་ (Vijay Kranti) ལགས། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་སྒྲོན་ལགས། བོད་ཀྱི་དུས་བབ་གསར་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ལུང་རིགས་རྒྱལ་ལགས། བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་ཆོས་རྒྱལ་སྐྱབས་ལགས་ཀྱིས་གཙོས་པའི་ས་གནས་ཀྱི་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་དང་ཤེས་ཡོན་བསྟི་གནས་ཁང་ཁག་གི་ལས་སྣེ་རྣམ་པ་སོགས་ལྷན་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་དང་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་མཚམས་བོད་ཀྱི་རྒྱལ་གཅེས་པ་རྣམས་ཀྱི་ཆེད་དུ་སྐར་མ་གཅིག་རིང་ངག་བཅད་ཐོག་གདུང་སེམས་མཉམ་སྐྱེད་ཞུས་རྗེས་བོད་ཀྱི་དུས་བབ་ཀྱི་རྩོམ་སྒྲིག་པས་དུས་དྲན་ངོ་སྤྲོད་དང་མི་ལོ་སུམ་ཅུའི་རིང་གི་བོད་ཀྱི་དུས་བབ་ངོ་སྤྲོད་བརྙན་ཐུང་འབུལ་ལམ་ཞུས།དེ་ནས་བོད་ཀྱི་དུས་བབ་གསར་ཁང་ཚུགས་ནས་ལོ་ངོ་ ༣༠ འཁོར་བའི་དུས་དྲན་ཐོག་བོད་ཀྱི་བསྟན་བདག་བླ་ཆེན་རྣམ་པས་སྩལ་བའི་གསུང་འཕྲིན་གཟིགས་འབུལ་ཞུས་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་དུས་བབ་ཀྱི་ལོ་ངོ་སུམ་ཅུའི་དུས་དྲན་ཆེད་དཔེ་དེབ་དབུ་འབྱེད་དང་། བོད་ཀྱི་དུས་བབ་ཀྱི་ཞབས་ལོ་ ༢༠ ཟིན་པའི་ལས་བྱེད་གཉིས་ལ་ཐུགས་རྗེ་ལེགས་འབུལ་གྱི་གཟེངས་རྟགས་གནང་གྲུབ་རྗེས་བོད་ཀྱི་དུས་བབ་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྩོམ་སྒྲིག་པ་ཟུར་པ་ལུང་རིགས་རྒྱལ་ལགས་ཀྱིས་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཕྱི་དྲིལ་བཀའ་བློན་མཆོག་དང་། དུས་བབ་རྩོམ་སྒྲིག་པ་ཟུར་པ་དང་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག བགྲོ་གླེང་ལས་རིམ་ནང་གཏམ་བཤད་གནང་མཁན་གསུམ་ལ་དྲན་རྟེན་ཕྱག་རྟགས་ཕུལ་ཏེ་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་འདི་ཉིད་ཕྱི་ལོ་ ༡༩༩༦ ལོར་གསར་འཛུགས་ཀྱིས་མུ་མཐུད་རྒྱུན་གནས་ཐུབ་ཡོད་པར་ཡི་རང་བསྔགས་བརྗོད་དང་འབྲེལ། གསར་འགྱུར་བརྒྱུད་ལམ་ཁག་ནི་སྤྱི་ཚོགས་ཀྱི་མེ་ལོང་ལྟ་བུ་ཞིག་ཡིན་པ་དང་། དེ་ཡང་མ་འོངས་པར་ཉམས་ཞིབ་པ་རྣམས་ཀྱིས་འདས་པའི་གནད་དོན་ལ་ཉམས་ཞིབ་གནང་བའི་དཔྱད་གཞིའི་རྒྱུ་ཞིག་ཆགས་ཀྱི་ཡོད་པར། བརྒྱུད་ལམ་ཁག་ནས་གནས་ཚུལ་ཁག་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྒོ་ནས་འགོད་སྤེལ་གནང་རྒྱུ་གལ་འགངས་ཆེན་པོ་ཡིན་པ་གསུངས་ཡོད། །
འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་རྒྱལ་ཡོངས་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་ཐེངས་བཞི་པའི་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་བ།
