Tibetan
ཨ་རུ་ནཱ་ཅལ་དང་རྒྱ་ནག་གིས་བཙན་བཟུང་བྱས་པའི་བོད་བར་ས་མཚམས་ཡོད་པ་ནན་བརྗོད།
རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་སྲིད་བློན་ཆེན་མཆོག་གིས་ཨ་རུ་ནཱ་ཅལ་མངའ་སྡེ་དང་རྒྱ་ནག་གི་བཙན་བཟུང་བྱས་པའི་བོད་བར་ས་མཚམས་ཡོད་པ་ནན་བརྗོད་གནང་འདུག དེ་ཡང་ཟླ་བ་འདིའི་ཚེས་ ༡ ནས་ ༣ བར་ཉིན་གྲངས་གསུམ་རིང་ཇམ་མུ་ནང་དུ་རྟེན་གཞི་བྱས་པའི་ Galaxy College of Education, Jammu མཐོ་སློབ་དེའི་ནང་རྒྱལ་ཡོངས་བདེ་འཇགས་ཀྱི་གོ་རྟོགས་ལྷན་ཚོགས་ The Forum for Awareness of National Security (FANS) ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༡ པ་དེ་འཚོགས་འདུག་པ་དང་། ལྷན་ཚོགས་དེའི་ཐོག་སྐུ་མགྲོན་གཙོ་བོར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་སྲིད་དང་མཐའ་མཚམས་བློན་ཆེན་ Mama Natung མཱ་མཱ་ནཱ་ཏུང་ལགས་གདན་ཞུས་གནང་འདུག་ཅིང་། ཁོང་གིས་གསར་འགོད་པའི་དྲི་བར་ལས་འདེབས་ཁྲོད། རྒྱ་ནག་གིས་ས་མཚམས་གནད་དོན་དང་འབྲེལ་ནས་བྱེད་བབ་ལ་སྐྱོན་བརྗོད་ཀྱིས། ད་ལྟའི་རྒྱ་གར་ནི་རྒྱ་ནག་གི་ཧམ་འཛུལ་ལ་གླགས་རྙེད་པ་ཞིག་ཡོད་སྐོར་གསུངས་བ་མ་ཟད། རྒྱ་གར་དང་འབྲེལ་བའི་རྒྱལ་སྤྱིའི་ས་མཚམས་ ༧ ཡོད་པའི་ནང་ནས་ཨ་རུ་ནཱ་ཅལ་ལ་གསུམ་སྟེ། Myanmar འམ་འབར་མ་དང་། འབྲུག དེ་བཞིན་རྒྱ་ནག་གིས་དབང་འགྱུར་བྱས་པའི་བོད་ཡིན་ཞིང་། བོད་ནི་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་ལས་རྒྱ་ནག་མ་རེད་ཅེས་ནན་བརྗོད་ཀྱིས། ཕྱི་ལོ་...
ཕྱི་ལོ་༢༠༢༦-༢༠༢༧ ལོའི་སློབ་དུས་ཀྱི་འཛུལ་རྒྱུགས་ཆེན་མོའི་ཡོངས་ཁྱབ་གསལ་བསྒྲགས།
ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སོབ་གཉེར་ཁང་ནྱི་༸སྱི་ནོར་༸གོང་ས་སྐྱབས་མགོན་སྐུ་ཕེང་བཅུ་བཞྱི་པ་ཆེན་པོ་མཆོག་གྱི་དགོངས་གཞྱི་ལྟར་རྒྱ་གར་ དབུས་གཞུང་གྱི་མཐུན་རེན་འགོ ་བཙུགས་པའྱི་བོད་ཀྱི་གཙུག་ལག་སོབ་གཉརེ ་ཁང་ཞྱིག་ཡྱིན་པ་མ་ཟད། རྒྱ་གར་ག་ྱི མཐོ་སོབ་མཐུན་སྦྱིན་ལྷན་ཚགོ ས་(UGC)ཁྱིམས་ ཡྱིག་༡༩༥༦གྱི་དོན་ཚན་གསུམ་པའྱི་དགོངས་དོན་ལྟར་མཐོ་སོབ་ཏུ་ཚད་འཛིན་ངོས་བཞེས་ཐོབ་པ་ཞྱིག་ཡྱིན་པ་དང་། རྒྱ་གར་རྒྱལ་ཡོངས་ཞྱིབ་དཔོད་ཚད་འཛིན་ལྷན་ ཚགོས་(NAACorNationalAssessmentandAccreditationCouncil)ནས་རྒྱལ་ཡོངས་ཚད་མཐོའ་ིཨང་རྱིམ་ཀ་པའྱི་གདེང་འཇོག་གནང་ ཡོད། The post ཕྱི་ལོ་༢༠༢༦-༢༠༢༧ ལོའི་སློབ་དུས་ཀྱི་འཛུལ་རྒྱུགས་ཆེན་མོའི་ཡོངས་ཁྱབ་གསལ་བསྒྲགས། appeared first on བོད་ཀྱི་བང་ཆེན།.
བལ་ཡུལ་མཆོད་འཇོར་འཐུས་མིས་དབུས་འོས་བསྡུ་ལས་ཁུངས་ཀྱི་ཁ་གཏད་དུ་ཁྲིམས་གཏུག་སྙན་ཞུ་ཕུལ་བ།
ཕྲུ་གུ་ངུ་ས་ཕ་མ་ཡིན་པར་བརྟེན་ཐེངས་འདིར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཅར་བ་ཡིན་ཞེས་བལ་ཡུལ་མཆོད་འཇོར་སྐུ་ཚབ་ཀྱིས་གསུངས་པ།
བོད་ནང་དྲག་རྩུབ་ཀྱི་གནས་སྟངས་ངོས་འཛིན་གནང་རྒྱུའི་ཨ་རིའི་གྲོས་ཚོཊ་སུ་ཁྲིམས་འཆར་བཏོན་པ།
བོད་ནང་དྲག་རྩུབ་ཀྱི་གནས་སྟངས་ངོས་འཛིན་གྱི་ཁྲིམས་འཆར་ཞིག་ཨ་རིའི་གྲོས་ཚོཊ་འཐུས་མིས་བཏོན་པ།
མཆོད་འཇོར་ས་གནས་མི་མང་གི་འཐུས་ཚབ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་སྙན་ཕུལ་བ།
བལ་ཡུལ་མཆོད་འཇོར་ས་གནས་མི་མང་གི་འཐུས་ཚབ་བློ་བཟང་ཚེ་རིང་ལགས་ཀྱིས་བལ་ཡུལ་མཆོད་འཇོར་ས་གནས་མི་མང་དང་དགོན་སྡེ་ཁག་དྲུག་བཅས་ཀྱི་ཐོབ་ཐང་བཀག་སྐྱིལ་བྱས་པར་དབུས་འོས་བསྡུ་ལས་ཁང་ལ་ཁྲིམས་གཏུགས་བྱ་རྒྱུའི་སླད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཕེབས་ཡོད་པ་གསུངས་སོང་། དེ་ཡང་ཉེ་ཆར་ཕྱི་ཟླ་ ༢ པའི་ཚེས་ ༡ ཉིན་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་བལ་ཡུལ་མཆོད་འཇོར་ས་ཁུལ་ནས་འོས་བསྡུའི་སྒྲིག་གཞིར་འགལ་འཛོལ་ཚབས་ཆེ་བྱུང་བའི་ངོས་འཛིན་དང་འབྲེལ། དབུས་འོས་བསྡུ་ལས་ཁང་གིས་ཟླ་བ་འདིིའི་ཚེས་ ༢༣ ཉིན་མཆོད་འཇོར་ས་གནས་མང་ཚོགས་ལ་དངོས་གཞི་འོས་འཕང་རྒྱུའི་ཐོབ་ཐང་ཕྱིར་འཐེན་གནང་རྒྱུའི་ཐག་གཅོད་གནང་ཡོད་པ་ལྟར། སྤྱི་ཚོགས་ནང་གནད་དོན་དེའི་ཐོག་སེམས་འཚབ་ཀྱིས་ལབ་གླེང་ཤུགས་ཆེ་བྱུང་བ་དང་། ལྷག་པར་དུ་མཆོད་འཇོར་ས་གནས་མི་མང་གིས་ཡིག་ངག་གཉིས་ཐོག་ནས་རེ་སྐུལ་ནན་པོ་ཞུས་པ་མ་ཟད། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ ཡོལ་ཙམ་ལ་མཆོད་འཇོར་ས་གནས་མི་མང་གི་སྐུ་ཚབ་ཞུ་འབྱོར་བ་བློ་བཟང་ཚེ་རིང་ལགས་དང་ཁོང་གི་ཁྲིམས་རྩོད་པ་བཅས་བཞུགས་སྒར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུགས་ཀྱི་ཞུ་སྙན་ཕུལ་བར་ཆེད་བཅར་ཞུས་གནང་སོང་། སྐབས་དེར་འདི་གའི་གསར་འགོད་པས་ཞུ་འབྱོར་བ་བློ་བཟང་ཚེ་རིང་ལགས་སུ་དེ་རིང་འདིར་ཕེབས་དགོས་དོན་དང་འབྲེལ་ནས་བཀའ་འདྲི་ཞུ་སྐབས། ཁོང་གིས་ད་རེས་མཆོད་འཇོར་ས་གནས་མི་མང་གི་རྒྱབ་སྐྱོར་ཐོག་ནས་གཙོ་བོ་དབུས་འོས་བསྡུ་ལས་ཁང་གིས་བལ་ཡུལ་མཆོད་འཇོར་ས་གནས་མི་མང་དང་དགོན་སྡེ་ཁག་དྲུག་བཅས་ཀྱི་ཐོབ་ཐང་བཀག་སྐྱིལ་བྱས་པར་ཁྲིམས་གཏུགས་བྱ་ཆེད་འདིར་ཕེབས་ཡིན་སྐོར་འགྲེལ་བརྗོད་དང་འབྲེལ། ཐེངས་འདིའི་དངོས་གཞིའི་འོས་བསྡུའི་ཁྲོད་མཆོད་འཇོར་ས་གནས་མང་ཚོགས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་རྩལ་མཛད་པའི་མང་གཙོའི་ཁེ་དབང་བཙན་འཕྲོག་བྱས་པའི་ཐད་བློ་ཕམ་ཆེན་པོ་བྱུང་ཡོད་ཅེས་གསུངས་སོང་། བློ་བཟང་ཚེ་རིང་ལགས་ཀྱི་ཁྲིམས་གཏུགས་རྩོད་ལེན་པ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བའི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་སྒྲོལ་དཀར་ལགས་སུ་བཀའ་འདྲི་ཞུ་སྐབས། ཁོང་གིས་བློ་བཟང་ལགས་ཁ་སང་བོད་མིའི་ཁྲིམས་ལུགས་པའི་ལས་ཁུངས་སུ་ཕེབས་པ་དང་ཁོང་གི་གྱོད་དོན་ཐོག་གྲོས་བསྡུར་ཞིབ་འཇུག་གནང་རྗེས་དེ་རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གནད་དོན་དེ་ཉིད་སྐོར་ཁྲིམས་གཏུགས་ཀྱི་ཞུ་སྙན་ཕུལ་ཡོད་པ་དེ་ལྟར་ཡང་། ཁྲིམས་ཁང་ནས་དེའི་ཐོག་ཞིབ་འཇུག་གིས་ལྗགས་ལན་གནང་རྒྱུ་ཡིན་པའི་བཀའ་ལན་ཕེབས་ཡོད་པ་གསུངས་སོང་། མ་ཟད་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པའི་ཁྲིམས་མཐུན་ལས་བྱེད་རིན་ཆེན་དབང་རྒྱལ་ལགས་སུ་དེའི་སྐོར་བཀའ་འདྲི་ཞུ་སྐབས། ཁོང་གིས་དེ་རིང་གི་ཁྲིམས་གཏུགས་ཞུ་སྙན་དེར་མཆོད་འཇོར་ས་གནས་མི་མང་དང་དགོན་སྡེ་ཁག་དྲུག་བཅས་ནས་ཁྱོན་མང་ཚོགས་ ༣༠༠ མན་ཙམ་གྱིས་རྒྱབ་གཉེར་དཔང་རྟགས་གནང་ཡོད་པ་གསུངས་སོང་། གནད་དོན་འདི་དང་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་དེ་རིང་ཉིན་རྒྱབ་ཏུ་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་སྤྱི་ཟུར་བློ་བཟང་ཡེ་ཤེས་ལགས་སུ་བཅར་འདྲི་ཞུ་སྐབས། ཁོང་གིས་དབུས་འོས་བསྡུ་ལས་ཁང་ངོས་ནས་དེ་སྔོན་མཆོད་འཇོར་ཁུལ་ནས་འོས་བསྡུའི་སྒྲིག་གཞིར་འགལ་འཛོལ་ཚབས་ཆེན་བྱུང་བའི་ངོས་འཛིན་འོག་ས་གནས་དེར་དངོས་གཞིའི་འོས་བསྡུའི་ལས་རིམ་ཐེངས་གཅིག་ཕྱིར་འཐེན་གནང་རྒྱུའི་ཐག་གཅོད་གནང་བའི་རྗེས་སུ། འབྲེལ་ཡོད་ཀྱིས་དེ་སྔ་ནོར་འཁྲུལ་ངོས་ལེན་མ་གནང་བ་དག་ཕྱིས་སུ་ངོས་ལེན་གནང་ཡོད་པ་མ་ཟད། ས་གནས་མང་ཚོགས་ནས་དབུས་འོས་བསྡུ་ལས་ཁུངས་ལ་ས་གནས་ས་ཐོག་ཞིབ་འཇུག་འཕར་མ་གནང་སྐྱོང་ཡོང་བ་དང་འབྲེལ། མང་ཚོགས་ཀྱི་འོས་འཕང་རྒྱུའི་ཐོབ་ཐང་ཕྱིར་སློག་གནང་དགོས་པའི་རེ་སྐུལ་ཞུས་ཡོད་པ་དང་། གནད་དོན་དེ་དག་ལ་གཞིགས་ཏེ་ཟླ་བ་སྔོན་མའི་ཚེས་ ༢༨ ཉིན་དབུས་འོས་བསྡུ་འགན་འཛིན་གྱིས་ངག་ཐོག་ནས་འབྲེལ་ཡོད་ལ་མཆོད་འཇོར་ས་གནས་སུ་ཞིབ་འཇུག་གནང་རྒྱུ་དང་ལྷན་མང་ཚོགས་ལ་འོས་འཕང་རྒྱུའི་ཐོབ་ཐང་གནང་དགོས་པའི་ཐག་གཅོད་མངོན་གསལ་གནང་ཡོད་པ་གསུངས་སོང་། ཡིན་ནའང་ས་གནས་སུ་འོས་བསྡུའི་གྲ་སྒྲིག་གི་བརྒྱུད་རིམ་ཁྲོད་འབྲེལ་ཡོད་ཁག་ནས་ཕྱར་གྲུ་མཉམ་འདེགས་གནང་ཐུབ་མིན་དང་ཞིབ་འཇུག་ཚོགས་ཆུང་ནང་བཞུགས་ཐུབ་མིན་གྱི་ཐོག་ནས་གླེང་སློང་གང་ཙམ་བྱུང་རྗེས། ཟླ་བ་འདིའི་ཚེས་ ༡ ཉིན་ཆོས་འབྱོར་ས་གནས་འོས་བསྡུ་འགན་འཛིན་ནས་འོས་བསྡུའི་ལས་རིམ་གྲ་སྒྲིག་ཐུབ་རྒྱུ་ཡིན་པའི་སྐོར་གསུངས་ནས་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་གནང་བ་མ་ཟད། ས་གནས་སུ་དངོས་གཞིའི་འོས་བསྡུ་བསྐྱར་དུ་བྱ་རྒྱུའི་ཐག་གཅོད་ཀྱི་བཀོད་ཁྱབ་ཀྱང་བཏང་ཟིན་ཡོད་པ་དེ་ལྟར་ཡང། ཕྱི་ཚེས་...
