Tibetan

ཕྱི་རྒྱལ་ནས་བོད་ཕྲུག་གཞོན་སྐྱེས་ཚོས་རྡ་སར་བོད་ཀྱི་རིག་གཞུང་སྦྱོང་བརྡར་ལ་ཞུགས་པ།

ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚར་ལོངས་བྱུང་པའི་བོད་ཕྲུག་གཞོན་སྐྱེས་ཚོས་རྡ་སར་བོད་ཀྱི་རིག་གཞུང་སྦྱོང་བརྡར་བྱེད་བཞིན་པ།

སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་ནང་ཡུལ་མིས་མཉམ་ཞུགས་གནང་སྟེ་བོད་དོན་ལ་རྒྱབ་སྐྱོར་གནང་།

རྒྱ་ནག་གི་མི་རིཊ་མཐུན་སྒྲིལ་གྱི་ཁྲིམས་ལ་ངོ་རྒོལ་དང་བོད་མི་ཚོར་རྒྱ་ནག་གཞུང་གིས་རང་དབང་སྤྲོད་དགོས་པའི་དགོས་འདུན་བཏོན།

མགོ་རིལ་བཟོས་ཏེ་རྒྱལ་ཚོགས་ཀྱི་མདུན་བློ་དགའ་རང་བཙན་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས་པ།

མགོ་རིལ་བཟོས་ཏེ་རྒྱལ་ཚོགས་ཀྱི་མདུན་བློ་དགའ་རང་བཙན་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས་པ།

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

རྒྱ་ནག་གཞུང་གིས་བོད་ཀྱི་གནས་རི་གཉན་པོ་གཡུ་རྩེའི་ཁུལ་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བར་དམ་དྲག་དང་ཚོགས་སྒེར་སོགས་གང་བྱུང་གནས་སྡོད་དང་རྐང་ཐང་དུ་མཚོ་སྐོར་སོགས་ལ་ཕྱིན་ན་ཁྲིམས་ལུགས་བཞིན་ཉེས་ཆད་གཅད་རྒྱུ་ཡིན་ལུགས་ཀྱི་བཀའ་ཁྱབ་བསྒྲགས། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་རྒྱ་ནག་གཞུང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྲོལ་ཡིག་ཟེར་བ་ཞིག་ལག་བསྟར་ཡོང་སླད། གནས་རི་གཉན་པོ་གཡུ་རྩེའི་ས་ཁོངས་དོ་དམ་ཚོད་འཛིན་དང་། ས་དམར་ཉག་གའི་ལྗོངས་གཟིགས་ཤིང་ལམ་གསར་བཟོ་བྱེད་མུས་ཡིན་ལུགས་སོགས་ལ་ཁ་གཡར་ནས་གནས་མཇལ་བ་བཀག་སྡོམ་བྱས་ཡོད་ཅིང་། མི་སྒེར་དང་ཚོགས་པ་སོགས་ཀྱིས་གང་བྱུང་སྒར་བརྒྱབ་ནས་སྡོད་པ་དང་། རྐང་ཐང་དུ་མཚོ་སྐོར་སོགས་ཕྱིན་ན། ཁྲིམས་ལུགས་བཞིན་ཉེས་ཆད་གཅད་རྒྱུ་ཡིན་ལུགས་བསྒྲགས་འདུག་ལ། ཉེ་ལམ་ཡུལ་མི་རྣམས་ཀྱང་ས་དམར་ཉག་ག་ནས་མཇལ་བ་ཙམ་ལས་མཚོ་སྐོར་དུ་ཤར་གཏོང་བྱེད་ཀྱི་མེད་པ་རེད། གནད་དོན་དེ་དང་འབྲེལ་ནས་མགོ་ལོག་གཅིག་སྒྲིལ་རྫོང་རིག་གནས་ཡུལ་སྐོར་ཚན་པས་སྤེལ་བའི་གསལ་བསྒྲགས་ཁྲོད། སྤྱིར་བཏང་ཚོད་འཛིན་ཁུལ་ཞེས་གཉིས་སུ་བགོས་ཡོད། དེ་ལས་ལྟེ་བའི་སྲུང་སྐྱོང་ཁུལ་གྱིས་བཀག་སྡོམ་དོ་དམ་ཚོད་འཛིན་ལག་བསྟར་བྱས་ཡོད། རྒྱལ་ཁབ་སྤྱི་གླིང་དོ་དམ་ཚོད་འཛིན་སྲོལ་ཡིག་གི་གཏན་འབེབས་གཞིར་བཟུང་ན། ལས་ཁུངས་གང་རུང་དང་མི་སྒེར་གང་ཞིག་གང་འདོད་དུ་རི་ཁུལ་དུ་བསྐྱོད་ཅིང་། རྐང་ཐང་དུ་མཚོ་ལ་སྐོར་བ་རྒྱག་པ། སྒར་བརྒྱབ་ནས་སྡོད་པ། རི་འཛེག་སོགས་བྱེད་མི་རུང་བ་མ་ཟད།  རྐང་ཐང་དུ་མཚོ་སྐོར་དང་ལམ་ཐིག་སྐོར་དྲ་རྒྱའི་སྒང་ན་བསྒྲགས་པ་ཡོད་ཚད་སྒྲིག་འགལ་གྱི་ལམ་ཁོངས་སུ་གཏོགས་པས་རང་དགར་སྲུང་སྐྱོབ་ཁུལ་དུ་འཛུལ་ན། ཆུ་མགོའི་སྔོ་ཁེབས་གསོ་འཁྱོངས་ལ་གཏོར་བཤིག་དང་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་ལ་དཀྲོགས་སློང་སྲིད་པས། གཏན་འབེབས་ཀྱི་སྒྲིག་ལམ་འདི་དང་འགལ་བའི་མི་ལ་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་ཆད་པ་གཅད་རྒྱུ། གལ་ཏེ་རི་ཁུལ་དུ་ལམ་ནོར་ཐེབས་པ་དང་། ཆུ་ལོག་དང་རི་ཉིལ་སོགས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ལ་འཕྲད་ཚེ། མཇུག་འབྲས་གང་བྱུང་མི་རང་ཉིད་ཀྱིས་འགན་འཁུར་དགོས། ཞེས་སོགས་གསལ། ཡང་གསལ་བསྒྲགས་ཁྲོད། ས་དམར་ཉག་ག་ནི་གཉན་པོ་གཡུ་རྩེ་ལ་ལྟ་བའི་ལྗོངས་གཟིགས་སྟེགས་བུ་གལ་ཆེན་ཞིག་ཡིན། དེར་མཁོ་བའི་ལྗོངས་གཟུགས་ཤིང་ལམ་ད་དུང་གསར་འཛུགས་ལས་རིམ་ན་ཡོད་པ་དང་། སྒྲིག་ཆས་ལ་ཡང་ད་དུང་རྩིས་བཤེར་ཐོབ་མེད་པས། གལ་ཏེ་སྐབས་འདིར་ས་དེར་བསྐྱོད་ན་བདེ་འཇགས་ལ་འགན་སྲུང་བྱེད་མི་ཐུབ། གནས་སྐབས་སུ་ཨར་ལས་དང་དགོས་ངེས་ཀྱི་དྲིལ་སྒྲོག་བརྙན་ལེན་ཀྱི་ལས་ཀ་མ་གཏོགས་དང་ལེན་མི་བྱེད་པས། ཡུལ་སྐོར་བས་ཤིང་ལམ་དང་ལྗོངས་གཟིགས་སྟེགས་བུའི་ས་ཁོངས་བརྒལ་ནས་ལྟ་སྐོར་བྱེད་མི་ཆོག ལས་གཞི་ཡོངས་ལེགས་འགྲུབ་བྱུང་ཞིང་བདེ་འཇགས་ལ་རྩིས་བཤེར་ཁས་ལེན་ཐོབ་རྗེས་སུ་སྒོ་འབྱེད་པའི་དུས་ཚོད་ལོགས་སུ་བརྡ་བརྒྱག་རྒྱུ་ཡིན། ཞེས་གསལ་འདུག འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས།  ཡུལ་སྐོར་བ་སོགས་མང་ན་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཐེབས་ལུགས་ལ་ཁ་གཡར་ནས། འདས་པའི་ལོ་ཤས་གོང་རྒྱ་ནག་གཞུང་གིས་གཉན་པོ་གཡུ་རྩེའི་འདབས་རོལ་དུ་རྒྱལ་ཁབ་ཀྱི་སྤྱི་གླིང་སོགས་བཟོ་རྒྱུ་ཡིན་ལུགས་ཀྱིས་འཛུགས་སྐྲུན་གྱི་ལས་གཞི་སྤེལ་མུས་ཡིན་ལ། ཁུལ་དེའི་འབྲོག་སྡེ་རྣམས་ཀྱང་གནས་སྤོར་དགོས་ལུགས་ཡང་ཡང་ཤོད་ཀྱིན་ཡོད།  ད་བར་ཁུལ་དེར་བོད་མི་རྣམས་ལའང་ཕྱོགས་ཡོངས་ནས་བསང་གསོལ་སོགས་ཚུད་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བར་དམ་དྲག་བྱེད་ཀྱིན་ཡིན་པ་མ་ཟད། ཡུལ་མི་རྣམས་ཀྱང་ས་དམར་ཉག་ག་ནས་མཇལ་ཙམ་ལས་མཚོ་ཁར་ཤར་གཏོང་བྱེད་ཀྱི་མི་འདུག...