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༩ ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་ཝཱ་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཚོགས་པའི་རྒྱལ་ཡོངས་བོད་ཀྱི་གསོ་བ་རིག་པའི་ཚོགས་ཆེན་ཐེངས་བཞི་པའི་ཐོག་སྐུ་མགྲོན་གཙོ་བོར་ཆེད་ཕེབས་གནང་ཡོད། སྐབས་དེར་ཝཱ་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་དབང་ཕྲུག་རྡོ་རྗེ་ནེ་གི་ལགས་དང་། སློབ་དཔོན་ཆེན་མོ་རག་རྡོ་བློ་བཟང་བསྟན་འཛིན་ལགས། བོད་ཀྱི་སྨན་པ་ལྷན་ཚོགས་ཀྱི་ཚོགས་མི་གཙོས་གསོ་བ་རིག་པའི་མཁས་པ་དང་། ཉམས་ལེན་པ། སྐུ་མགྲོན་བཅས་ཕེབས་ཞུགས་གནང་ཡོད།དེ་ཡང་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་གིས་ཐོག་མར་བོད་ཀྱི་གསོ་བ་རིག་པའི་ཉམས་ལེན་པ་ཚོར་བསྔགས་བརྗོད་གནང་ཞིང་། ཁོང་ཚོའི་ལྷག་བསམ་ལ་བརྟེན་ནས་བོད་ཀྱི་གསོ་བ་རིག་པ་ཉར་ཚགས་དང་གོང་འཕེལ་ཐུབ་པ་མ་ཟད། སེམས་ཅན་གྲངས་ལས་འདས་པར་ཕན་ཐོགས་ཡོད་པ་གསུངས། དེ་བཞིན་ཁོང་མོས་བོད་ཀྱི་སྲོལ་རྒྱུན་གསོ་བ་རིག་པའི་རྒྱུན་གནས་དེ་ཡང་ལྟ་གྲུབ་ཀྱི་རྩ་བ་དང་། སྤྱི་ཚོགས་བདེ་དོན་ལ་ཁ་ཡོད་ལག་ཡོད་ཀྱི་ཞབས་འདེགས་སྒྲུབ་རྒྱུ་ལ་ཐུག་ཡོད་པ་ནན་བརྗོད་གནང་། དེ་ནས་བཀའ་བློན་མཆོག་གིས་བོད་ནང་བོད་མིའི་ངོ་བོ་ཐོག་དམ་བསྒྲགས་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་འགྲེལ་བརྗོད་གནང་སྟེ་བཙན་བྱོལ་བོད་མི་ཚོས་སོ་སོའི་རིག་གཞུང་སྲུང་སྐྱོབ་དང་སྲ་བརྟན་གཏོང་རྒྱུའི་ཐོག་འགན་ཁུར་དགོས་པའི་སྐུལ་མ་གནང་བ་དང་ཆབས་ཅིག ཕྱི་ལོ་ ༡༩༨༨ ལོར་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསོ་བ་རིག་པའི་སློབ་ཕྲུག་རྣམས་ལ་གནང་བའི་བཀའ་སློབ་གསལ་སྟོན་གྱིས་བོད་ཀྱི་གསོ་བ་རིག་པ་ནི་ཆེད་ལས་ཙམ་མ་ཡིན་པར་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་ཁས་ལེན་ཞིག་ཡིན་པ་གསུངས།དེ་མཚུངས་བཀའ་བློན་མཆོག་གིས་གཡུ་ཐོག་ཡོན་ཏན་མགོན་པོའི་མཛད་རྣམ་དང་། རྒྱུད་བཞིའི་སྐོར་གསལ་སྟོན་གནང་ཞིང་། སློབ་མ་དང་ཉམས་ལེན་པ་ཚོས་བོད་ཀྱི་སྲོལ་རྒྱུན་དེ་དག་ལ་སྦྱང་བརྩོན་དང་། གཅེས་སྐྱོང་གནང་དགོས་པའི་སྐུལ་མ་གནང་། ཁོང་མོས་དེང་དུས་དགོས་མཁོ་དང་མཐུན་པར་གསོ་བ་རིག་པ་གོང་འཕེལ་གཏོང་རྒྱུ་དང་། དེའི་ཕན་ཡོན་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་ཆེད་ཤེས་ཡོན་སྤུས་ཚད་དང་། གསར་གཏོད། མཉམ་འབྲེལ་གྱི་འབད་བརྩོན་བཅས་དགོས་གལ་ཡིན་པ་གསུངས། དེ་རྗེས་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསོ་བ་རིག་པའི་སྒྲིག་འཛུགས་དང་ཉམས་ལེན་པ་ནང་ཁུལ་མཐུན་སྒྲིལ་དགོས་གལ་དང་། ཚོགས་ཆེན་ཐོག་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་རྗེས་མའི་ཚོགས་ཆེན་མ་ཚོགས་གོང་ལག་བསྟར་གནད་སྨིན་ཡོང་བའི་སྐུལ་མ་གནང་ཡོད། མཐར་ཁོང་མོས་གསོ་བ་རིག་པའི་སྲོལ་རྒྱུན་དར་ཞིང་རྒྱས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་མྱུར་དུ་ཞབས་སོར་འཁོད་ཐུབ་པ། བོད་གཞིས་བྱེས་གཉིས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུས་གནང་ཡོད། དབུ་འབྱེད་མཛད་སྒོ་གྲུབ་རྗེས་འཕྲོད་བསྟེན་བཀའ་བློན་པདྨ་མཚོ་མཆོག་ཝཱ་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དཔེ་མཛོད་དང་། ཉེ་བའི་རིགས་བདག་གི་ལས་ཁུངས། ཉེ་ཆར་གསར་རྒྱག་གནང་བའི་གསོ་བ་རིག་པའི་སྨན་ཁང་བཅས་སུ་འཚམས་གཟིགས་གནང་ཡོད།།
ཨ་རིའི་གྲོས་ཚོགས་གོང་འོག་གི་ལས་ཁུངས་༤༥་ཙམ་ལ་བོད་རང་བཙན་ཞུ་གཏུགས་གནང་།
བོད་རང་བཙན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་བའི་སྐབས། གྲོས་ཚོགས་གོང་འོག་གི་ལས་བྱེད་མང་པོས།ལས་འགུལ་སྤེལ་མཁན་རྣམས་ལ་བཀའ་དྲིན་ཆེ་ཞེས་གསུངས་ཏེ། བོད་ཀྱི་རྩ་དོན་ལ་སེམས་ཐག་ཧ་ཅང་ཉེ་པོས་ཞུ་གཏུགས་ཀྱི་ཡིག་ཆ་དང་ལེན་དང་། བོད་རང་བཙན་སླར་གསོའི་དགོས་འདུན་ལ་ལྷག་པར་ཐུགས་སྣང་ཆེན་པོ་གནང་འདུག ཕྱི་ལོ་༢༠༢༦ཟླ་༩ཚེས་༡༤ཉིན་སྟེ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རིར་མ་སླེབས་པའི་ཉིན་གྲངས་བཅུའི་སྔོན་དུ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག ཨ་རིའི་གཞུང་ལ་བོད་རང་བཙན་གྱི་ཞུ་གཏུགས་ལས་འགུལ་རྒྱ་ཆེ་ཞིག་སྤེལ་འདུག ཐེངས་འདིའི་ཞུ་གཏུགས་ལས་འགུལ་ནང་། The post ཨ་རིའི་གྲོས་ཚོགས་གོང་འོག་གི་ལས་ཁུངས་༤༥་ཙམ་ལ་བོད་རང་བཙན་ཞུ་གཏུགས་གནང་། appeared first on བོད་ཀྱི་བང་ཆེན།.
མི་རབས་གསར་པའི་ལས་འགུལ་ལ་རྗེས་དྲན།
མི་རབས་གསར་པའི་ངོ་རྒོལ་ལས་འགུལ་གྱི་དཔང་པོ་གཉིས་ཀྱིས་དུས་ཚིགས་དེ་ཕྱིར་དྲན་བྱེད་དེ་དུས་ད་ལྟ་ཡང་དགའ་སྐྱོ་ཟུང་སྦྲེལ་གྱི་ཚོར་བ་ཞིག་བྱུང་གི་ཡོད་པ་གསུང་གི་འདུག ཕྱི་ལོ་ ༡༩༨༧ ནས་འགོ་འཛུགས་ཀྱིས་ཕྱི་ལོ་ ༡༩༨༩ བར་བོད་ཀྱི་རྒྱལ་ས་ལྷ་སར་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་གྱི་དགེ་འདུན་པ་རྣམ་པས་སྣེ་ཁྲིད་དེ། ལོ་རབས་ ༥༠ འི་གནས་སྟངས་མཐོང་མྱོང་མེད་པའི་བོད་ནང་མི་རབས་གཞོན་པས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་སྐབས་སུ་གནས་སྟངས་ཆ་ཚང་དངོས་སུ་མཐོང་མྱོང་ཡོད་པ། ཕྱི་རྒྱལ་མི་སེར་གཉིས་ཀྱིས་སྐབས་དེ་དུས་ཀྱི་གནས་སྟངས་རྣམས་ད་ལྟ་ཕྱིར་དྲན་བྱས་ཚེ་བསམ་ཡུལ་ལས་འདས་པའི་གདུག་རྩུབ་ཅན་ཞིག་དང་། བོད་མི་རྣམས་ཀྱིས་རྒྱ་ནག་དམག་མིར་རྒོལ་སྟངས་ཀྱི་རྣམ་པ་ཕྱིར་དྲན་བྱས་ཚེ་དགའ་སྐྱོ་ཟུང་སྦྲེལ་གྱི་ཚོར་བ་ཞིག་བསྟེར་ཡོང་གི་ཡོད་པ་གསུང་གི་འདུག དེ་ཡང་པར་པ་འཇོན་ཨེ་ཀར་ལི་ (John Ackerly) ལགས་...