༧གོང་ས་མཆོག་གི་མཛད་འཕྲིན་ཁག་ལ་གཟེངས་རྟཊ་ཀྱིས་ཚད་དཔོག་ཐུབ་རྒྱུ་ཞིག་མ་རེད་གསུངས་པ།
ང་རང་བློ་རྩེ་གཅིག་གཏད་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་ལ་དད་གུས་ཞུ་མཁན་ཞིག་ཡིན།
རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་དང་བོད་རིགས་རྒྱ་སྒྱུར་བྱེད་བཞིན་པ།
[དྷ་རམ་ས་ལར།] ཕྱི་ལོ་༢༠༢༦ ཟླ་༥ ཚེས་༤ ཉིན། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་ (Human Rights Watch) The post རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་དང་བོད་རིགས་རྒྱ་སྒྱུར་བྱེད་བཞིན་པ། appeared first on བོད་ཀྱི་བང་ཆེན།.
དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།
དེ་རིང་ཉིན་རྒྱབ་ཏུ་བལ་ཡུལ་ནས་ཕེབས་པའི་བློ་བཟང་ཚེ་རིང་ལགས་ཀྱིས། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཁྲིམས་རྩོད་པ་བརྒྱུད། བལ་ཡུལ་མཆོད་འཇོར་མི་མང་ལ་དངོས་གཞི་འོས་བསྡུའི་ཐོབ་ཐང་འཕྲོག་པའི་གནད་དོན་དང་འབྲེལ་ནས། དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་གཏུག་བྱས་སོང་། The post དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས། appeared first on བོད་ཀྱི་དུས་བབ།.
སྔོན་འགྲོ་སློབ་གྲྭའི་བོད་ཕྲུག་རྣམས་ལ་རྒྱ་སྐད་སློབ་ཁྲིད་གཙོས་རྒྱལ་གཅེས་ཀྱི་སློབ་གསོ་སྤེལ་བཞིན་པ་དེས་བོད་མིའི་ངོ་བོ་དང་ཆོས་རིག་རྩ་མེད་འགྲོ་ཉེན་ཡོད་པ་མངོ...
ཨ་རིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་གིས་སྤྱི་སྐད་ཁྱབ་སྤེལ་གྱི་མིང་འོག་ནས་བོད་ཁུལ་ཡོངས་དང་བྱེ་བྲག་ཏུ་བུ་བཅོལ་ཁང་དང་སྔོན་འགྲོའི་སློབ་གྲྭ་ཁག་གི་བོད་ཕྲུག་བྱིས་པ་རྣམས་ལ་བཙན་གྱིས་སྐད་གཉིས་སློབ་གསོ་ཟེར་བ་ལག་བསྟར་གྱིས་བོད་རིགས་བྱིས་པ་ཚོས་བོད་སྐད་ཡིག་སློབ་སྦྱོང་བྱེད་རྒྱུར་བཀག་སྡོམ་ཙམ་མ་ཟད། སྔོན་འགྲོའི་སློབ་གྲྭ་ནང་གི་བོད་པའི་ལོ་ཆུང་བྱིས་པ་ཚོར་རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་དང་ཡིད་ཆེས་འགྱུར་བ་མེད་པ་བྱེད་དགོས་སྐོར་གྱི་སློབ་གསོ་སྤེལ་བཞིན་པར་མངོན་གསལ་དང་འབྲེལ། དེས་བོད་མིའི་ངོ་བོ་དང་ཆོས་རིག་བཅས་པ་རྩ་མེད་འགྲོ་ཉེན་ཡོད་པའི་བློ་ཚབས་ཆེས་ཆེར་གསལ་སྟོན་གནང་འདུག དེ་ཡང་ཨ་རི་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཁ་སང་ཕྱི་ཚེས་ ༤ ཉིན་རྒྱ་ནག་གིས་བོད་ཁུལ་གྱི་སྔོན་འགྲོའི་སློབ་གྲྭ་ཁག་གི་ནང་བཙན་ཤེད་ཀྱིས་སྐད་གཉིས་ཀྱི་སློབ་གསོ་ལག་བསྟར་བྱེད་བཞིན་པའི་གནད་དོན་ཐད་སྙན་ཐོ་ཤོག་གྲངས་ ༧༢ ཅན་ཞིག་འདོན་སྤེལ་གནང་ཡོད་པའི་ནང་། ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་ཤེས་རིག་ལྷན་ཁང་ནས་ Children’s Speech Harmonization Plan འམ་བྱིས་པའི་གཏམ་བཤད་མཐུན་སྒྲིལ་གྱི་སྲིད་བྱུས་ཟེར་བའི་འོག་བོད་ཚུད་པའི་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྔོན་འགྲོའི་སློབ་གྲྭར་སློབ་ཁྲིད་བྱེད་པའི་བརྒྱུད་ལམ་ཚང་མ་རྒྱ་ཡིག་ཚད་ལྡན་བེད་སྤྱོད་གཏོང་དགོས་པའི་བཀའ་རྒྱ་བཏང་ཡོད་པར་མངོན་གསལ་དང་འབྲེལ། དེའི་རྐྱེན་པས་འདས་པའི་ལོའི་ནང་བོད་པའི་བྱིས་པ་རྣམས་བོད་སྐད་རྒྱག་མི་ཐུབ་པའི་གནས་སུ་ལྷུང་ཡོད་པ་མ་ཟད། རང་ཁྱིམ་དུ་ཡང་ཕ་མ་གཉིས་དང་མཉམ་དུ་བོད་སྐད་བཀོལ་སྤྱོད་ཐུབ་ཀྱི་མེད་པས་དེ་ནི་རྒྱ་ནག་གིས་བུ་བཅོལ་ཁང་དང་སྔོན་འགྲོ་སློབ་གྲྭ་ནས་འགོ་འཛུགས་ཀྱིས། བོད་ཕྲུག་རང་གི་སྐད་ཡིག་དང་སྲོལ་རྒྱུན་རིག་གཞུང་ནས་རྒྱང་ཐག་རིང་དུ་བཏང་སྟེ་རྒྱ་བསྒྱུར་གྱི་ལས་གཞི་རྒྱ་སྐྱེད་གཏོང་བཞིན་པའི་ཤུགས་རྐྱེན་ཡིན་པ་གསུངས་འདུག མ་ཟད། སྙན་ཐོ་འདི་ནི་རྒྱ་ནག་གི་ཁྲིམས་ལུགས་དང་སྲིད་བྱུས་ཀྱི་ཡིག་ཆ། དེ་བཞིན་མཐོ་སློབ་དང་གསར་འགྱུར་བརྒྱུད་ལམ་གྱི་ཡོང་ཁུངས་བཅས་ལ་དབྱེ་ཞིབ་ཐོག འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བོད་ཀྱི་ས་ཁུལ་དུ་དངོས་སུ་རྒྱུས་མངའ་ཡོད་པའི་བོད་མི་བདུན་དང་མཁས་པ་ཁག་གཅིག་དང་བཅར་འདྲི་བྱས་ཡོད་པས། སྙན་ཐོའི་ནང་གཙོ་བོ་སྲིད་བྱུས་དེའོ་འོག་རྒྱ་གཞུང་གིས་བོད་ཁུལ་གྱི་སྔོན་འགྲོའི་སློབ་གྲྭ་ནང་གི་བོད་པའི་ལོ་ཆུང་བྱིས་པ་ཚོར་རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་དང་ཡིད་ཆེས། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་འཛིན་དགོས་པ། དེ་བཞིན་བོད་ཕྲུག་རྣམས་ལ་མ་སྐུལ་དྭང་བླངས་ཀྱི་ཐོག་ནས་རྒྱ་ནག་རྒྱལ་ཁབ་གཅིག་འགྱུར་གྱི་འདུ་ཤེས་གོང་སྤེལ་དང་ལྷག་དོན་མི་རིགས་གཅིག་སྒྲིལ་གྱི་སྲུང་སྐྱོབ་བྱེད་དགོས་པའི་སློབ་གསོ་སྤྲོད་བཞིན་པ་དེས། བོད་ཕྲུག་དེ་དག་རང་ཉིད་རྒྱ་མི་ཡིན་པའི་འདུ་ཤེས་འཛིན་མཁན་གྱི་གང་ཟག་ཅིག་ཏུ་བཟོ་ཡི་ཡོད་པ་དང་ཆབས་ཅིག དེས་ཕུགས་ལ་བོད་མིའི་ཆོས་རིག་དང་སྐད་ཡིག་བཅས་པར་རྩ་མེད་འགྲོ་ཉེན་ཡོད་པ་གསལ་སྟོན་གནང་འདུག