ཧིན་བོད་ས་མཚམས་སུ་རྒྱ་ནག་གིས་འཐབ་འཛིང་གནམ་གྲུ་འགྲེམས་འཇོག་མང་དུ་བཏང་འདུག 

རྒྱ་ནག་གཞུང་གིས་བོད་ནང་འཐབ་འཛིང་གནམ་གྲུ་མང་པོ་ཞིག་ཧིན་བོད་ས་མཚམས་ཀྱི་ཉེ་འཁོར་དུ་འགྲེམས་འཇོག་བྱས་ཡོད་པ་དང་། དེ་ནི་འདས་པའི་ལོ་ཤས་ནང་འཐབ་འཛིང་གནམ་གྲུ་དེ་འདྲ་འགྲེམས་འཇོག་བྱས་པ་ཐོག་མ་དེ་ཡིན་པ་རྒྱ་གར་གྱི་(India Today)གསར་ཁང་གིས་བརྗོད་འདུག The post ཧིན་བོད་ས་མཚམས་སུ་རྒྱ་ནག་གིས་འཐབ་འཛིང་གནམ་གྲུ་འགྲེམས་འཇོག་མང་དུ་བཏང་འདུག  appeared first on བོད་ཀྱི་བང་ཆེན།.

བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་ཉིན་བཞི་པར་མུ་མཐུད་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་ད...

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནམས་ནང་འཁོད་དོན།  རྒྱ་གར་རྒྱལ་ས་ལྡི་ལིར་ཆར་དུས་གྲོས་ཚོགས་འཚོགས་བཞིན་པའི་སྐབས་དང་བསྟུན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་སྡེ་ཚན་གཉིས་ལ་ཆ་བགོས་ཀྱིས་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༢༧ ཉིན་ནས་འགོ་འཛུགས་ཏེ། བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༣༠ ཉིན་བོད་དོན་ཞུ་སྐུལ་ཉིན་བཞི་པར་མུ་མཐུད་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད། དེ་ཡང་བོད་དོན་ཞུ་སྐུལ་གྱི་ཉིན་བཞི་པ་ཕྱི་ཚེས་ ༣༠ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་དང་། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས། སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་ལགས་བཅས་ལས་གྲུབ་པའི་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོས།  ཏི་ལུ་གྷུ་དྷི་སམ་(Telugu Desam Party) སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་བཡེ་རེ་ཌི་ ཤུ་སྦ་རི་ (Smt. Dr. Byreddy Shabari) ལགས་དང་། སྤྱི་ཚོགས་གསར་བརྗེའི་  (Revolutionary Socialist Party) སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨེན་ ཀེ་ པེར་མཱ་ཅན་དྷ་རན་ (Shri N.K. Premachandran)...

ནིའུ་ཡོག་ཏུ་སྐྲ་བཞར་ནས་དཔའ་བོ་ལ་རྗེས་དྲན་དང་རྒྱ་ནག་ལ་ངོ་རྒོལ་བྱས།

ཕྱི་ལོ་༢༠༢༦ ཟླ་༧ ཚེས་༣༠ ཉིན། རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་བདུན་ཚིག་བཞི་པ་དང་བསྟུན། ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་རང་བཙན་སླར་གསོ། རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་རྗེས་དྲན། དགྲ་བོ་རྒྱ་དམར་སྲིད་གཞུང་ལ་ངོ་རྒོལ་ཆེད། The post ནིའུ་ཡོག་ཏུ་སྐྲ་བཞར་ནས་དཔའ་བོ་ལ་རྗེས་དྲན་དང་རྒྱ་ནག་ལ་ངོ་རྒོལ་བྱས། appeared first on བོད་ཀྱི་བང་ཆེན།.

བོད་ཀྱི་བང་ཆེན་གྱི་གསར་འགྱུར་ལ་རྒྱ་ནག་གིས་ལན་འདེབས་བྱས།

ཉེ་ཆར་འདི་ག་གསར་ཁང་གིས་དབྱིན་བོད་གཉིས་ཀྱི་ཐོག་ནས་རྒྱ་ནག་གཞུང་གིས་བོད་ཤར་ཕྱོགས་རྒྱལ་རོང་ཁུལ་དུ་བོད་ཀྱི་གནའ་བོའི་རྡོ་བརྩེགས་མཁར་རྫོང་ཞིག་གཏོར་བཤིག་བཏང་ཡོད་པའི་སྐོར་གནས་ཚུལ་སྤེལ་ཡོད་པར། རྒྱ་ནག་གིས་མཁར་རྫོང་བཤིག་པའི་གནས་ཚུལ་བདེན་པ་ཡིན་ཡང་། “བཙན་ཤེད་ཀྱིས་བཤིགས་པ་རེད་ཟེར་བ་” ནི་རྫུན་མ་རེད་སོགས་ཀྱི་ལན་འདེབས་བྱས་འདུག The post བོད་ཀྱི་བང་ཆེན་གྱི་གསར་འགྱུར་ལ་རྒྱ་ནག་གིས་ལན་འདེབས་བྱས། appeared first on བོད་ཀྱི་བང་ཆེན།.

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་སྣེ་འཁྲིད་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག The post སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག appeared first on བོད་ཀྱི་དུས་བབ།.

བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱལ་ས་ལྡི་ལིར་མུ་མཐུད་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུ...

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་རྒྱལ་ས་ལྡི་ལིར་ཆར་དུས་གྲོས་ཚོགས་འཚོགས་བཞིན་པའི་སྐབས་དང་བསྟུན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་སྡེ་ཚན་གཉིས་ལ་ཆ་བགོས་ཀྱིས་ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༢༩ ཉིན་བོད་དོན་ཞུ་སྐུལ་གྱི་ཉིན་གསུམ་པར་མུ་མཐུད་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད།དེ་ཡང་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོའི་ནང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་དང་། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས། སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་ལགས་བཅས་དང་། བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་པའི་ནང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་དང་། སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་ལགས། སྤྱི་འཐུས་མགོན་པོ་དོན་གྲུབ་ལགས་བཅས་ཡོད།     དེ་ཡང་བོད་དོན་ཞུ་སྐུལ་གྱི་ཉིན་གསུམ་པ། ཕྱི་ཚེས་ ༢༩ ཉིན་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོས། ཀོང་རེ་སི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་རྡི་པིན་ཏར་ ཧུའུ་ཊ་ (Shri Deepender Singh Hooda, Member of Lok Sabha) ལགས་དང་། ཧར་ཡ་ན་མངའ་སྡེའི་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བྷུ་པིན་དྷར་སིང་ཧུའུ་ཌ་ (Shri Bhupinder Singh Hooda, Leader of Opposition Haryana Legislative Assembly) ལགས། ...

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

ཕྱི་ཟླ་ ༩ ཚེས་ ༡༡ ཉིན་ནས་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་ཁག་ཏུ་བོད་པའི་གློག་བརྙན་འཁྲབ་ཁྲིད་པ་ཁྱིམ་གསར་གཞན་ཕན་ལགས་ཀྱི་གློག་བརྙན་ཆུ་བཞི་སྒང་དྲུག་ཅེས་པ་དངོས་སུ་སྟོན་འཆར་འདུག The post ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག appeared first on བོད་ཀྱི་དུས་བབ།.

ཨོ་ཌི་ཤ་མངའ་སྡེའི་སྦི་ཇེ་པི་འགོ་ཁྲིད་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་ཅེས་བསྒྲགས།

ཨོ་ཌི་ཤ་མངའ་སྡེའི་རྒྱལ་སར་ས་གནས་བེུད་ལྷན་ཚོཊ་ཀྱིས་སྣེ་ཁྲིད་འོག་བོད་དོན་ལས་འགུལ་སྤེལ་ཞིང་། ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ལ་བོད་དོན་དྲིལ་བསྒྲགས་གནང་པ་དང་། ཨོ་ཌི་ཤ་མངའ་སྡེའི་སྦི་ཇེ་པི་འགོ་ཁྲིད་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་ཅེས་གསལ་བསྒྲགས་གནང་འདུག རྒྱ་གར་དབུས་ཤར་ཨོ་ཌི་ཤ་མངའ་སྡེའི་རྒྱལ་ས་བྷུབ་ནེཤ་ཝར་དུ་ས་གནས་བྷི་ཇེ་པི་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ས་མིར་མོ་ཧན་ཀྲི་ལགས་ཀྱིས་རྒྱ་གར་གསར་འགོད་པ་རྣམས་ལ་ཉེ་ཆར་ཨ་རི་གྲོང་ཁྱེར་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་བོད་མི་བློ་དགའ་རང་བཙན་ལགས་ཀྱི་བོད་དོན་ཆེད་རང་ལུས་མེར་བསྲེག་བཏང་ཏེ་འདས་གྲོངས་སུ་འགྱུར་པའི་གནས་ཚུལ་ངོ་སྤྲོད་གནང་པ་དང་མཉམ། བོད་དོན་ཐོག་ལ་རྒྱབ་སྐྱོར་ཞུ་གི་ཡོད་ཅེས་གསུངས་ཡོད་པ་རེད། དེ་ཡང་ཕྱི་ཟླ་ ༧ ཚེས་ ༢༩ ཉིན་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་བེུ...

