Tibetan

༸དཔལ་ས་སྐྱ་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ལ་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་འཚམས་འདྲིའི་མཇལ་ཁ་ཞུས་པ།

༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༤ ཉིན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་ཨུཏྟརཱ་ཁནྜ་མངའ་སྡེའི་སྡེ་ར་སྡུན་ཁུལ་༸དཔལ་ས་སྐྱ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸དཔལ་ས་སྐྱ་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག ཁྲི་འཛིན་ཞེ་གཉིས་རཏྞ་བཛྲ་རིན་པོ་ཆེ་མཆོག་ལ་འཚམས་འདྲིའི་མཇལ་ཁ་ཞུ་རྒྱུ་གཙོས་པས་ས་གནས་ཁྱབ་ཁོངས་དགོན་སྡེ་ཁག་དང་། གཞུང་དང་གཞུང་ཁོངས་མིན་པའི་སྡེ་ཚན་ཁག མི་མང་ཐུག་འཕྲད་བཅས་ཀྱི་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུ་ཕེབས་འགོ་བཙུགས་ཡོད། དེ་ཡང་ཕྱི་ཚེས་ ༢༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦།༠༠ ཙམ་ལ་སྡེ་ར་སྡུན་གནམ་ཐང་དུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་དང་། བྱང་ཕྱོགས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ། ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་། མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་འགན་འཛིན་བཅས་ནས་ཕེབས་བསུ་ཀྱིས་བདེ་སྐྱིད་གླིང་མགྲོན་ཁང་མདུན་དུ་འབྱོར་སྐབས་ས་གནས་སྡེ་ཚན་ཁག་གི་སྐུ་ཚབ་རྣམས་ཀྱིས་ཕེབས་བསུ་ཞུས།ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༠༠ ཐོག་༸དཔལ་ས་སྐྱ་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ལ་འཚམས་འདྲིའི་མཇལ་ཁ་ཞུས་ཡོད། ཆོས་རིག་བཀའ་བློན་མཆོག་གིས་རིན་པོ་ཆེ་མཆོག་ལ་ཆོས་རིག་ལས་ཁུངས་ཀྱི་སྔར་སྲོལ་བཟང་པོ་བཞིན་ཆོས་རིག་བཀའ་བློན་གྱི་ཐུགས་ཁུར་བཞེས་རྗེས་དབུ་ཁྲིད་བླ་ཆེན་རྣམ་པར་འཚམས་མཇལ་ཞུས་ཏེ་འཛིན་སྐྱོང་གི་ལས་དོན་ལམ་ལྷོངས་ཡོང་ཕྱིར་ཐུགས་སྨོན་སྐྱབས་འཇུག་ཡོང་བའི་སྙན་སྒྲོན་ཞུས་པ་དང་། བཀའ་ཤག་སྐབས་ ༡༧ པའི་སྤྱི་ཡོངས་ཀྱི་ལས་དོན་ཞུ་ཕྱོགས་སྐོར་དང་། ཆོས་རིག་ལས་ཁུངས་ཀྱི་འགྲོ་བཞིན་པའི་ལས་གཞི་གལ་ཆེ་བ་གནས་སྐོར་མཉེན་ཆས་དང་གྲངས་འཛིན་དཔེ་མཛོད་བཅས་ཀྱི་ངོ་སྤྲོད་ཞུས། རིན་པོ་ཆེ་མཆོག་གིས་བོད་ཀྱི་ཆོས་བརྒྱུད་རིས་སུ་མ་ཆད་པའི་དགོན་སྡེ་གྲྭ་ཚང་ཁག་གི་སློབ་གྲྭ་ཁག་ཁྲིམས་མཐུན་དེབ་བསྐྱེལ་ཡོད་པའི་ཐོག་ལག་འཁྱེར་ཚད་ལྡན་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེས་དགེ་འདུན་པ་གྲྭ་ཚང་ནས་ཕྱིར་ཐོན་ནའང་མི་ཚེའི་མདུན་ལམ་ཡོད་པ་ཞིག་དང་། ནང་པའི་སྤྱི་ཚོགས་ཁྱོན་ཡོངས་ཤེས་ཡོན་ལྡན་པའི་སྤྱི་ཚོགས་ཤིག་དང་། གྲྭ་རྒྱུན་གནས་ཐུབ་པའི་ཐབས་ལམ་བཟང་པོ་ཞིག་ཏུ་འགྱུར་ཐུབ་པའི་གཟིགས་སྣང་དང་ཐུགས་རེ་ཡོད་པ་བཅས་བཀའ་སློབ་བསྩལ་ཡོད།དེ་རྗེས་རིམ་བཞིན་ས་སྐྱ་བཤད་གྲྭ་དང་། རཱཇ་སྤུར་བོད་ཕྲུག་ཁྱིམ་སྡེ། ས་སྐྱ་ཆོས་སྒར། རཱཇ་སྤུར་བོད་ཀྱི་བུད་མེད་མཉམ་ལས་བཟོ་གྲྭ རཱཇ་པུར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་བཅས་སུ་འཚམས་གཟིགས་སུ་ཕེབས་ཏེ་བཀའ་བསྡུར་ལྷུག་པོ་གནང་ཡོད།...