དེ་བཞིན་ཚོགས་པའི་ཨེ་ཤེ་ཡ་སྡེ་ཚན་གྱི་འགན་འཛིན་གཞོན་པ་ Maya Wang ལགས་ཀྱིས། སྐད་ཡིག་སློབ་སྦྱོང་བྱེད་པར་ཧ་ཅང་གལ་ཆེ་བའི་ཕྲུ་གུ་ཆུང་ཆུང་གི་དུས་སྐབས་སུ་རྒྱ་གཞུང་གིས་བོད་སྐད་སློབ་ཁྲིད་ཚད་བཀག་བཟོས་པ་དེས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་གཏོང་བའི་མྱུར་ཚད་དེ་བཞིན་ཇེ་མགྱོགས་སུ་གཏོང་བཞིན་ཡོད་པ་མ་ཟད། སྲིད་བྱུས་འདི་ནི་ཤེས་ཡོན་གྱི་སྤུས་ཚད་སྐོར་མིན་པར་བོད་མི་ཚོ་ལོ་ན་ཆུང་དུས་ནས་རྒྱ་རིགས་ཀྱི་གཙོ་བོར་བཟུང་བའི་རྒྱལ་ཁབ་ཀྱི་ངོ་བོ་ཞིག་ཏུ་བཙན་ཤེད་ཀྱིས་མཉམ་འདྲེས་བྱེད་དུ་འཇུག་རྒྱུར་དམིགས་ཡོད་པས། རྒྱ་ནག་གི་བཙན་ཤེད་རང་བཞིན་གྱི་སྐད་གཉིས་སློབ་གསོ་ཁྱབ་སྤེལ་དེ་ནི་རྒྱ་ནག་གིི་རྩ་ཁྲིམས་དང་འགལ་བ་མ་ཟད། མི་རིགས་གང་ཞིག་གིས་རང་སྐད་གཙོར་འཛིན་བྱེད་དགོས་པའི་རྒྱལ་སྤྱིའི་ཁྲིམས་ཡིག་དང་ཡང་འགལ་ཡོད་པར་ལུང་འདྲེན་གྱིས། སྐད་གཉིས་སློབ་གསོ་ལམ་ལུགས་འདི་ནི་མི་རིགས་མཐུན་སྒྲིལ་གྱི་ཐབས་ཤིག་མིན་པར་དེ་ནི་བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་བཅས་པར་སྔར་ལྷག་བཙན་གནོན་ཤུགས་ཆེན་ཐེབས་རྒྱུའི་བྱུས་ངན་ཡིན་པ་གསུངས་འདུག མ་ཟད། རྒྱ་གཞུང་གིས་སྐད་ཡིག་ལས་འགུལ་བ་གཙོས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་འདོད་ཡོད་མཁན་གྱི་མི་ཚོ་ཡང་འཛིན་བཟུང་དང་བཙོན་འཇུག་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་དང་འབྲེལ། ...
རྒྱ་ནག་གི་གནོན་ཤུགས་འོག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཤིག་ཕྱིར་བསྡུ།
ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་ཛམ་བི་ཡཱ་ Zambia ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཤིག་འཚོག་ལ་ཉེ་བའི་དུས་སྐབས་འདིར། ལྷན་ཚོགས་དེའི་ནང་ཐའེ་ཝན་གྱི་སྐུ་ཚབ་མཉམ་ཞུགས་ལ་བསྙད་འདོགས་ཏེ་རྒྱ་ནག་གི་གནོན་ཤུགས་འོག་ཕྱིར་བསྡུ་བྱས་འདུག་པ་དང་། གནད་དོན་དེ་ནི་ཞི་བའི་འདུ་འཛོམས་ཀྱི་གཞི་རྩའི་རང་དབང་ལ་རྡོག་རོལ་དང་རྒྱལ་མཚམས་རྒྱལ་བའི་དྲག་གནོན་གྱི་བདེན་དཔང་ཞིག་ཡིན་པ་ཐེར་འདོན་གནང་འདུག དེ་ཡང་དེ་རིང་ཕྱི་ཚེས་ ༥ ནས་ཚེས་ ༨ བར་ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་ཛམ་བི་ཡཱ་ Zambia ཡི་རྒྱལ་ས་ལུ་སཱ་ཀཱ་ Lusaka ནང་དུ་ ༢༠༢༦ ལོའི་ RightsCon ཞེས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེ་འཚོག་གཏན་འཁེལ་ཡོད་པ་དང་། ལྷན་ཚོགས་དེའི་ཐོག་རྒྱལ་ཁབ་ ༡༥༠ ལྷག་དང་ལྟེ་གནས་ཁང་ ༧༥༠ ནས་ཚོགས་བཅར་བ་ ༣༧༠༠ ལྷག་མཉམ་ཞུགས་གནང་གི་ཡོད་པ་དེ་ལྟར་ཡང་། ཟླ་བ་སྔོན་མའི་ཕྱི་ཚེས་ ༢༧ ཉིན་ཡུལ་དེ་གའི་ཚན་རིག་དང་འཕྲུལ་རིག་ལྷན་ཁང་ Ministry of Technology and Science (MoTS) ནས་ཛ་དྲག་གི་གནད་དོན་དང་འབྲེལ་ནས་གོ་སྒྲིག་པ་ RightsCon ལ་ཁ་པར་བརྒྱུད་རྒྱ་ནག་གཞུང་ཚབ་མི་སྣས་ལྷན་ཚོགས་དེའི་ནང་ཐའེ་ཝན་གྱི་སྐུ་ཚབ་དེ་དག་དངོས་སུ་མཉམ་ཞུགས་གནང་འཆར་ཡོད་པའི་སྐོར་གླེང་སློང་གིས་ཡུལ་དེ་གའི་གཞུང་ལ་གནོན་ཤུགས་སྤྲོད་བཞིན་ཡོད་པ་བརྗོད་འདུག ལྷན་ཚོགས་གོ་སྒྲིག་པ་དང་ཛམ་བི་ཡཱ་གཞུང་གཉིས་ཀྱིས་ཕྱི་ལོ་ ༢༠༢༣...
རྒྱ་གཞུང་གི་འགོག་རྐྱེན་ལ་ལྟོས་མེད་ཐའེ་ཝན་གྱི་སྲིད་འཛིན་ Eswatini ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བ།
ཐའེ་ཝན་གྱི་སྲིད་འཛིན་ Lai Ching Te མཆོག་ཟླ་བ་འདིའི་ཚེས་ ༢ ནས་འགོ་འཛུགས་ཀྱིས་དེ་རིང་ཚེས་ ༥ བར་ལྷོ་ཨ་ཕི་རི་ཀའི་ནང་ཐའེ་ཝན་གྱི་མཐུན་ཕྱོགས་རྒྱལ་ཁབ་གཅིག་པོ་སྟེ་ Eswatini ནང་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་འདུག རྩ་བའི་ཆར་ཐའེ་ཝན་སྲིད་འཛིན་གྱི་ Eswatini ནང་གི་ཕྱོགས་བསྐྱོད་འདི་བཞིན་ཟླ་བ་སྔོན་མའི་ཚེས་ ༢༢ ནས་ ༢༦ བར་གནང་གཏན་ཁེལ་ཡོད་ཀྱང་། སྐབས་དེར་རྒྱ་ནག་གི་གནོན་ཤུགས་ཁྲོད་ Seychelles དང་ Mauritius དེ་བཞིན་ Madagascar བཅས་ལྷོ་ཨ་ཕི་རི་ཀའི་རྒྱལ་ཁབ་གསུམ་གྱིས་ཁོ་ཚོའི་མཁའ་དབྱིངས་བརྒྱུད་ཐའེ་ཝན་སྲིད་འཛིན་གྱི་གནམ་གྲུ་འཕུར་རྒྱུའི་ཆོག་མཆན་མ་སྤྲད་པའི་རྐྱེན་གྱིས་ཕྱོགས་བསྐྱོད་རེ་ཞིག་ཕྱེར་འཐེན་གནང་དགོས་བྱུང་ཡོད་པ་རེད། དེ་ཡང་དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གི་འགོག་རྐྱེན་ལ་ལྟོས་མེད། ཐའེ་ཝན་སྲིད་འཛིན་མཆོག་ཟླ་བ་འདིའི་ཚེས་ ༢ ཉིན་གྱི་སྔ་དྲོ་མངོན་གསལ་དོད་པོ་མེད་པའི་ཐོག་ནས་ Eswatini ནང་ཕེབས་འབྱོར་གནང་བའི་རྗེས་སུ། ཚེས་ ༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཐོག་དེའི་སྐོར་གཞི་ནས་གནས་ཚུལ་སྤེལ་ཡོད་པ་དང་། དེ་རིང་སྲིད་འཛིན་མཆོག་ཐའེ་ཝན་ནང་ཕྱིར་ལོག་ཀྱང་གནང་ཟིན་ཡོད་འདུག གནས་ཚུལ་ཐོན་ཁག་ལ་གཞིགས་ན། སྲིད་འཛིན་ Lai...