འབྲས་ལྗོངས་ཡུལ་མིས་བློ་དགའ་རང་བཙན་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས་པ།

འབྲས་ལྗོངས་ནང་གི་ས་གནས་ཡུལ་མི་ཚོས་ཀྱང་བོད་དོན་ཆེད་རང་ལུས་མེས་སྲེགས་གནང་སྟེ་འདས་གྲོངས་སུ་འགྱུར་བ་བོད་མི་བློ་དགའ་རང་བཙན་དམ་པ་ཁོང་ལ་མདུང་སེམས་མཉམ་སྐྱེས་དང་རྗེས་དྲན་ཞུ་བཞིན་འདུག འབྲས་ལྗོངས་བཀྲིས་ཡར་རྒྱས་ཚོཊ་པའི་ཚོཊ་གཙོ་བྷོ་ཊི་ཡ་འཇི་ཝན་བླ་མ་ལགས་ཀྱིས་གསུངས་དོན་དུ། འབྲས་ལྗོངས་བཀྲིས་ཡར་རྒྱས་ཚོགས་པའི་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཉེ་ལམ་ཨ་རིའི་ནང་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་བའི་བོད་མི་བློ་དགའ་རང་བཙན་ལགས་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཞུ་ཆེད་སྒང་ཏོག་ནང་གི་བོད་མི་ཚོ་དང་མཉམ་དུ་ལས་འགུལ་ནང་མཉམ་ཞུགས་བྱས་པ་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། འབྲས་ལྗོངས་ཀྱི་ཡུལ་མི་སྒུ་རུང་ཨ་མཱན་ལགས་ཀྱིས། ངོས་རང་འདིར་མི་ཚོགས་མང་པོ་འཛོམས་པ་མཐོང་ནས་ལས་འགུལ་ནང་མཉམ་ཞུགས་བྱས་པ་ཡིན། ང་རང་འདིར་སླེབས་ནས་བོད་མི་ཞིག་གིས་སོ་ས...

རྒྱ་ནག་གི་ཁྲིམས་ཡིག་ལ་ངོ་རྒོལ་དང་བོད་ཀྱི་རང་དབང་བསྐྱར་གསོ་ཡོང་བར་འབོད་སྐུལ།

[དྷ་རམ་སར] ཕྱི་ལོ་༢༠༢༦ ཟླ་༧ ཚེས་༢༩ ཉིན། རྒྱ་གར་བྱང་ཤར་ཁུལ་གྱི་བོད་མི་རྣམས་ཀྱི་སྐུ་ཚབ་མཚོན་པའི་ཤུས་ལོངས་སྣེ་ཁྲིད་བྱང་ཤར་བོད་མིའི་ཛ་དྲག་དང་བླངས་ལས་འགུལ་ཞེས་པའི་ཚོགས་ཆུང་གིས། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་ཡིག་ཅེས་པར་མཐའ་གཅིག་ཏུ་ངོ་རྒོལ་དང་། བོད་ཀྱི་རང་དབང་སླར་གསོ་ཡོང་བར་འབོད་སྐུལ་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག གསར་འགོད་གསལ་བསྒྲགས་དེའི་ནང་། ཕྱི་ལོ་༢༠༢༦ The post རྒྱ་ནག་གི་ཁྲིམས་ཡིག་ལ་ངོ་རྒོལ་དང་བོད་ཀྱི་རང་དབང་བསྐྱར་གསོ་ཡོང་བར་འབོད་སྐུལ། appeared first on བོད་ཀྱི་བང་ཆེན།.

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་བོད་ཁྱིམ་སློབ་གྲྭར་ལོ་ངོ་ཉི་ཤུ་ལྷག་ལ་ཞབས་ཕྱི་ཞུ་མཁན་གྱི་ལས་བྱེད་སོགས་ལ་མཇལ་ཁ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་དུ་ལ་དྭགས་གཞུང་གི་འབྲེལ་ཡོད་ལས་བྱེད་དང་། ཤྲི་ལངྒ། ཨིཛ་རེལ། ཨུ་རུ་སུ། བེལ་ཇི་ཡམ། ཌན་མག ཕ་རན་སི། ཇར་མན། ལྷོ་ཀོ་རི་ཡ་བཅས་ནས་ཕེབས་པའི་དད་ལྡན་མཇལ་བཅར་བ་དང་། དེ་བཞིན་ལ་དྭགས་ཀྱི་སློབ་ཕྲུག་གིས་གཙོས་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་དད་ལྡན་བཅལ་བཅར་བ་སུམ་བརྒྱ་དགུ་བཅུ་བརྒལ་བར་མཇལ་ཁ་བཀའ་དྲིན་སྩལ་ཡོད། དད་ལྡན་མཇལ་བཅར་བ་རྣམས་ཀྱིས་མཇལ་ཁ་དང་འབྲེལ་དོགས་གནས་སྣ་ཚོགས་བཀའ་འདྲི་ཞུས་པར་རིམ་བཞིན་བཀའ་ལན་སྩལ་ཡོད་པ་དང་། དེ་ཡང་མི་ཚེ་སྐྱིད་པོ་ཡོང་སྟངས་སྐོར་ལ་བཀའ་འདྲི་ཞུས་པར། སེམས་ལ་ཞི་བདེ་ཡོད་ན་སྐྱིད་པོ་ཡོང་གི་རེད། སེམས་ལ་ཞི་བདེ་མེད་པར་དངངས་སྐྲག་ཡོད་ན་སྐྱིད་པོ་མེད་པས་ཞི་བདེ་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་། བདེ་སྐྱིད་ཀྱི་རྩ་བ་ཅི་ཞིག་ཡིན་པར་བཀའ་ལན་དུ། བརྩེ་བ་ནི་བདེ་སྐྱིད་ཀྱི་རྩ་བ་རེད། ཅེས་བཀའ་ལན་སྩལ་ཡོད།གཞན་ཡང་། ནང་པའི་རྗེས་འཇུག་གི་དད་པའི་སྐོར་ལ་བཀའ་འདྲི་ཞུས་པར། ནང་ཆོས་ཀྱིས་གཞིའི་གནས་ཚུལ། ལམ་གྱི་གནས་ཚུལ། འབྲས་བུའི་གནས་ཚུལ་ཞེས་བཤད་བཞིན་ཡོད། གཞི་དངོས་པོའི་གནས་ཚུལ་ཅི་ཞིག་ཡོད་པ་དེ་ལ་ཞིབ་འཇུག་བྱས་ཏེ། དེའི་ནང་ནས་སྐྱོན་དང་ཡོན་ཏན་གྱི་དབྱེ་བ་ཕྱེས་ནས་ཉམས་སུ་ལེན་པའི་སྡེ་ཚན་གཅིག་དང་། དོར་བའི་སྡེ་ཚན་གཅིག་བཅས་བླང་དོར་བྱེད་བཞིན་ཡོད། མཐར་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་གོ་འཕང་ཅི་ལྟར་བརྙེས་པ་བཞིན་སྒྲུབ་པའི་འགྲོ་སྟངས་དེ་ལྟར་རེད། ཅེས་བཀའ་སྩལ་བ་དང་། སློབ་ཕྲུག་ཅིག་གིས་སློབ་སྦྱོང་སྐབས་སློབ་གྲོགས་ཕན་ཚུན་དབར་འགྲན་བསྡུར་གྱིས་མ་སྐྱིད་པ་ཡོང་གི་འདུག་པ་༸སྙན་སེང་ཞུས་པར། འགྲན་བསྡུར་བྱེད་པ་ནི། དཔེར་ན། ངོས་རང་དཔེ་ཆར་བལྟ་བའི་སྐབས་སུའང་འགྲན་བསྡུར་བྱེད་པ་ཡོང་གི་འདུག དེ་ཀུན་སློང་མ་དག་པ་བྱེད་ཀྱི་ཡོད་པ་མ་རེད།...