དྷ་ས་དང་མ་སུ་རི་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ལེགས་པར་མཇུག་སྒྲིལ་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༤ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཤེས་རིག་ལས་ཁུངས་ནས་ཕྱི་ཟླ་ ༨ ཚེས་ ༡༧ ནས་ ༢༤ བཅས་ཉིན་གྲངས་བརྒྱད་རིང་གོ་སྒྲིག་ཞུས་པའི་དྷ་ས་དང་མ་སུ་རི་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་མཇུག་སྒྲིལ་ཡོད། དེ་ཡང་མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དང་། ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་བསྟན་འཛིན་པདྨ་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་དང་། སློབ་སྤྱི་གཞོན་པ་དགེ་བཤེས་འཇིགས་མེད་བློ་གྲོས་ལགས། ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་དངོས་གྲུབ་བསྟན་པ་ལགས། དེ་བཞིན་སློབ་གྲྭ་ཁག་བཅོ་ལྔའི་ལྟ་གྲུབ་དགེ་རྒན་དང་སློབ་ཕྲུག་ཕོ་མོ་བཅས་ཁྱོན་མི་གྲངས་ ༡༢༩ ལྷག་མཉམ་ཞུགས་གནང་ཡོད། མཛད་སྒོའི་ཐོག་མར་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ནས་འགོ་འཛུགས་ཀྱིས་ལོ་སྟར་ཆགས་རིགས་ལམ་འདུ་འཛོམས་འདི་ལྟ་བུ་གོ་སྒྲིག་གནང་དང་གནང་མུས་ཡིིན་པ་དང་། རིགས་ལམ་འདུ་འཛོམས་འདི་ཉིད་གོ་སྒྲིག་གནང་དགོས་པའ་ིདམིགས་ཡུལ་འབྲེལ། ཉིན་གྲངས་བརྒྱད་རིང་གི་ལས་བསྡོམས་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་ཡོད།དེ་རྗེས་སློབ་གྲྭ་ཁག་ནས་སྐར་མ་ལྔ་རེའི་རྟགས་གསལ་སྤྱན་འབུལ་ཞུས་གྲུབ་རྗེས་མཉམ་ཞུགས་གནང་མཁན་སློབ་ཕྲུག་གི་སྐུ་ཚབ་གསུམ་དང་ལྟ་གྲུབ་དགེ་རྒན་གྱི་སྐུ་ཚབ་གཅིག་ནས་རིགས་ལམ་འདུ་འཛོམས་ཀྱི་མྱོང་ཚོར་དང་འབྲེལ། སློབ་ཕྲུག་རྣམས་ནས་ད་བར་རིགས་ལམ་སློབ་ཁྲིད་བརྒྱུད་སོ་སོ་རང་ཉིད་ལ་ཡར་རྒྱས་དང་ཕན་ཐོགས་ཇི་ཞིག་བྱུང་ཡོད་མེད་དང་། མ་འོངས་པར་ཡར་རྒྱས་ཅི་ཞིག་བཏང་དགོས་མིན་ཐོག་སོ་སོའི་བསམ་ཚུལ་མཉམ་སྤྱོད་ཀྱིས། ཤེས་རིག་ལས་ཁུངས་ནས་གོ་སྐབས་བཟང་པོ་འདི་ལྟ་བུ་གནང་བར་ཐུགས་རྗེ་ཆེ་ཞུས་གྲུབ་བསྟུན། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་གཞོན་པ་དགེ་བཤེས་འཇིགས་མེད་བློ་གྲོས་ལགས་ནས་རིགས་ལམ་འདུ་འཛོམས་ཀྱི་ལས་རིམ་རྟོག་ཞིབ་གནང་བའི་སྙན་ཐོ་དང་འབྲེལ། རིགས་ལམ་འདུ་འཛོམས་འདིའི་བརྒྱུད་སློབ་མ་རྣམས་ལ་རིགས་ལམ་ཐོག་གོ་རྟོགས་ཆེན་པོ་ཐོབ་ཡོད་པ་དང་། ལྟ་གྲུབ་དགེ་རྒན་དང་སློབ་མ་རྣམས་ནས་མ་འོངས་གནད་དོན་ཇི་ཞིག་གི་ཐོག་ཡར་རྒྱས་གཏོང་དགོས་མིན་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད། དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་ལྷ་གྲུབ་དགེ་རྒན་རྣམས་ལ་མཇལ་དར་དང་སློབ་ཕྲུག་རྣམས་ལ་ལག་འཁྱེར་ཕུལ་གནང་རྗེས། ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་ནས་གསུང་བཤད་གནང་དོན། སྤྱིར་སློབ་གྲྭ་ཁག་ཏུ་རིགས་ལམ་སློབ་ཁྲིད་གནང་རྒྱུའི་ལམ་སྲོལ་བཟང་པོ་འདི་ཉིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་གྲྭ་ཁག་གི་ནང་རིགས་ལམ་སློབ་ཁྲིད་ཀྱི་གལ་གནད་ཐོག་བཀའ་སློབ་རབ་དང་རིམ་པ་ཕེབས་བཞིན་པ་གཞི་རིམ་སློབ་གྲྭ་ཁག་ནང་ལྟ་གྲུབ་དགེ་རྒན་བཀོད་སྒྲིག་གིས་སློབ་ཕྲུག་རྣམས་ལ་རིགས་ལམ་སློབ་ཁྲིད་གནང་དང་གནང་མུས་ཡིན་པའི་སྐོར་འགྲེལ་བརྗོད་གནང་ཞིང་།བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཡུལ་བཞིའི་ཡ་གྱལ་རང་དབང་དང་རིགས་ལམ་དབར་འབྲེལ་བ་ཆེན་པོ་ཆགས་ཡོད་པ་ནི། སློབ་ཕྲུག་ཚོས་ཤེས་བྱའི་གནད་གང་ཞིག་ཡིན་ཡང་གཞན་བཤད་རྗེས་སུ་འབྲང་པ་མ་ཡིིན་པར་སོ་སོའི་རྣམ་དཔྱོད་རྩལ་སྤྲུགས་ཀྱིས་དཔྱད་པ་བྱེད་དེ་རྒྱུ་མཚན་དང་བསམ་ཚུལ་དྲངས་ནས་ལེགས་ཉེས་དབྱེ་བ་འབྱེད་ཐུབ་པའི་བསམ་བློའི་རང་དབང་ལྡན་པ་ཞིག་དགོས་ཀྱི་ཡོད་པ་དང་མཚུངས་ཀྱི་ཡོད་གསུངས་པ་དང་། དེ་བཞིན་རིགས་ལམ་ནི་ཤེས་ཡོན་སྲིད་བྱུས་ནང་དུའང་གལ་གནད་ཅན་ཞིག་ཏུ་ངོས་འཛིན་བྱེད་བཞིན་པར་སོང་། སློབ་མ་རྣམས་ནས་མུ་མཐུད་རིགས་ལམ་ལ་ཐུགས་སྣང་ཤུགས་ཆེ་གནང་དགོས་གལ་ཡིན་པ་གསུངས།...