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མི་རབས་གསར་པའི་ཞི་རྒོལ་ལས་འགུལ་སྤེལ་ནས་བགྲང་བྱ་ ༤༠ འཁོར་བའི་ཕྱིར་དྲན་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་ག...
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༩ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་མི་རབས་གསར་པའི་ཞི་རྒོལ་ལས་འགུལ་སྤེལ་ནས་བགྲང་བྱ་ ༤༠ འཁོར་བའི་ཕྱིར་དྲན། (Reflecting on the 40th Anniversary of the New Generation’s Peaceful Protest Movements) ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བདེ་སྲུང་བཀའ་བློན་ཀུན་དགའ་བཀྲ་ཤིས་མཆོག དམིགས་བསལ་སྐུ་མགྲོན་དུ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ངག་དབང་འོད་འབར་ལགས་དང་སྨན་པ་སྦི་ལེག་ཀེར་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཇོན་ཨེ་ཀར་ལི་ལགས། དེ་བཞིན་ཕྱི་དྲིལ་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས། མི་རབས་གསར་པའི་ཞི་རྒོལ་སྐབས་ལས་འགུལ་སྤེལ་མཁན། གསར་འགོད་པ། མཉམ་ཞུགས་པ་བཅས་ལྷན་འཛོམས་ཀྱིས་ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་དང་། སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་མཚམས་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་རྗེས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་སྐུ་མགྲོན་རྣམས་ལ་དུས་ཐུང་འགྲེམས་སྟོན་སྐོར་སྐྱོད་གནང་ཡོད།དེ་ནས་དུས་ཐུང་འགྲེམས་སྟོན་གྱི་ནང་དོན་བཀོད་སྒྲིག་པ་འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་ཀྱིས་འགྲེམས་སྟོན་འདིའི་ངོ་སྤྲོད་དང་འབྲེལ་ཐེངས་འདིའི་འགྲེམས་སྟོན་དེ་བཞིན་མི་རབས་གསར་པའི་ཞི་རྒོལ་ཐོག་བོད་མི་དང་ཕྱིའི་མི་རིགས་ཚོའི་བལྟ་ཚུལ་དང་། ལྷག་པར་ལས་འགུལ་དེའི་གྲུབ་འབྲས་གང་ཐོན་ཡོད་མེད། ལས་འགུལ་དེའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་ཚུལ། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་ཐུགས་རེ། མི་རབས་གསར་པའི་ཞི་རྒོལ་ལ་གཞིས་བྱེས་བོད་མིས་གདུང་སེམས་མཉམ་སྐྱེད། བཙོན་ཁང་ནང་གི་མནར་གཅོད་དང་དཔའ་བོའི་བློ་སྟོབས།...