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་།
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་དང་བོད་ཕྲུག་རྣམས་ཀྱིས་བོད་ཡིག་སྦྱོང་སྤྱོད་ཐུབ་པ་བྱ་དགོས་པའི་འབོད་སྐུལ་གནང་འདུག The post འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། appeared first on བོད་ཀྱི་དུས་བབ།.
སྐུའི་ཡང་སྲིད་ཐད་ཡུ་རོབ་མཐུན་ཚོགས་ཀྱི་ལངས་ཕྱོགས་གསལ་འདོན་གནང་བ།
ཡུ་རོབ་གྲོས་ཚོགས་སུ་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གཏན་འབེབས་དང་འབྲེལ་བགྲོ་གླེང་གནང་ཡོད་འདུག་ཅིང་། སྐབས་དེ་དུས་ཡུ་རོབ་གྲོས་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་གྱིས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་གནད་དོན་ཐད་རྒྱ་ནག་གིས་ཐེ་བྱུས་བྱས་ན་འགྲིག་གི་མེད་ཅེས་སྐྱོན་བརྗོད་བྱས་འདུག The post སྐུའི་ཡང་སྲིད་ཐད་ཡུ་རོབ་མཐུན་ཚོགས་ཀྱི་ལངས་ཕྱོགས་གསལ་འདོན་གནང་བ། appeared first on བོད་ཀྱི་བང་ཆེན།.
བོད་པའི་དགེ་འདུན་པ་ཞིག་དམར་གསོད་མཁན་ཉེས་ཅན་པ་གསུམ་འཛིན་བཟུང་བྱས་འདུག
[དྷ་རམ་ས་ལར།] ཕྱི་ལོ་༢༠༢༦ ཟླ་༥ ཚེས་༤ ཉིན། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་ཕྱི་ཚེས་༤ ཉིན། རྒྱ་གར་ལྷོ་ཕྱོགས་ཀ་ཊ་ཀ་མངའ་སྡེའི་དྷར་ཝར་ཌ The post བོད་པའི་དགེ་འདུན་པ་ཞིག་དམར་གསོད་མཁན་ཉེས་ཅན་པ་གསུམ་འཛིན་བཟུང་བྱས་འདུག appeared first on བོད་ཀྱི་བང་ཆེན།.
ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།
ཨ་རིའི་གྲོས་ཚོགས་ཀྱི་དངུལ་གཏོང་ལེན་ཚོགས་ཆུང་གིས་བལ་ཡུལ་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་པར་བལ་ཡུལ་གཞུང་ལ་གནོན་ཤུགས་སྤྲོད་དགོས་སྐོར་བརྗོད་འདུག The post ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས། appeared first on བོད་ཀྱི་དུས་བབ།.
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཐད་ཕྱིའི་སྲིད་གཞུང་ལ་ཐེ་བྱུས་བྱེད་དབང་མེད་སྐོར་ཡུ་རོབ་མཐུན་ཚོགས་ཀྱི་ལངས་ཕྱོགས་གསལ་འ...
༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༥ ཚེས་ ༠༥ ཉིན་ཡུ་རོབ་གྲོས་ཚོགས་སུ་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་གཏན་འབེབས་དང་འབྲེལ་བའི་སྐོར་བགྲོ་གླེང་གནང་གྲུབ་རྗེས། ཡུ་རོབ་མཐུན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ལྕམ་སྐུ་ཧཌ་ཇ་ལ་བྷིབ་ (Hadja Lahbib) མཆོག་གིས་བོད་མིའི་ཆོས་དད་རང་དབང་ཐོག་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བསྐྱར་ནན་གྱིས་གསུང་བཤད་གནང་ཡོད། ཁོང་གིས་ཡུ་རོབ་མཐུན་ཚོགས་ངོས་ནས་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་སྒྲུག་སྐབས་གཞུང་གི་ཐེ་བྱུས་མེད་པ་དང་། ཆོས་ལུགས་ཀྱི་ཁྲིམས་ལ་བརྩི་བཀུར་དགོས་གལ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་གསུངས། ཁོང་གི་གསུང་བཤད་འདིས་ཡུ་རོབ་མཐུན་ཚོགས་ཀྱི་ལངས་ཕྱོགས་གཅིག་འགྱུར་མཚོན་གྱི་ཡོད་པ་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་གནད་དོན་ནི་ཆོས་ལུགས་ཀྱི་གནད་དོན་ཞིག་ཡིན་ཞིང་། དེ་ནི་རྒྱ་གཞུང་གི་ཐེ་བྱུས་མེད་པར་བོད་བརྒྱུད་ནང་བསྟན་ཀྱི་སྤྱི་ཚོགས་ཁོ་ནར་བདག་དབང་ཡོད་པ་གསལ་ཡོད། ལངས་ཕྱོགས་དེ་བཞིན་ཕྱི་ལོ་ ༢༠༢༦ ཟླ་བ་ ༠༤ ཚེས་ ༣༠ ཉིན་ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་སྐྱོན་བརྗོད་བྱས་པའི་གྲོས་ཆོད་གཏན་འབེབས་གནང་སྐབས་གསལ་པོར་མཚོན་ཡོད་པ་དང་། གྲོས་ཆོད་དེར་འོས་ཤོག་ ༤༣༩ ལྷག་གིས་རྒྱབ་སྐྱོར་གནང་ཡོད། ཡུ་རོབ་གྲོས་ཚོགས་དང་ཡུ་རོབ་མཐུན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་གྱིས་རྒྱབ་སྐྱོར་གནང་བ་དེས་བོད་ཀྱི་རིག་གཞུང་དང་ཆོས་ཕྱོགས་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་ནི་ཕྱི་འབྲེལ་སྲིད་བྱུས་ཀྱི་རྨང་གཞི་ཞིག་ཡིན་པ་བསྟན་ཡོད། ཡུ་རོབ་མཐུན་ཚོགས་ཀྱི་ལངས་ཕྱོགས་འདི་ནི་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་ལྷན་ཚོགས་ (EU-China Summit) དང་། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གླེང་མོལ་ (EU-China Human Rights Dialogue) ལྟ་བུའི་ཆབ་སྲིད་ཀྱི་མཐོ་རིམ་ཚོགས་འདུ་ལའང་གལ་འགངས་བརྩི་ཡི་ཡོད་པ་མ་ཟད། ཡང་སྲིད་ཀྱི་གནད་དོན་ཐོག་གཞུང་གིས་ཐེ་བྱུས་བྱེད་པར་སྐྱོན་བརྗོད་མུ་མཐུད་བྱེད་བཞིན་ཡོད།།
བྱིས་གཉོར་ཁང་ནས་ཐོན་པའི་བོད་ཕྲུག་ཚོས་བོད་ཀྱི་སྐད་ཡིག་བཤད་མི་ཐུབ་པར་གྱུར་ཡོད་པ།
བོད་ནང་གི་བོད་ཕྲུག་ཚོའི་བོད་སྐད་དང་བོད་ཡིག་ལ་བཀོལ་སྤྱོད་བྱེད་ས་མེད་པར་གྱུར་འདུག
ཡོ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གི་མི་རིཊ་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལ་སྐྱོན་བརྗོད།
རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་སྐོར་གྱི་ཁྲིམས་གཏན་འབེབས་བྱས་པར་སྐྱོན་བརྗོད་དང་། རྒྱ་ནག་གི་འབྲེལ་བར་ཤུགས་རྐྱེན།
བོད་ནང་འགྲོ་བསྐྱོད་ཀྱི་གདམ་ཀ་ཇི་ཡོད་ལ་ཨ་རིས་དཔྱད་ཞིབ་གནང་བཞིན་ཡོད་སྐོར་གསུངས་པ།
ཨ་རིའི་ལས་བྱེད་པ་ཚོ་བོད་ནང་བསྐྱོད་རྒྱུར་ཕྱི་འབྲེལ་གྱི་ཐབས་ལམ་ཇི་ཡོད་ལྟ་ཞིབ་བྱེད་བཞིན་ཡོད་སྐོར་གསུངས་པ།