ཨ་རྒྱ་བར་ཇོ་མོ་གླང་མའི་ཐོག་ཏུ་མི་མེད་གནམ་གྲུའི་གོ་ས་འགྲན་རྩོད་བྱེད་བཞིན་པ།

འཛམ་གླིང་ནང་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་རྒྱ་ནག་གཉིས་བར་འཕྲུལ་རིག་འགྲན་རྩོད་ཆེན་པོ་བྱེད་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་བོད་མཐོ་སྒང་ཇོ་མོ་གླང་མའི་ཉེ་འདབས་སུ་མི་མེད་གནམ་གྲུའི་ཞིབ་འཇུག་ལྟེ་གནས་ཁང་ཞིག་བཙུགས་ཡོད་པ་དང་། མི་མེད་གནམ་གྲུ་དེ་དག་ཧིན་བོད་ས་མཚམས་དང་། བལ་ཡུལ། འབྲུག འབར་མ་བཅས་ཀྱི་ས་མཚམས་སུ་ལྟ་སྲུང་དང་། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཆེད་དུ་བེད་སྤྱོད་གཏོང་རྒྱུ་ཡིན་པ་བརྗོད་འདུག The post ཨ་རྒྱ་བར་ཇོ་མོ་གླང་མའི་ཐོག་ཏུ་མི་མེད་གནམ་གྲུའི་གོ་ས་འགྲན་རྩོད་བྱེད་བཞིན་པ། appeared first on བོད་ཀྱི་བང་ཆེན།.

བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་བཅུ་པ་མཇུག་སྒྲིལ་བ།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༧ ཚེས་ ༢༩ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག་དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཉིན་གྲངས་བཅུའི་རིང་བཙན་བྱོལ་བོད་མའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་བཅུ་པའི་མཇུག་བསྡོམས་མཛད་སྒོ་ཚོགས་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཡོལ་ཙམ་ལ་མཇུག་བསྡོམས་མཛད་སྒོ་འགོ་འཛུགས་གནང་ཞིང་། སྐུ་མགྲོན་དུ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། དཔལ་ལྡན་ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག སྤྱི་ཁྱབ་ཁྲིམས་དྲུང་ལྷ་འབྲུག་ལགས་གཙོས་པའི་ཚོགས་བཅར་བ་བཅས་ཚང་འཛོམས་གནང་ཡོད། སྐབས་དེར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་གཞོན་རིན་ཆེན་བཟང་མོ་ལགས་ཀྱིས་མཛད་སྒོའི་མདོ་འཛིན་གནང་བའི་ཐོག་ཟབ་སྦྱོང་གི་ཚོགས་བཅར་བ་གཅིག་ནས་མྱོང་ཚོར་མཉམ་སྤྱོད་དང་འབྲེལ། གོ་སྐབས་འདི་ལྟ་བུ་གལ་ཆེ་དོན་ཆེན་བརྩིས་ནས་ཟབ་སྦྱོང་ཐོག་མཉམ་ཞུགས་གནང་བ་ཞིག་དང་། ཟབ་སྦྱོང་རིང་ཧུར་ཐག་གིས་དུས་ཚོད་ཆུད་ཟོས་སུ་མ་གཏོང་བར་མཉམ་ཞུགས་གནང་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཐོག་སྔར་ལྷག་གོ་རྟོགས་དང་ངེས་ཤེས་བྱུང་ཡོད་སྐོར་དང་འབྲེལ། སླད་མ་འོངས་པར་ཟབ་སྦྱོང་དེ་མཚུངས་གོ་སྒྲིག་མུ་མཐུད་གནང་སྐྱོང་ཡོང་བ་དང་ཟབ་ཁྲིད་གནང་མཁན་དང་གོ་སྒྲིག་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཡོད།དེ་རྗེས་སྦྱོང་བརྡར་བ་བཅུ་དགུ་ནས་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་དེབ་སྐྱེལ་ལག་འཁྱེར་ཞུ་རྒྱུའི་ཆེད་སྙན་ཞུ་བཟོ་འབུལ་གྲུབ་བསྟུན། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་མདུན་དུ་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་ཁས་ལེན་དམ་འབུལ་ཞུས་པ་དང་། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་ནས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་ཁྲིམས་རྩོད་པའི་དེབ་འགོད་བགྱིས་པ་རྣམས་ལ་ཁྲིམས་རྩོད་པའི་ལག་འཁྱེར་ཕུལ་བ་དང་། དེ་བཞིན་ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག་གིས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ནང་མཉམ་ཞུགས་པའི་ཁྲོད་བསྐྱར་སྦྱོང་གནང་མཁན་བཞི་དང་མཉམ་ཞུགས་པ་གསུམ་ལ་ལག་འཁྱེར་ཕུལ་གྲུབ་མཚམས། སྤྱི་ཁྱབ་ཁྲིམས་དྲུང་ལྷ་འབྲུག་ལགས་ཀྱིས་འཚམས་འདྲི་དང་སྦྲགས། ཉིན་བཅུའི་རིང་གི་ཟབ་སྦྱོང་རིང་ཟབ་ཁྲིད་པ་རྣམ་པས་བོད་མིའི་བཅའ་ཁྲིམས་ཐོག་ཟབ་ཁྲིད་གང་ལེགས་གནང་ཡོད་པ་མ་ཟད། ལྷག་པར་ཚོགས་བཅར་བ་རྣམས་ནས་དོ་སྣང་ལྡན་པའི་ཐོག་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། དེ་བཞིན་ཟབ་སྦྱོང་དེ་ལྟ་བུ་གོ་སྒྲིག་གནང་དགོས་པའི་དགོས་དམིགས་དག་མ་བརྗེད་པ་གནང་དགོས་གལ་དང་། ཟབ་སྦྱོང་འདིའི་བརྒྱུད་ཚོགས་བཅར་བ་བཅུ་དགུ་ཞིག་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ཀྱི་ཁྲིམས་རྩོད་པའི་དེབ་འགོད་གནང་བ་དག་ལ་འཚམས་འདྲི་དང་། བསྐྱར་སྦྱོང་གནང་མཁན་གྱི་ཚོགས་བཅར་བ་བཞི་ལ་ཡི་རངས་བསྔགས་བརྗོད་དང་མཉམ་ཞུགས་རྣམས་ནས་བསྐྱར་དུ་མ་འོངས་པའི་ཟབ་སྦྱོང་ཁྲོད་འཛུལ་ཞུགས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད། ཕྱོགས་མཚུངས་མཉམ་ཞུགས་པ་རྣམས་པས་འགན་ཁུར་བཞེས་པའི་ཐོག་སོ་སོའི་སྤྱི་ཚོགས་ནང་བཟང་སྤྱོད་ལྡན་པའི་སྒོ་ནས་ཕན་ཐོགས་ཐུབ་པ་ཞིག་གནང་དགོས་པའི་ལམ་སྟོན་གནང་རྗེས་སྐུ་མགྲོན་རྣམས་དང་ལྷན་ཚོགས་བཅར་བ་རྣམས་སྐུ་པར་སྒྲོན་ཏེ་མཛད་སྒོ་མཇུག་སྒྲིལ་ཡོད།ཐེངས་འདིའི་ཟབ་སྦྱོང་རིང་ཁྲིམས་ཀྱི་སློབ་ཐོན་པ་དང་སློབ་གཉེར་བ། དེ་སྔོན་ཁྲིམས་ཞིབ་ཁང་ནས་ཁྲིམས་རྩོད་པའི་ཕྱག་འཁྱེར་ཐོབ་པའི་ཁྲིམས་རྩོད་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད། ཁྲིམས་ཞིབ་ཁང་མ་ལག་གི་ལས་བྱེད་བཅས་ཁྱོན་མི་གྲངས་ ༢༦ མཉམ་ཞུགས་གནང་ཡོད།སྦྱོང་བརྡར་རིང་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་བཅའ་ཁྲིམས་དང་འབྲེལ་ཡོད་དོན་ཚན་ཁག་གཅིག་གི་ཐོག་གསུང་བཤད་གནང་བ་དང་། སྤྱི་ཁྱབ་ཁྲིམས་དྲུང་ལྷ་འབྲུག་ལགས་ཀྱིས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་དཔང་རྟགས་རྩ་འཛིན་ཁྲིམས་ཡིག་སྐོར་སློབ་ཁྲིད། དེ་བཞིན་ལ་དྭགས་ས་གནས་ཁྲིམས་ཞིབ་པ་པདྨ་བཟང་པོ་ལགས་དང་། ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་པ་ཕུན་ཚོགས་དཔལ་ལྡན་ལགས། བྱང་ཕྱོགས་ས་གནས་ཁྲིམས་ཞིབ་པ་ཆོས་སྐྱིད་ལགས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་གཞོན་རིན་ཆེན་བཟང་མོ་ལགས་བཅས་ཀྱིས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ཐོག་སློབ་ཁྲིད་གནང་ཡོད་པ་བཅས། །

ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་ལྷན་ཁང་གི་སྦྱོང་བརྡར་འབྲེལ་མཐུད་པ་རྣམས་ལ་སྦྱོང་བརྡར་དགོས་མཁོ་དཔྱད་ཞིབ་དང་། སྲིད་བྱུས་ལམ་སྟོན་ཡིག་ཆ་ཁག་ངོ་སྤྲོད་གོ་བསྡུར་...