ཡོངས་ཁྱབ་གསལ་བསྒྲགས།

༄༅། །རྒྱ་དམར་གཞུང་གིས་རྒྱ་ནག་གི་མངའ་ཁོངས་སུ་བཅུག་པའི་མི་རིགས་ ༥༥ དང་། ཡང་སྒོས་སུ་བོད་དང་། སོག་པོ།  ཡུ་གུར་སོགས་ཆོས་དང་རིག་གཞུང༌། སྐད་ཡིག་གི་ཁྱད་ཆོས་འབུར་དོད་ཡོད་པའི་མི་རིགས་རྣམས་རྒྱ་རིགས་ཁེར་རྐྱང་གི་ཀྲུང་ཧྭ་མི་རིགས་ཟེར་བ་དེའི་ཁོངས་བསྲེས་བསྒྱུར་བྱ་རྒྱུ་དམིགས་འབེན་དུ་བཟུང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་གཏན་འབེབས་དང་ལག་བསྟར་འགོ་འཛུགས་ཀྱིས། ངན་གཡོ་བསམ་ཐོག་ཏུ་འབེབས་སླད་ཕྱོགས་ཡོངས་དང་ཁྱོན་ཡོངས་ནས་དམར་པོའི་རྒྱལ་ཁབ་ཀྱི་འཕྲུལ་འཁོར་མ་ལག་ཡོངས་སུ་རྫོགས་པ་བཀོལ་སྤྱོད་བྱེད་བཞིན་པ་ནི། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱིས་བཀག་སྡོམ་བྱས་པའི་མི་རིགས་རྩ་གཏོར་ (Genocide) དང་འགྲོ་བ་མིའི་རིགས་ལ་རྒོལ་བའི་ནག་ཉེས་ (Crime against humanity)། དེ་བཞིན་རྒྱ་ནག་གི་རྩ་ཁྲིམས་ཀྱིས་མི་རིགས་སོ་སོར་ས་གནས་མི་རིགས་རང་སྐྱོང་གི་ཐོབ་ཐང་དང་། མི་རིགས་འདྲ་མཉམ། སྐད་ཡིག་བཀོལ་སྤྱོད་དང་ཡར་རྒྱས། ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་གྱི་ཐོབ་ཐང་། (རྩ་ཁྲིམས་དོན་ཚན་ ༤ པ།) རང་སྐྱོང་ས་གནས་ཀྱི་དཔལ་འབྱོར་དང་། སློབ་གསོ། རིག་གནས་འཛིན་སྐྱོང་ (ལེའུ་ ༣ པའི་ཚན་པ་ ༦ པ།) སོགས་ཀྱི་ཐོབ་ཐང་འགན་ལེན་བྱས་ཡོད་པ་ལ་ལྟོས་མེད་བྱས་པ་ཞིག་ཡིན་པས། དེར་གདོང་ལེན་ཆེད། སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ ༡༡ སྟེང་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༡༦ ཀ སྤྱི་མོས་གཏན་འབེབས་གནང་བའི་ནང་།...