རྒྱ་ནག་གིས་ས་མཚམས་སུ་དམག་མི་ཉུང་དུ་བཏང་ཡང་རྒྱ་གར་གྱིས་དམག་མི་གྲ་སྒྲིག་ཨང་གསར་ཡིན་པ་བརྗོད།
རྒྱ་གར་གྱི་བདེ་སྲུང་ལྷན་ཁང་གིས་ཕྱི་ལོ་༢༠༢༥ དང་༢༠༢༦ ལོའི་བདེ་སྲུང་སྐོར་གྱི་སྙན་ཐོ་ཞིག་བཏོན་པའི་ནང་། ད་ཆར་རྒྱ་ནག་གིས་ཧིན་བོད་གཉིས་ཀྱི་ས་མཚམས་སུ་དམག་མི་ཉུང་དུ་བཏང་ཡོད་ཀྱང་། དམག་སྦྱོང་སྤྲོད་སའི་ས་ཚུགས་ཁག་ཏུ་སྔར་ལྟར་དམག་མི་ཕོན་ཆེན་པོ་ཡོད་པ་བརྗོད་འདུག The post རྒྱ་ནག་གིས་ས་མཚམས་སུ་དམག་མི་ཉུང་དུ་བཏང་ཡང་རྒྱ་གར་གྱིས་དམག་མི་གྲ་སྒྲིག་ཨང་གསར་ཡིན་པ་བརྗོད། appeared first on བོད་ཀྱི་བང་ཆེན།.
“བོད་མི་ཚོས་རྒྱ་ནག་གཞུང་ལ་མ་གཏོཊ་རྒྱ་རིཊ་སྤྱི་བྱིངས་ལ་འཁོན་འཛིན་བྱེད་ཀྱི་མི་འདུག"
ཨ་རིར་གནས་སྡོད་རྒྱ་རིགས་གསར་འགོད་པ་ཞིག་གིས་དངོས་བདེན་གནས་ཚུལ་ལ་གཞིཊ་ཏེ་རྒྱ་རིགས་རྣམས་ཀྱི་བཙན་བྱོལ་བོད་མིར་ལྟ་ཕྱོགས་དངོས་ལ་ཞིབ་འཇུག་གིས་རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱེད་བཞིན་པའི་དྲིལ་བསྒྲགས་ལས་ལྡོག་སྟེ་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་གསུངས་བྱུང་། (Far from the rooftop of the world) ཞེས་འཛམ་གླིང་གི་ཡང་རྩེ་ནས་རྒྱང་ཐག་རིང་བ་ཞིག་ནས། ཞེས་ཨ་རིར་གནས་བཞུགས་རྒྱ་རིགས་གསར་འགོད་པ་ཨེ་མི་ཡི་ཡིས་གླིང་ཆེན་བཞིའི་ནང་གི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་གཏམ་རྒྱུད་ལ་རྗེས་སུ་འབྲངས་ཏེ། བོད་མི་རྣམས་བོད་བཞག་སྟེ་བཙན་བྱོལ་ལུང་པར་གྱར་དགོས་བྱུང་སྟེ་གཞིས་ཆགས་ཚུལ་དང་། བརྒྱུད་རིམ་དེའི་ཁྲོད་བོད་ཀྱི་ངོ་བོ་དང་སྐད་ཡིག་རིག་གཞུང་སོགས་རྒྱུན་འཛིན་བྱེད་ཕྱོགས་ཀྱི་རྣམ་པ་དང་འབྲེལ་བའི་སྐོར་དཔེ་དེབ་ཅིག་བརྩམས་ཡོད་པ་དེའི་ཐོག་བགྲོ་གླེང་གནང་ཡོད་པ་རེད་ལ། འདི་ནི་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱ...
རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།
གོ་ལ་འདིར་ས་བབ་ཀྱི་ཆ་ནས་བརྟན་ལྷིང་མེད་ཅིང་། ས་ཁམས་ཆབ་སྲིད་ཀྱི་ཐད་ནས་ཉེན་ཁ་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཏུ་འཛམ་གླིང་གི་ཆུ་མཛོད་ཆེ་ཤོས་དེ་[1]འཛུགས་བསྐྲུན་བྱེད་བཞིན་པའི་སྐབས་ཡིན། དེ་ཡང་དམག་མི་འབོར་ཆེན་འགྲེམ་འཇོག་བྱས་ཡོད་པའི་རྒྱ་གར་གྱི་ས་མཚམས་དང་རྒྱང་ཐག་སྤྱི་ལེ་ཁ་ཤས་ལས་མེད་པའི་སར། རྒྱ་ནག་གིས་ད་བར་བྱུང་མྱོང་མེད་པའི་ཆུ་ཤུགས་གློག་འདོན་གྱི་ལས་གཞི་ཞིག་སྒྲུབ་བཞིན་པ་རེད། The post རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད། appeared first on བོད་ཀྱི་དུས་བབ།.