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༧ ཚེས་ ༢༨ ཉིན་དྷ་ས་ཉེ་འདབས་སུ་ཆགས་པའི་ལེ་མོན་ཊི་རི་ (Lemon Tree) གསོལ་མགྲོན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ལྷན་ཁང་གི་སྦྱོང་བརྡར་འབྲེལ་མཐུད་པ་རྣམས་ལ་སྦྱོང་བརྡར་དགོས་མཁོ་དཔྱད་ཞིབ་དང་། སྲིད་བྱུས་ལམ་སྟོན་ཡིག་ཆ་ཁག་ངོ་སྤྲོད་གོ་བསྡུར་གྱི་གཏན་འབེབས་གནང་རྒྱུའི་ལས་རིམ་མཐའ་མ་དེ་ཚོགས་ཡོད། སྐབས་དེར་ལས་བྱེད་སྐྱེས་པ་ ༨ དང་བུད་མེད་ ༦ བཅས་ཁྱོན་བསྡོམས་སྦྱོར་བརྡར་འབྲེལ་མཐུད་པ་ ༡༤ མཉམ་ཞུགས་གནང་ཡོད།དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལམ་སྟོན་ཡིག་ཆ་དེ་བཞིན་བཀའ་ཤག་ནས་བཀའ་འཁྲོལ་མ་གནང་གོང་ལས་བྱེད་རྣམས་དང་ལྷན་གྲོས་བསྡུར་ལྷུག་པོ་བྱས་ཏེ་གྲ་སྒྲིག་གནང་ཡོད་པ་དང་། དེ་རྗེས་ལས་བྱེད་འདེམས་ལྷན་ནས་གཏན་འབེབས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ལ་འགྲེམས་སྤེལ་གནང་བ་མ་ཟད། དེ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་སྦྱོང་བརྡར་འབྲེལ་མཐུད་པ་དང་སྐུ་ཚབ་རྣམས་ལ་ནོར་བུ་གསོལ་མགྲོན་ཁང་དུ་སྦྱོང་བརྡར་སྤྲོད་ཕྱོགས་ཀྱི་སྲིད་བྱུས་ངོ་སྤྲོད་ཟབ་སྦྱོང་གནང་ཡོད་སྐོར་སོགས་འགྲེལ་བརྗོད་གནང་ཡོད། དེ་མཚུངས་སྦྱོང་བརྡར་སྲིད་བྱུས་དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་བྱེད་ཐུན་མོང་གི་མཉམ་ལས་ལ་བརྟེན་ནས་གཏན་འབེབས་བྱུང་ཡོད་པ་གསལ་སྟོན་གནང་བ་དང་། ལས་བྱེད་རྣམས་ལ་གོ་སླ་བའི་ཆེད་བོད་ཡིག་ཏུ་བསྒྱུར་ཡོད་པ་གསུངས།ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་གིས་ཐེངས་འདིའི་ཟབ་སྦྱོང་ནི་ནུས་པ་གོང་མཐོར་གྱི་ལས་གཞིའི་ཟབ་སྦྱོང་ཐེངས་གསུམ་པ་ཆགས་ཀྱི་ཡོད་སྐོར་གསུངས་པ་དང་སྦྲགས། མཉམ་ཞུགས་པ་ཚོས་ཟབ་སྦྱོང་རིང་ཐོབ་པའི་ཤེས་ཡོན་རྣམས་ལྷན་ཁང་ཁག་གི་ལས་བྱེད་དང་ལྷན་མཉམ་སྤྱོད་དང་ལག་བསྟར་གནང་དགོས་པའི་སྐུལ་མ་གནང་བ་མ་ཟད། ནུས་པ་གོང་མཐོར་གྱི་ལས་གཞི་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་སྤྱི་ཡོངས་ཀྱི་འགན་ཁུར་ཡིན་པ་ནན་བརྗོད་གནང་། དེ་བཞིན་ལས་བྱེད་འདེམས་བསྐོ་ལྷན་ཁང་ངོས་ནས་འབྱུང་འགྱུར་ཕྱི་ཟླ་༨ ཡང་ན་ ༩ ནང་བསྐྱར་ཞིབ་སྦྱོང་བརྡར་ཞིག་གོ་སྒྲིག་གནང་འཆར་ཡོད་པ་དང་། དེའི་ཐོག་ལྷན་ཁང་ཁག་གི་སྦྱོང་བརྡར་འབྲེལ་མཐུད་པ་དང་། ལྷག་པར་ལས་བྱེད་འཕོ་གྱུར་རྗེས་ཀྱི་གསར་བསྐོ་འབྲེལ་མཐུད་པ་རྣམས་མཉམ་ཞུགས་གནང་རྒྱུ་ཡིན་པ་ངོ་སྤྲོད་གནང་། ཟབ་སྦྱོང་དེ་བཞིན་མཉམ་ཞུགས་པ་ཚོའི་སྦྱོང་བརྡར་སྲིད་བྱུས་དང་། འཇོན་རྩལ་སྒྲོམ་གཞི། སྦྱོང་བརྡར་ལམ་སྟོན་བཅས་ཀྱི་སྐོར་གོ་རྟོགས་སྲ་བརྟན་གཏོང་ཆེད་དམིགས་ཡོད་པ་རེད།དབུ་འབྱེད་མཛད་སྒོ་གྲུབ་མཚམས་ཟབ་ཁྲིད་པ་ཝི་ཝེཀ་ཤཱརྨ་ལགས་ཀྱིས་སྣེ་ཁྲིད་འོག་བོད་མིའི་སྒྲིག་འཛུགས་ཀྱི་སྦྱོང་བརྡར་ལམ་སྟོན་ཡིག་ཆ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ལ་སྦྱོང་བརྡར་དགོས་མཁོ་དཔྱད་ཞིབ་ཐོག་བགྲོ་གླེང་གནང་ཡོད། ཟབ་སྦྱོང་དེར་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་བསྟན་འཛིན་ལེགས་གྲུབ་ལགས་དང་། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་བློ་བཟང་བསྟན་འཛིན་ལགས། ལས་བྱེད་འདེམས་ལྷན་གྱི་ལས་འཆར་འགན་འཛིན་བསྟན་འཛིན་བརྩོན་འགྲུས་ལགས་བཅས་ཕེབས་ཡོད།།  ...

བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱལ་ས་ལྡི་ལིར་མུ་མཐུད་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུ...

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༢༨ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་སྡེ་ཚན་གཉིས་ལ་ཆ་བགོས་ཀྱིས་མུ་མཐུད་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་རེད།དེ་ཡང་བོད་དོན་ཞུ་སྐུལ་གྱི་ཉིན་གཉིས་པ་ཕྱི་ཚེས་ ༢༨ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་དང་། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས། སྤྱི་འཐུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་ལགས་བཅས་ལས་གྲུབ་པའི་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོས། ཀོང་རེ་སི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨེག་ལི་ཤི་ པར་སཏ་ སིངྒ་ (Shri Akhilesh Prasad Singh, Member of Rajya Sabha) ལགས་དང་། བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷན་སི་ལལ་ གྷུར་ཇར་ (Shri Bansilal Gurjar, Member of Rajya Sabha) ལགས།   རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་། བྷི་ཇེ་པི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇ་གྷ་དྷི་ཤི་ ཤེ་ཊར་ (Shri...