རིགས་ལམ་སློབ་ཚན་གྱིས་དེང་དུས་ཤེས་ཡོན་སློབ་སྦྱོང་ལ་རམ་འདེགས་བྱེད་བཞིན་པ་གསུངས།

བོད་པའི་སློབ་གྲྭ་ཁག་ཏུ་སློབ་བཞིན་པའི་རིགས་ལམ་སློབ་ཚན་དེས། དེང་དུས་ཤེས་ཡོན་སློབ་སྦྱོང་ལ་རམ་འདེགས་བྱེད་བཞིན་ཡོད་པ་གསུ

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༧གོང་ས་རྒྱལ་བ་རིན་པོ་མཆོག་ནས་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་སངས་རྒྱས་ཀྱི་བསྟན་པ་བོད་དུ་བསྒྱུར་ཅིང་རིགས་ལམ་གྱི་སྒོ་ནས་སློབ་གཉེར་བྱས་པ་ནི་དུས་རབས་ཉེར་གཅིག་པར་ཡང་ཕན་ཐོགས་ཆེན་པོ་ཡོད་པར་གསུངས་སོང་། The post ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས། appeared first on བོད་ཀྱི་དུས་བབ།.

ཆེ་བསྟོད་གསོལ་སྟོན་ཐོག་ཏུ་སྲིད་སྐྱོང་སྤེལ་པ་ཚེ་རིང་དང་རྒྱ་གར་གྱི་བློན་ཆེན་འགའ་དང་ཐུག་འཕྲད།

འབུམ་རམས་པ་སྭ་པན་དཱས་གུཔྟ་ཞེས་པ་ཁོང་རྒྱ་གར་གྱི་ནུབ་བྷེང་གྷལ་གྱི་དཔལ་འབྱོར་བློན་ཆེན་དུ་བསྐོ་གཞག་བྱུང་བར་ཆེ་བསྟོད་སླད་གོ་སྒྲིག་ཞུས་པའི་དགོང་མའི་གསོལ་སྟོན་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མགྲོན་འབོད་ཞུས་པ་བཞིན། སྐབས་དེ་དུས་སྲིད་སྐྱོང་གིས་རྒྱ་གར་དབུས་གཞུང་གི་བློན་ཆེན་འགའ་དང་མཇལ་འཕྲད་བྱུང་འདུག The post ཆེ་བསྟོད་གསོལ་སྟོན་ཐོག་ཏུ་སྲིད་སྐྱོང་སྤེལ་པ་ཚེ་རིང་དང་རྒྱ་གར་གྱི་བློན་ཆེན་འགའ་དང་ཐུག་འཕྲད། appeared first on བོད་ཀྱི་བང་ཆེན།.

༸གོང་ས་མཆོག་ལ་དྭགས་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་པ།

མང་སྤྲོ་དགོན་པར་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་སྐབས་༧གོང་ས་མཆོག་གིས་ད་ལྟ་ནཱ་ལེནྡྲ་ནི་མིང་སྐམ་པོ་ཞིག་མ་གཏོགས་ཡོད་པ་མ་རེད། ང་ཚོ་བོད་པས་ནང་པའི་གཞུང་རྣམས་ལ་བདག་པོ་བརྒྱབ་པ་རེད། ང་ཚོ་བོད་པས་ལོ་སྟོང་ཕྲག་རིང་བདག་པོ་བརྒྱབ་པ་དེ་ད་ལྟའི་དུས་རབས་ཉེར་གཅིག་པའི་ནང་དུའང་བེད་སྤྱོད་བྱེད་རྒྱུ་ཡོད་པ་ཞིག་དང་། བསམ་བློ་གཏོང་རྒྱུ་ཡོད་པ་ཧ་ཅང་ཡག་པོ་རེད་ཅེས་གསུངས་འདུག The post ༸གོང་ས་མཆོག་ལ་དྭགས་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་པ། appeared first on བོད་ཀྱི་བང་ཆེན།.

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

བོད་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་ཟེར་བས་སླར་ཡང་རྡོ་རྗེ་བཀྲ་ཤིས་ལགས་སུ་ནང་མི་དང་ཁྲིམས་རྩོད་པའི་ཐུག་འཕྲད་བྱེད་དུ་བཅུག་མི་འདུག The post རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག appeared first on བོད་ཀྱི་དུས་བབ།.

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་ཐོག་ཁ་བྲལ་ལ་ངོ་རྒོལ་བྱ་དགོས་ལུགས་སོགས་བཤད་འདུག  The post མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས། appeared first on བོད་ཀྱི་དུས་བབ།.

དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་མཆོག་དང་མཇལ་འཕྲད་གནང་བ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༨ ཚེས་ ༢༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་ནང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་འབུམ་རམས་པ་ཨེ་ལི་སི་ཀ་ཛི་གྷོ་ཝ་ (Dr. Eliska Zigova) མཆོག་གཞུང་ཚབ་ཀྱི་ལས་ཡུན་རྫོགས་པ་དང་བསྟུན་མཇལ་འཕྲད་ཀྱིས་འཚམས་འདྲི་ཞུས་གནང་ཡོད།དེ་ཡང་ཆུ་ཚོད་གཅིག་རིང་གི་མཇལ་འཕྲད་སྐབས་གཙོ་བོ་བོད་ནང་རྒྱ་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཚུད་པའི་མི་རིགས་སིམ་སྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐོར་དང་། ཁྲིམས་ཡིག་འདིས་བོད་མིའི་ངོ་བོ་སྲུང་སྐྱོབ་ལ་དོ་ཕོག་ཇི་ལྟར་ཐེབས་མིན་ཐོག་ལ་གླེང་སློང་གནང་ཡོད། དེ་བཞིན་འཛམ་གླིང་གི་སྟོབས་ཤུགས་ཀྱི་གནས་སྟངས་འགྱུར་བ་འགྲོ་བཞིན་པ་དང་། བོད་མི་རིགས་ཀྱི་ད་ལྟའི་གནས་སྟངས། བོད་མིའི་སྒྲིག་འཛུགས་ཀྱི་ཞི་བའི་གྲོས་མོལ་བརྒྱུད་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་ཀྱི་སྲིད་བྱུས་དབུ་མའི་ལམ་བཅས་ཀྱི་ཐོག་གྲོས་མོལ་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལྕམ་སྐུ་ཨི་ལི་སི་ཀ་མཆོག་ནས་བོད་མིའི་སྤྱི་ཚོགས་ལ་རྒྱུན་མཐུད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་མཇལ་དར་དང་སྒྲོལ་ལྗང་གི་སྐུ་ཐང་ཞིག་ཕུལ་ཡོད།ལྕམ་སྐུ་ཨེ་ལི་སི་ཀ་མཆོག་གིས་བོད་མི་རིགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཞི་བདེ་དང་། གྲོས་མོལ། མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་རིན་ཐང་སྲུང་སྐྱོབ་ཐོག་གི་འབད་བརྩོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བསྐྱར་ནན་གནང་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལྕམ་སྐུ་ཨེ་ལི་སི་ཀ་མཆོག་གི་མ་འོངས་པའི་བྱ་བ་མཐའ་དག་ལམ་ལྷོངས་ཡོང་བར་འཚམས་འདྲི་ཞུས་པ་དང་ཆབས་ཅིག བོད་མིའི་སྤྱི་ཚོགས་ལ་ཡུན་རིང་རྒྱབ་སྐྱོར་དང་། འབྲེལ་བ་གནང་བར་བསྔགས་བརྗོད་ཞུས་གནང་ཡོད། མཇལ་འཕྲད་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་དང་། སྐུ་ཚབ་དོན་ཁང་གི་དྲུང་ཆེ་བཀྲ་ཤིས་བདེ་སྐྱིད་ལགས། སྣེ་ལེན་འགན་འཛིན་བསྟན་འཛིན་པ་སངས་ལགས་བཅས་ཕེབས་ཡོད་པ་བཅས།།

བསྟན་འཛིན་འཆི་མེད་ཀྱིས་ཨོ་གླིང་གི་གནད་ཡོད་དཔོན་རིགས་རྣམས་ལ་བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས།

ཕྱི་ལོ་༢༠༢༦ ཟླ་༨ ཚེས་༡༧ ནས་༡༩ བར་ཨོ་གླིང་གི་རྒྱལ་ས་ཁན་བྷེ་རར་༼Canberra༽ལ་ཡོད་པའི་ཨོ་གླིང་གི་གྲོས་ཚོགས་ཁང་དུ། གཞོན་སྐྱེས་ཚོར་ཨོ་གླིང་གི་གྲོས་ཚོགས་ལམ་ལུགས་ལ་རྒྱུས་མངའ་དང་། ལྷག་པར་དུ་ཁྲིམས་འཆར་ཟིན་འབྲི་འགོད་སྟངས་དང་། དེའི་ཐོག་བགྲོ་གླེང་བྱེད་པ། མཐའ་མར་ཁྲིམས་སུ་གཏན་ལ་འབེབས་སྟངས་བཅས་ཀྱི་བརྒྱུད་རིམ་ལ་སློབ་སྦྱོང་བྱེད་རྒྱུའི་ཆེད། The post བསྟན་འཛིན་འཆི་མེད་ཀྱིས་ཨོ་གླིང་གི་གནད་ཡོད་དཔོན་རིགས་རྣམས་ལ་བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས། appeared first on བོད་ཀྱི་བང་ཆེན།.

དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འབུམ་རམས་པ་སྭ་པན་དཱས་གུཔྟ་མཆོག་ནུབ་བྷེང་གྷལ་གྱི་དཔལ་འབྱོར་བློན་ཆེན་དུ་བསྐོ་གཞག་བྱུང་བར་ཆེ་བསྟོད་སླད་གོ་སྒྲིག་ཞུས...