སྐབས་ ༡༨ པའི་སྤྱི་འཐུས་ཀྱི་འོས་བསྡུའི་ད་བར་གྱི་གྲུབ་འབྲས།
ཉེ་ལམ་ཕྱི་ཚེས་ ༢༦ ཉིན་བོད་མི་གནས་ཡུལ་རྒྱ་གར་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་ ༢༧ ནང་ཕྱི་ལོ་ ༢༠༢༦ ལོའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་ལས་རིམ་བསྐྱངས་ཡོད་པ་དང་། ད་ལྟའི་ཆར་དབུས་འོས་བསྡུ་ལས་ཁང་ནས་གཞུང་འབྲེལ་ཐོག་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོའི་མཐའ་མའི་གྲུབ་འབྲས་ཇི་སོན་གསལ་བསྒྲགས་བསྐྱང་རྒྱུ་ཡིན་པ་དེ་ལྟར་ཡང་། ས་གནས་སོ་སོའི་འོས་བསྡུ་འགན་འཛིན་གྱི་ཐུགས་འགན་བཞེས་ཏེ་འོས་ཤོག་གྲངས་བཤེར་གནང་ཟིན་ཁག་རིམ་བཞིན་ཡོངས་གྲངས་སུ་གསལ་བསྒྲགས་གནང་མུས་ཡིན་པ་ལྟར། ད་ལྟའི་ཆར་སྐབས་ ༡༨ པའི་སྤྱི་འཐུས་རྩེ་ཐོག་རྣམ་པ་སུ་ཡིན་གཏན་འཁེལ་གནང་ཟིན་པ་ལྟ་བུར་གྱུར་འདུག རྩ་བའི་དབུས་འོས་བསྡུ་ལས་ཁང་གིས་དངོས་གཞིའི་འོས་གཞི་གསལ་བསྒྲགས་ཕྱི་ཟླ་ ༥ ཚེས་ ༡༣ ལ་མ་གཏོགས་གནང་གི་མེད་པ་དེ་ལྟར་ཡང་། འདི་ག་རླུང་འཕྲིན་ཁང་གིས་ད་བར་རྒྱུས་ལོན་ཞུས་པའི་གྲངས་ཐོར་གཞིགས་ན། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོསྟྲེ་ལི་ཡའི་རྒྱལ་ཁབ་ཁག་གི་ཁོངས་ནས་སྐལ་བཟང་ཚེ་རིང་ལགས་སུ་འོས་གྲངས་ ༡༠༡༠ ཐོབ་སྟེ་ཨང་དང་པོར་སོན་པ་དང་། ལྷོ་བྱང་ཨ་མི་རི་ཀའི་སྤྱི་འཐུས་དངོས་གཞིའི་འོས་བསྡུའི་ཁྲོད་འོས་གྲངས་ ༥༠༣༥ ཐོག་ཨང་དང་པོར་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལགས་དང་འོས་གྲངས་ ༤༨༠༠ ཐོག་ཨང་གཉིས་པར་ཚེ་བརྟན་ཕུན་ཚོགས་ལགས་གཏན་འཁེལ་བྱུང་འདུག མ་ཟད་ཡོ་རོབ་ཁོངས་ནས་བསྟན་འཛིན་དབྱངས་དཀར་ལགས་སུ་འོས་གྲངས་ ༢༧༦༠ ཐོག་ཨང་དང་པོ་དང་ཐུབ་བསྟན་རྒྱ་མཚོ་ལགས་སུ་འོས་གྲངས་ ༢༤༤༥ ཐོག་ཨང་གཉིས་པ་བཅས་གཏན་འཁེལ་བྱུང་འདུག ཕྱོགས་མཚུངས་དབུས་གཙང་ཆོལ་ཁའི་སྤྱི་འཐུས་སུ་དེ་རིང་བར་རྩེ་ཕུད་བཅུ་པོ་ནི་འོས་གྲངས་ ༡༡༣༥༣ ཐོག་ཨང་དང་པོ་སྒྲོལ་མ་ཚེ་རིང་ལགས་དང་། གཉིས་པ་རིག་འཛིན་ལྷུན་གྲུབ་ལགས། གསུམ་པ་བསྟན་འཛིན་ཆོས་འཛིན་ལགས། དེ་ནས་ཟླ་བ་ཚེ་རིང་ལགས། བློ་བཟང་རྒྱ་མཚོ་སྲི་ཐར་ལགས། མི་འགྱུར་རྡོ་རྗེ་ལགས།...
ཨ་རི་གྲོས་ཚོགས་ཀྱི་དངུལ་གཏོང་ལེན་ཚོགས་ཆུང་ནས་བོད་མིར་རོགས་དངུལ་མུ་མཐུད་གནང་རྒྱུ་གཏན་འབེབས་བྱུང་འདུག
ཨ་རི་གྲོས་ཚོགས་གོང་འོག་གཉིས་ཀྱི་ Appropriations Committees ཞེས་གྲོས་ཚོགས་ཀྱི་དངུལ་གཏོང་ལེན་ཚོགས་ཆུང་ནས་ཨ་རི་གཞུང་གིས་བལ་ཡུལ་ནང་བཅའ་སྡོད་བོད་མི་རྣམས་ཀྱི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བལ་ཡུལ་གཞུང་ལ་གནོན་ཤུགས་ཆེས་ཆེར་སྤྲོད་དགོས་པའི་ཞུ་སྐུལ་དང་འབྲེལ། གནས་སྟངས་ཡར་རྒྱས་གཏང་རྒྱུར་དམིགས་ཏེ། བོད་མིར་རོགས་དངུལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་གཏན་འབེབས་གནང་འདུག དེ་ཡང་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་ཐོན་པར་གཞིགས་ན། ཉེ་ལམ་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༦ ཉིན་ཨ་རི་གྲོས་ཚོགས་གོང་འོག་གཉིས་ཀྱི་ Appropriations Committees ཞེས་གྲོས་ཚོགས་ཀྱི་དངུལ་གཏོང་ལེན་ཚོགས་ཆུང་ནས་རྩིས་ལོ་ ༢༠༢༧ ལོའི་དངུལ་འགོད་ཀྱི་ཐོ་གཞུང་དང་དེ་འབྲེལ་སྙན་ཐོ་གསར་པ་ཞིག་འདོན་སྤེལ་གནང་ཡོད་པའི་ནང་། བལ་ཡུལ་དང་རྒྱ་ནག་གཉིས་དབར་གྱི་འབྲེལ་ལམ་ཤུགས་ཆེར་ཕྱིན་པའི་ཁྲོད། བལ་ཡུལ་ནང་དུ་གནས་སྡོད་བོད་མིར་སྐྱབས་བཅོལ་ཡིག་ཆ་སྤྲད་རྒྱུ་མཚམས་འཇོག་བྱས་ཤིང་། ཤེས་ཡོན་དང་ལས་ཀའི་གོ་སྐབས་མེད་པ། བོད་མི་རྣམས་གཞིས་སྤོ་བྱ་རྒྱུར་བཀག་སྡོམ། དེ་བཞིན་བཙན་བྱོལ་དུ་བྲོས་བྱོལ་ཕེབས་མཁན་རྣམས་ཕྱིར་སློག་དང་རྒྱ་གར་དུ་བསྐྱོད་རྒྱུར་བཀག་སྡོམ་སོགས་ཕྱོགས་ཡོངས་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་དམ་དྲག་བྱེད་བཞིན་པར་ཐེར་འདོན་དང་སྦྲགས། གནས་སྟངས་ཡར་རྒྱས་གཏང་རྒྱུར་དམིགས་ཏེ། བོད་མི་སྐྱབས་བཅོལ་བར་དེ་སྔོན་གྱི་དངུལ་རྩིས་ནང་སྤྲོད་ཡོད་པ་ལྟར་མུ་མཐུད་རོགས་དངུལ་རྒྱབ་སྐྱོར་གནང་རྒྱུ་གཏན་འབེབས་གནང་འདུག མ་ཟད། ཨ་རིའི་གྲོས་ཚོགས་ནང་དུ་ Tibet Policy Act 2020 ཞེས་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་དེ་ཉིད་གཏན་འབེབས་གནང་པ་ནས་བཟུང། ལོ་ལྟར་ཨ་རིའི་གཞུང་གིས་བོད་ཕྱི་ནང་གཉིས་སུ་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་། ཤེས་ཡོན། འཕྲོད་བསྟེན། དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་སོགས་ཀྱི་ཐོག་རོགས་དངུལ་གནང་གི་ཡོད་པ་ལྟར། ཐེངས་འདིའི་ཕྱི་ལོ་ ༢༠༢༧ ལོའི་ཨ་རིའི་སྔོན་རྩིས་འཆར་འབུལ་ནང་དུ་ཨ་རིའི་གཞུང་ནས་བོད་ཀྱི་ཐེབས་རྩ་ཁང་བརྒྱུད་ནས་སྤྲོད་བཞིན་པའི་བོད་མིའི་རོགས་དངུལ་དང་། བོད་མི་ཆབ་སྲིད་བཙོན་ཟུར་ངག་དབང་ཆོས་འཕེལ་ལགས་ཀྱི་མཚན་ཐོག་གི་རོགས་དངུལ་གཉིས་མུ་མཐུད་སྤྲོད་རྒྱུ་ཡིན་པ་གསུངས་འདུག དེ་བཞིན་སྙན་ཐོའི་ནང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ངོས་ནས་བལ་ཡུལ་གཞུང་ཕྱོགས་ནས་ངེས་པར་དུ་བོད་མིར་འཕྲད་བཞིན་པའི་དཀའ་ངལ་དེ་དག་ལ་བསམ་ཤེས་ཀྱིས་ཁུལ་དེར་གནས་སྡོད་བོད་མི་རྣམས་ལ་སྐྱབས་བཅོལ་བའི་ཡིག་ཆ་སྤྲོད་དགོས་པའི་གནོན་ཤུགས་ཆེས་ཆེར་སྤྲོད་དགོས་པ་དང་ཆབས་ཅིག ...