རྒྱ་ནག་གི་གནོན་ཤུགས་འོག་བཙན་བྱོལ་ནང་གི་བོད་རིག་པ་བས་ཚོཊ་འདུར་ཚོཊ་བཅར་ལས་ཕྱིར་འཐེན།

བཙན་བྱོལ་ནང་གི་བོད་རིག་པ་བས་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་ཐེངས་ ༡༧ ཐོག་ཚོཊ་བཅར་ཕྱིར་འཐེན་བྱས་འདུག

ཨ་མདོ་བྲག་དཀར་རྫོང་དུ་ས་ཡོམ་བསྟུད་མར་བརྒྱབ་འདུག

ཕྱི་ཟླ་ ༧ ཚེས་ ༢༨ ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་བྲག་དཀར་རྫོང་དུ་ས་ཡོམ་རིམ་པ་ ༥.༨ ཅན་བརྒྱབ་འདུག

རྒྱ་རིཊ་ཤིག་གིས་བོད་ནང་དུ་༧གོང་ས་མཆོག་གི་སྐུ་པར་བསྟན་པར་འཛིན་བཟུང་བཀག་ཉར་བྱས་པ།

བོད་ནང་༧གོང་ས་མཆོག་གི་སྐུ་པར་མིག་སྟོན་བྱས་པའི་ཉེས་མིང་འོག་རྒྱ་ནག་གི་མང་གཙོ་དོན་གཉེར་བ་ཀྲང་ཡི་འཛིན་བཟུང་བཀག་ཉར་བྱས་ཤིང་། འདི་ནི་ཆོས་དད་རང་དབང་ལ་རྡོག་རོལ་ཚབས་ཆེན་རེད་ཅེས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡའི་ངེས་སྟོན་པས་བརྗོད་བྱུང་། རྒྱ་ནག་གཞུང་གིས་རྒྱ་རིགས་མང་གཙོ་དོན་གཉེར་ཅན་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཀྲང་ཡི་ (Zhang Yi) འཛིན་བཟུང་བྱས་པ་དེས། རྒྱ་ནག་གཞུང་གིས་བོད་ནང་རྒྱ་ནག་གཞུང་གི་ཁྲིམས་དང་སྲིད་བྱུས་ལ་དོགས་པ་བྱེད་མཁན་སུ་ཞིག་ཡིན་རུང་དེར་འཛེམས་གཟོན་མེད་པར་འཛིན་བཟུང་མུ་མཐུད་བྱེད་བཞིན་པ་མཚོན་ཐུབ་ཅེས། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡ་མངའ་ཁུལ་གྱི་འགན་འཛིན་ཨེ་ལིཡན་པིཡར་སན་ (Elaine Pearson) ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ཟླ་ ༧ ཚེས་ ༡ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་ནག་ཝུ་ཧན་ནས་ཡིན་པའི་མང་ག...

ཧོང་ཀོང་གི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཟུར་པ་ཝུའུ་ཅི་ཝའེ་ལ་དབྱིན་ཡུལ་དུ་བསྡད་ཆོག་པའི་ཆོག་མཆན་ཐོབ།

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དང་། ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཟུར་པ་ཝུའུ་ཅི་ཝའེ་ (Wu Chi-wai)དེ་སྔོན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ལོ་མང་རིང་བཙོན་འཇུག་བྱས་ཤིང་། ཉེ་ཆར་བཙོན་གྲོལ་ཐོབ་རྗེས་དབྱིན་ཡུལ་དུ་བྲོས་བྱོལ་དུ་ཡོང་སྐབས། ས་མཚམས་ཉེན་རྟོག་པས་ཆུ་ཚོད་མང་པོ་རིང་བཀག་ཉར་བྱས་ཏེ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱེད་ལ་ཉེ་བའི་གནས་ཚུལ་ཐོན་ཡོད་ཀྱང་། ཁ་སང་ཁོང་ལ་དབྱིན་ཡུལ་ནང་ཟླ་བ་དྲུག་རིང་བསྡད་ཆོག་པའི་ཆོག་མཆན་སྤྲད་ཡོད་འདུག The post ཧོང་ཀོང་གི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཟུར་པ་ཝུའུ་ཅི་ཝའེ་ལ་དབྱིན་ཡུལ་དུ་བསྡད་ཆོག་པའི་ཆོག་མཆན་ཐོབ། appeared first on བོད་ཀྱི་བང་ཆེན།.

འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་སུད་སིར་ཆིབས་བསྒྱུར་སྐབས་སུད་སི་སྐུ་ཚབ་དོན་གཅོད་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་པ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༢༥ ཉིན་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༥ རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་ཕ་རན་སི་ནང་གི་ཆོས་འབྲེལ་ལེགས་གྲུབ་ཀྱིས་སུད་སིར་ཆིབས་བསྒྱུར་སྐབས་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་གཙོས་པའི་ས་གནས་བོད་མི་རྣམས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་བཅས།།

ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཐེངས་དྲུག་པ་དབུ་འཛུགས་གནང་བ།

༄༅། །ཡོ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཕྱི་ལོ་ ༢༠༢༦ ཟླ་བ་ ༠༧ ཚེས་ ༢༤ ནས་ ༢༦ བར་ཉིན་གྲངས་གསུམ་རིང་། ༸སྐྱབས་མགོན་ས་སྐྱ་གོང་མ་ཁྲི་འཛིན་ཞེ་གསུམ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཀྱིས། སུད་སི་ཛུ་རིག་ཁྱབ་ཁོངས་ཐུར་པན་ཐལ་ (Turbenthal) གྲོང་ཁྱེར་དུ་གྲྭ་བཙུན་སྔགས་གསུམ་གདན་འཛོམས་པའི་ཐོག་ཐེངས་དྲུག་པའི་སྨོན་ལམ་ཚོགས་གནང་ཡོད། དེ་ཡང་ཕྱི་ཚེས་ ༢༤ ཉིན་ཡུ་རོབ་འཇིག་རྟེན་ཞི་བདེའི་སྨོན་ལམ་ཐེངས་དྲུག་པའི་དབུ་འཛུགས་ཉིན་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་གིས་གཙོས་པའི་དགེ་འདུན་པ་རྣམས་དང་། བོད་མི་མང་སྤྱི་འཐུས་ཟུར་པ། དེ་བཞིན་ས་གནས་མང་ཚོགས་བཅས་མཉམ་ཞུགས་གནང་ཡོད་པ་བཅས།།