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ The Leela Palace དུ་འབུམ་རམས་པ་སྭ་པན་དཱས་གུཔྟ་ (Dr. Swapan Dasgupta) མཆོག་ནུབ་བྷེང་གྷལ་གྱི་དཔལ་འབྱོར་བློན་ཆེན་དུ་བསྐོ་གཞག་བྱུང་བར་ཆེ་བསྟོད་སླད་གོ་སྒྲིག་ཞུས་པའི་དགོང་མའི་གསོལ་སྟོན་ཐོག་མཉམ་ཞུགས་གནང་ཡོད།སྐབས་དེར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འབུམ་རམས་པ་སྭ་པན་དཱས་གུཔྟ་མཆོག་ལ་འཚམས་འདྲི་ཞུས་པ་དང་སྦྲགས། ཁོང་གིས་མི་མང་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་བསྒྲུབས་པ་དང་འགོ་ཁྲིད་ཀྱི་ལས་འགན་གསར་པ་བཞེས་པར་ཡི་རང་བསྔགས་བརྗོད་ཞུས་ཡོད། དེ་བཞིན་ཐུན་མོང་གི་ཁེ་ཕན་ཐོག་རྒྱུན་མཐུད་མཉམ་འབྲེལ་དང་། བགྲོ་གླེང། མཉམ་ལས་བཅས་གནང་རྒྱུ་ནི་གལ་ཆེན་པོ་ཡིན་པའི་ཐོག་ནན་བརྗོད་གནང་ཡོད།མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འབུམ་རམས་པ་སྭ་པན་དཱས་གུཔྟ་མཆོག་ལ་མཇལ་དར་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་འབུལ་ཏེ་འཚམས་འདྲི་ཞུས་པ་དང་། དེ་བཞིན་སྐབས་དེར་རྒྱ་གར་དབུས་གཞུང་གི་དཔལ་འབྱོར་བློན་ཆེན་ལྕམ་སྐུ་ནིར་མ་ལ་སི་ཐ་ར་མན་ (Nirmala Sitharaman) མཆོག་དང་། དབུས་གཞུང་གིས་རྡོ་སྣུབ་བློན་ཆེན་ཧར་ཌེབ་སེངྒ་པུ་རི་ (Hardeep Singh Puri) མཆོག་མཇལ་འཕྲད་གནང་ཡོད།དེ་ཡང་པད་མ་བྷུ་ཥན་ (Padma Bhushan) གཟེངས་རྟགས་ཐོབ་མཁན་དང་། གསར་འགོད་པ་ཟུར་པ། སྲིད་དོན་དཔྱད་ཞིབ་པ་འབུམ་རམས་པ་སྭ་པན་དཱས་གུཔྟ་མཆོག་གིས་ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༡༠...

བོད་ཀྱི་མི་རབས་གོང་མ་རྣམས་ཀྱི་བཀྲིན་དྲན་དགོས་པའི་སྐོར་བཀའ་སློབ་བསྩལ་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༣ ཉིན་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་ ༡༢ པ་ལ་དྭགས་མང་སྤྲོ་དགོན་དུ་ཚོགས་ཡོད་པ་དེར་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་བའི་སྐབས་བཀའ་སློབ་བསྩལ་བའི་ནང་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་སྐད་བཅས་དེང་གི་དུས་རབས་ ༢༡ པའི་འཛམ་གླིང་ནང་དོ་སྣང་དང་བེད་སྤྱོད་ཆེན་པོ་བྱུང་བཞིན་ཡོད་པ་དེར་བོད་ཀྱི་མི་རབས་གོང་མ་རྣམས་ཀྱི་བཀའ་དྲིན་དྲན་དགོས་པའི་སྐོར་བཀའ་བསྩལ་གནང་སོང་། དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བསྩལ་དོན་དུ། བཅོམ་ལྡན་འདས་ཀྱི་གསུང་རྣམས་ནི་དཔལ་ན་ལན་དྲ་ནས་བརྒྱུད་དེ། བོད་ཆོལ་ཁ་གསུམ་གྱི་ནང་དུ་ནང་ཆོས་ཀྱི་ལྟ་བ་དང་རིག་པ་རྣམས་བརྟག་དཔྱད་ཞིབ་རྩད་དང་མཉམ་བོད་ཀྱི་སེ་འབྲས་དགའ་གསུམ་གྱི་ནང་དུ་ནང་པའི་གཞུང་ཆེན་རྣམས་སློབ་ཁྲིད་དང་སྦྱང་པ་ཞེ་དྲགས་ཡོད་པ། ཡང་བོད་...

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་པ།

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༣ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མང་སྤྲོ་དགོན་པར་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཡོད་པ་རེད།                                            དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་ཤེལ་གྱི་ཞི་བའི་ཚལ་ཕོ་བྲང་ནས་མང་སྤྲོ་དཔལ་ཐུབ་བསྟན་ཤྭ་གླིང་ཆོས་འཁོར་དགོན་དུ་ཆིབས་བསྒྱུར་བསྐྱངས་ཤིང་། ཕེབས་ལམ་དུ་ཡུལ་མི་རྣམས་ཀྱིས་ལག་ཏུ་མེ་ཏོག་དང་བདུག་སྤོས་སོགས་ཐོགས་ནས་ཕེབས་བསུ་དང་བཅས་མངོན་པར་དགའ་བའི་ཕོ་བྲང་མདུན་ཐང་དུ་༸ཞབས་སོར་འཁོད་པ་དང་། སྐབས་དེར་ཆོས་ར་རུ་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ཀྱིས་རྟགས་གསལ་གཟིགས་འབུལ་དང་། ཁྲིག་རྩེ་རིན་པོ་ཆེ། འབྲུག་པ་ཐུགས་སྲས་རིན་པོ་ཆེ། ས་སྐྱའི་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཨ་སངྒ་བཛྲ་རིན་པོ་ཆེ། གོ་སྒྲིག་ཚོགས་ཆུང་གི་འཐུས་མི་སོགས་ཀྱིས་ཕེབས་བསུ་དང་། མངོན་པར་དགའ་བའི་ཕོ་བྲང་དུ་དུས་ཡུན་ཐུང་ཙམ་རིང་སྐུས་ངལ་གསོ་གནང་མཛད་ཡོད།ཆུ་ཚོད་...

འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་ཤར་བྱང་ཆོས་རྗེ་རིན་པོ་ཆེ་རྣམ་གཉིས་ལ་བརྟན་བཞུགས་འདེགས་འབུལ་སྐབས་ཆོས་རིག...

༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༢ ཉིན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་དགའ་ལྡན་ཁྲི་ཐོག་ཁང་ནས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་ཤར་བྱང་ཆོས་རྗེ་རིན་པོ་ཆེ་རྣམ་གཉིས་ལ་བརྟན་བཞུགས་འདེགས་འབུལ་སྐབས་ཆེད་ཕེབས་གནང་བ་དང་། དེ་བཞིན་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་ཤར་བྱང་ཆོས་རྗེ་རིན་པོ་ཆེ་བཅས་ལ་འཚམས་མཇལ། དེ་རྗེས་གཞི་རིམ་འོག་མ་དང་། གཞི་རིམ་གོང་མའི་སློབ་གྲྭ་བཅས་ལ་འཚམས་གཟིགས་སུ་ཕེབས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༤༥ ཐོག་བརྟན་བཞུགས་དངོས་གཞིའི་མཛད་སྒོ་དབུ་འཛུགས་མ་གནང་གོང་། ༸སྐྱབས་རྗེ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཆོས་རིག་བཀའ་བློན་མཆོག་གིས་འཚམས་མཇལ་ཞུས་ཡོད།ཆུ་ཚོད་ ༨།༠༠ ཐོག་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོ་དངོས་སུ་དབུ་འཛུགས་གནང་བ་བཞིན་ཆོས་རིག་བཀའ་བློན་མཆོག་ཆེད་ཕེབས་ཀྱིས་༸རིན་པོ་ཆེ་མཆོག་རྣམ་གསུམ་ལ་མཎྡལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད། བརྟན་བཞུགས་སྐབས་གདན་ས་གསུམ་གྱི་གྲྭ་ཚང་ཁག་གིས་གཙོས་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་པ་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་དང་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་ཡང་སྟེང་རིན་པོ་ཆེ་མཆོག་བཅས་ཕེབས་འདུག བརྟན་བཞུགས་འདེགས་འབུལ་གྲོལ་རྗེས་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་ཤར་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་ལ་འཚམས་མཇལ་ཞུས་ཡོད། རིན་པོ་ཆེ་མཆོག་རྣམ་གསུམ་ལ་འཚམས་མཇལ་ཞུས་སྐབས་ཆོས་རིག་བཀའ་བློན་མཆོག་ནས་སྐབས་ ༡༧ པའི་བཀའ་ཤག་གིས་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞེད་དགོངས་སྒྲུབ་རྒྱུ་དང་། བཀའ་ཤག་གསར་པའི་ལས་དོན་ལམ་ལྷོང་ཡོང་བ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་དབུ་ཁྲིད་བླ་ཆེན་རྣམ་པ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་བཅས་ཀྱི་ཆེད་ཐུགས་སྨོན་སྐྱབས་འཇུག་ཡོང་བའི་གསོལ་འདེབས་དང་། སྐབས་ ༡༧ པའི་བཀའ་ཤག་གི་སྤྱི་ཡོངས་ལས་དོན་བྱེད་ཕྱོགས་སོགས་ངོ་སྤྲོད་ཞུས། དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་ལས་གཞི་གལ་ཆེ་བ་གནས་སྐོར་མཉེན་ཆས་དང་། གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་ཀྱང་ངོ་སྤྲོད་ཞུས་ཡོད།འཚམས་མཇལ་གྲུབ་རྗེས་གཞི་རིམ་འོག་མའི་སློབ་གྲྭར་གཟིགས་སྐོར་ཕེབས་པ་དང་བསྟུན། ༸རྒྱལ་བའི་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་སྙིང་བསྡུས་འགྲེམས་སྟོན་དབུ་འབྱེད་གནང་ཞིང་གཟིགས་སྐོར་དུ་ཕེབས། དེ་རྗེས་གཞི་རིམ་གོང་མའི་སློབ་གྲྭར་ཕེབས་སྐབས་དགེ་ལས་སློབ་ཕྲུག་རྣམས་ནས་རོལ་དབྱངས་དང་བཅས་སེར་བང་བསྟར་སྒྲིག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཤིང་། དགེ་ལས་སློབ་ཕྲུག་རྣམས་ཚང་འཛོམས་སར་སློབ་ཕྲུག་ཚོས་སློབ་སྦྱོང་ཡག་པོ་བྱེད་དགོས་པ་དང་། ལྷག་པར་བོད་ཡིག་དང་བོད་སྐད་ཡག་པོ་སྦྱང་བརྩོན་བྱེད་དགོས་པ། འཕྲོད་བསྟེན་གལ་ཆེན་པོ་ཡིན་པར་བརྟེན་འཕྲོད་བསྟེད་ལ་དོ་སྣང་དགོས་གལ། ང་ཆོའི་མེས་དབོན་གོང་མ་རྣམས་ནས་བྱུང་བའི་བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་དེ་མི་རབས་ནས་མི་རབས་ཉམས་པ་མེད་པར་རྒྱུན་འཛིན་གནང་ཐུབ་པ་དགོས་རྒྱུ།...