རྒྱ་ནག་གིས་བོད་ནང་དགེ་འདུན་པ་དང་རྩོམ་པ་པོ་དགེ་རྒན་བཅས་ལ་དྲག་གནོན་ཇེ་ཤུགས་ཆེ་རུ་བཏང་བའི་རྣམ་པ་ཞིག་མཐོང་རྒྱུ་ཡོད་པ་མངོན་གསལ།
དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Tibet Watch འམ་བོད་གནས་ལྟ་ཞིབ་ཁང་གིས་ཉེ་ཆར་ Disappeared, Tortured and Silenced འམ་གར་སོང་ཆ་མེད་དང་། སྡུག་སྦྱོང་མནར་གཅོད། ཁ་བཀག་པ་ཞེས་པའི་སྙན་ཐོ་ཞིག་འདོན་སྤེལ་བརྒྱུད། རྒྱ་ནག་གིས་བོད་ནང་དགེ་འདུན་པ་དང་། རྩོམ་པ་པོ། དགེ་རྒན་བཅས་ལ་དྲག་གནོན་ཇེ་ཤུགས་ཆེ་རུ་བཏང་བའི་རྣམ་པ་ཤིག་མཐོང་རྒྱུ་ཡོད་པ་མངོན་གསལ་གནང་འདུག དེ་ཡང་ཉེ་ཆར་ཕྱི་ཟླ་ ༤ པའི་ཚེས་ ༣༠ ཉིན་བོད་གནས་ལྟ་ཞིབ་ཁང་གི་དྲྭ་གནས་ཐོག་བོད་ནང་གི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་ འདོན་སྤེལ་གནང་འདུག་པ་དེའི་ནང་། བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་ནང་དུ་དགེ་འདུན་པ་དང་བོད་ཡིག་དགེ་རྒན། རྩོམ་བྲིས་པ་དང་རང་གི་སྐད་ཡིག་སློབ་སྦྱོང་གི་ཐོབ་ཐང་རྩོད་མཁན་ཞིང་འབྲོག་མང་ཚོགས་བཅས་མི་སྣ་ཁག་གཅིག་གི་རྒྱུན་ལྡན་གྱི་ཆོས་ཕྱོགས་དང་། རིག་གཞུང་། དེ་བཞིན་ཤེས་ཡོན་དང་འབྲེལ་བར་བསྙད་དེ་བོད་མི་དེ་དག་འཛིན་བཟུང་བཀག་ཉར་དང་ཆབ་སྲིད་ཀྱི་ཉེས་དོན་འདྲ་མིན་བཙུགས་ཏེ་ལོ་མང་པོའི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། གར་སོང་ཆ་མེད་བཏང་བ། དེ་བཞིན་བཙོན་ཁང་ནང་དུ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བའི་རྐྱེན་གྱིས་བཙོན་གྲོལ་བཏང་བའི་རྗེས་སུ་ལུས་པོ་ནད་སྐྱོན་དུ་འགྱུར་བ་དང་། བཙོན་གྲོལ་གྱི་རྗེས་སུའང་ལྟ་སྲུང་དམ་དྲག ནང་མི་ཉེ་འབྲེལ་རྣམས་ལ་སྡིགས་ར་དང་སུན་གཙེར་སོགས་ཀྱི་གནད་དོན་ཁག་གཅིག་ལུང་འདྲེན་དང་འབྲེལ། རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མི་ཡིན་པ་ཙམ་གྱི་དམ་དྲག་བྱེད་བཞིན་པ་མངོན་རྒྱུ་ཡིན་པ་ཐེར་འདོན་གནང་སྟེ། སྤྱིར་རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེགས་དང་ངོ་རྒོལ་སོགས་རྒྱ་ནག་གི་བཙན་གནོན་ལ་མངོན་གསལ་དོད་པོའི་ངོ་རྒོལ་བྱེད་མཁན་རྣམས་ལ་དྲག་གནོན་བྱེད་ཀྱི་ཡོད་པ་དེ་ཡོངས་གྲགས་ཡིན་ཡང་། ད་རེས་ཀྱི་སྙན་ཐོ་འདིའི་ནང་གི་གནད་དོན་རྣམས་ནས་སྲིད་འཛིན་ཞི་ཅིན་ཕིང་གིས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་འོག་ནས་བོད་མི་སྒེར་གྱི་ཉིན་རེའི་འཚོ་བའི་ཁྲོད་དུ་རིག་གཞུང་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་དེ་དག་ཉེས་དོན་དུ་རྩིས་ནས་དྲག་གནོན་བྱེད་བཞིན་ཡོད་པ་དང་། དེའང་ཕྱི་ཕྱོགས་ནས་བལྟས་ན་མངོན་གསལ་མེད་པ་གསུངས་འདུག ཐེངས་འདིའི་བོད་གནས་ལྟ་ཞིབ་ཁང་གིས་སྙན་ཐོའི་ནང་དུ། བོད་མདོ་སྨད་ཀན་ལྷོ་བོད་རིག་རང་སྐྱོང་ཁུལ་གྱི་རྨ་ཆུ་ས་ཁུལ་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་། འཇམ་དབྱངས་བསམ་གཏན་ལགས་གཉིས་ཀྱི་གནད་དོན་ལུང་འདྲེན་གྱིས་ སྔ་ལོར་གཅིག་དགོན་པ་ནས་ཐད་ཀར་འཛིན་བཟུང་བྱས་པ་དང་། གཅིག་ལ་ཉེན་རྟོག་ཁང་དུ་གཞུང་བཞེས་བཏང་བའི་ཁ་པར་ལེན་དུ་ཡོང་དགོས་སྐོར་དང་འབྲེལ་ནས་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ད་བར་ལོ་གཅིག་ཙམ་འགྲོ་བཞིན་ཡོད་ཀྱང་། ད་བར་ཁོང་གཉིས་བཙོན་ཁང་གང་དུ་ཡོད་མེད་དང་། གཟུགས་གཞིའི་གནས་སྟངས་གང་འདྲ་ཡོད་པ།...
རྒྱ་གར་གྱིས་འཕགས་བོད་ས་མཚམས་སུ་འཛམ་གླིང་ནང་གི་ཕུག་ལམ་མཐོ་ཤོས་འཛུགས་སྐྲུན་གནང་བཞིན་པ།
རྒྱ་གར་ཧི་མ་ཅལ་མངའ་སྡེ་ནས་ལ་དྭགས་ཀྱི་འཕགས་བོད་ས་མཚམས་བར་ Shinkun La ཕུག་ལམ་གསར་འཛུགས་གནང་བཞིན་པ་དང་འབྲེལ། རྒྱ་ནག་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་པ་བརྗོད་འདུག དེ་ཡང་དེ་རིང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་དུ་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་གར་གྱིས་ Project Yojak ཞེས་པའི་ལས་འཆར་འོག་ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༢༦ ནས་འགོ་འཛུགས་ཀྱིས་ཧི་མ་ཅལ་མངའ་སྡེ་ནས་ལ་དྭགས་བཅས་ཀྱི་འཕགས་བོད་ས་མཚམས་སུ་འཛམ་གླིང་ནང་གི་ཕུག་ལམ་མཐོ་ཤོས་ཤིག་གསར་འཛུགས་གནང་བཞིན་པ་དང་འབྲེལ། ལས་འཆར་དེ་ནི་ལོ་བཞི་ལྷག་གི་ལས་འཆར་ཞིག་ཡིན་པ་དང་ཕྱི་ལོ་ ༢༠༢༨ ཟླ་ ༨ པའི་ནང་ལེགས་གྲུབ་གནང་ཟིན་པ་བྱ་རྒྱུ་རེད་འདུག་པ་མ་ཟད། ལས་འཆར་དེའི་གཙོ་བོ་ཧི་མ་ཅལ་དང་ལ་དྭགས་གཉིས་ཀྱི་ནང་དགུན་དུས་གྲང་ངར་ཆེ་བའི་དུས་སྐབས་སུ་འགྲོ་འོང་ལས་སླ་རུ་འགྲོ་རྒྱུ་དང་ས་མཚམས་ས་ཁུལ་དུ་རྒྱལ་སྲུང་དམག་མི་དང་དམག་ཆས་སོགས་མགྱོགས་པོ་འོར་འདྲེན་བྱེད་ཐུབ་པ་བྱ་རྒྱུ་དེ་རེད་འདུག ཕུག་ལམ་དེའི་ས་གནས་ལ་གངས་བབས་པ་དང་ས་རུད་ཀྱི་གཏོར་བཤིག་བྱུང་བའི་ལམ་ཁ་དགག་པ་སོགས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་ཀྱི་ཡོད་པ་བརྗོད་འདུག་པ་མ་ཟད། ཕུག་ལམ་དེར་ཁྱོན་ཧིན་སྒོར་བྱེ་བ་ ༡༦༨༡ ལྷག་གི་འགྲོ་གྲོན་བཏང་ཡོད་པ་དང་རྒྱ་མཚོ་ནས་མཐོ་ཚད་ཕི་ཊི་ ༡༥༨༠༠ ཡོད་པ་དེས་ཧི་མ་ཅལ་དང་ལ་དྭགས་གཉིས་ནང་གི་ལོ་གཅིག་གི་འགྲོ་འོང་ཡར་རྒྱས་ཕྱིན་སྲིད་པ་དང་མི་མང་དང་དམག་སྲུང་སོགས་ལ་འགྲུལ་བཞུད་ལས་སླ་རུ་ཕྱིན་སྲིད་པ་བརྗོད་འདུག དེ་བཞིན་ཕུག་ལམ་དེས་ལ་དྭགས་ཀྱི་འཕེལ་རྒྱས་ཀྱི་འཆར་གཞི་དང་འབྲེལ་བ་ཡོད་པ་མ་ཟད། ཁུལ་དེའི་གཞུང་ལམ་དང་ཚོང་འབྲེལ། དེ་བཞིན་ས་གནས་ཀྱི་འགྲོ་འོང་ལའང་ཕན་ཐོགས་ཆེན་པོ་བྱུང་ངེས་ཡིན་པ་བརྗོད་འདུག་པ་དང་བདེ་འཇགས་ལའང་ཕན་ཐོགས་ཆེན་པོ་བྱུང་ངེས་ཡིན་པ་དང་འབྲེལ། ཛ་དྲག་གི་གནས་སྟངས་ལ་ཕུག་ལམ་བརྒྱུད་མྱུར་པོ་སླེབས་ཐུབ་པ་དང་མི་ཕན་ཚུན་འགྲོ་འོང་ལའང་སྟབས་བདེ་རུ་འགྲོ་སྲིད་པ་བརྗོད་འདུག ཕྱོགས་མཚུངས་ Shinkun La ཕུག་ལམ་དེ་བཞིན་ལེགས་པར་འཛུགས་སྐྲུན་གནང་ཟིན་པའི་རྗེས་སུ་འཛམ་གླིང་ནང་མོ་ཊའི་རིགས་འགྲོ་ཐུབ་པའི་ཕུག་ལམ་མཐོ་ཤོས་དེ་ཆགས་ཀྱི་ཡོད་པ་དང་། རྒྱ་གར་གྱི་མཐོ་སྒང་ས་ཁུལ་གྱི་རྨང་གཞིའི་འཛུགས་སྐྲུན་གྱི་གལ་ཆེའི་རང་བཞིན་ཞིག་ཏུ་འགྱུར་རྒྱུ་ཡིན་པ་མ་ཟད། ཚོར་སྐྱེན་པའི་ས་མཚམས་ས་ཁུལ་དུ་འབྲེལ་མཐུད་ཤུགས་ཆེ་རུ་གཏོང་ཐུབ་ཀྱི་ཡོད་པ་བརྗོད་འདུག རྩ་བའི་ཕྱི་ལོ་...
ཨི་རན་གྱིས་དམག་འཁྲུག་མཇུག་སྒྲིལ་ཆེད་དོན་ཚན་༡༤ ཅན་གྱི་གྲོས་འཆར་བཏོན།
[དྷ་རམ་སར།] ཕྱི་ལོ་༢༠༢༦ ཟླ་༥ ཚེས་༣ ཉིན། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨི་རན་གཞུང་གིས་ཨ་རི་དང་ཨི་རན་བར་གྱི་དམག་འཁྲུག་གཏན་འཇགས་སུ་མཚམས་འཇོག་བྱེད་ཆེད། དོན་ཚན་༡༤ ཅན་གྱི་ཞི་བའི་གྲོས་འཆར་གསར་པ་ཞིག་བཏོན་ཡོད་པ་དང་། The post ཨི་རན་གྱིས་དམག་འཁྲུག་མཇུག་སྒྲིལ་ཆེད་དོན་ཚན་༡༤ ཅན་གྱི་གྲོས་འཆར་བཏོན། appeared first on བོད་ཀྱི་བང་ཆེན།.
བྷེང་ལོར་དུ་རིག་ནོར་བརྡ་འཕྲིན་འཕྲུལ་ལས་ཁང་བཙུགས་ནས་ལོ་ལྔ་འཁོར་བ།
བྷེང་ལོར་དུ་རྟེན་གཞི་བྱས་པའི་རིག་ནོར་བརྡ་འཕྲིན་འཕྲུལ་ལས་ཁང་བཙུགས་ནས་ལོ་ལྔ་འཁོར་བ་ཡོད་འདུག བོད་པའི་རིག་གཞུང་དང་དེང་རབས་འཕྲུལ་ལས་གཉིས་ཟུང་འབྲེལ་གྱིས་ཐོག་ནས་འདས་པའི་ལོ་ལྔའི་རིང་བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་་གྲུབ་འབྲས་གཟེངས་སུ་ཐོན་པ་བྱང་ཡོད་ཅེས་བརྗོད། The post བྷེང་ལོར་དུ་རིག་ནོར་བརྡ་འཕྲིན་འཕྲུལ་ལས་ཁང་བཙུགས་ནས་ལོ་ལྔ་འཁོར་བ། appeared first on བོད་ཀྱི་བང་ཆེན།.





