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

ཟླ་ ༧ ཚེས་ ༢ ཉིན། རང་བཙན་བློ་དགའ་ལགས་ཀྱིས་ཨ་རིིའི་གྲོང་ཁྱེར་ནིེའུ་ཡོག་ལ་རྟེན་གཞི་བྱས་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་དུ་སྐུ་ལུས་མེ་རུ་བསྒྲོན་རྗེས་འདས་གྲོངས་སུ་ཕྱིན། སྐུ་ལུས་མེ་རུ་མ་བསྒྲོན་གོང་། ཁོང་གིས་ངོ་དེབ་ཐོག་སྐར་མ་དྲུག་ཅན་གྱི་ཐད་གཏོང་གི་བརྙན་ཞིག་སྤེལ་ཡོད་ལ། དེའི་ནང་དུ་བཙན་བྱོལ་བོད་མི་རྣམས་ལ་མཐུན་སྒྲིལ་བྱེད་དགོས་པ་དང་། མུ་མཐུད་བོད་རང་བཙན་གྱི་ཆེད་དུ་འཐབ་རྩོད་བྱེད་དགོས་པའི་སྐུལ་མ་བཏང་ཡོད། ད་དུང་བོད་མི་ཚོར་རང་གི་སྐད་ཡིག་དང་རིག་གཞུང་ཉར་ཚགས་བྱེད་དགོས་པའི་འབོད་སྐུལ་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་དང་ཡར་སྐུལ་གྱི་ཁྲིམས་ཟེར་བ་དེར་ངོ་རྒོལ་གྱི་སྐད་ཆ་ཡང་བཤད་ཡོད། The post གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ། appeared first on བོད་ཀྱི་དུས་བབ།.

པཎ་འཇབ་ཚོང་པ་མང་པོས་བློ་དགའ་རང་བཙན་ལཊ་སུ་རྗེས་དྲན་གྱི་ལས་འགུལ་ནང་མཉམ་ཞུགས་གནང་པ།

རྒྱ་གར་གྱི་ལུ་དྷི་ཡ་ནར་པཎ་འཇབ་ཚོང་པ་མང་པོས་བློ་དགའ་རང་བཙན་ལཊ་སུ་རྗེས་དྲན་གྱི་ལས་འགུལ་ནང་མཉམ་ཞུགས་གནང་པ།

ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གིས་མོན་གྷོ་འདོད་རྒུ་གླིང་མི་མང་རྣམས་ལ་གསུང་བཤད་གནང་བ།

༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༡ ཉིན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་གི་འཚམས་གཟིགས་ཉིན་ལྔ་པར་མོན་གྷོ་གཞིས་སྤྱི་ཚོགས་ཁང་ཆེན་མོའི་ནང་དུ་མི་མང་ཐུག་འཕྲད་ཀྱིས་གསུང་བཤད་གནང་བ་དང་། དེ་རྗེས་མཐོ་ལྡིང་དགོན་པ་དང་། གཞིས་གྲོང་དྲུག་པའི་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་། གཞིས་གྲོང་དྲུག་པའི་སཾ་བྷོ་ཊའི་གཞི་རིམ་འོག་མའི་སློབ་གྲྭ། འབོད་དཀར་ཐོས་བསམ་ནོར་གླིང་གྲྭ་ཚང་བཅས་ལ་འཚམས་གཟིགས་དང་། གཞིས་སྤྱི་ནོར་བུ་རི། འབྲི་གུང་བཀའ་བརྒྱུད་བདེ་ཆེན་ཆོས་སྐུ་གླིང་། དེ་རྗེས་གཞིས་ཁག་གསུམ་གྱི་བགྲེས་སོང་ཉམ་ཐག་ཁག་གཅིག་གི་ཁྱིམ་དུ་གནས་སྟངས་རྟོག་ཞིབ་གནང་།དེ་ཡང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་ཆོས་རིག་བཀའ་བློན་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གཞིས་སྤྱི་ཚོགས་ཁང་ཆེན་མོའི་ནང་མི་མང་རྣམས་ལ་གསུང་བཤད་གནང་དོན་གཙོ་བོ་སྐབས་ ༡༧ པའི་བཀའ་ཤག་གི་སྤྱི་ཡོངས་ལས་དོན་བྱེད་ཕྱོགས་དང་ལངས་ཕྱོགས་ངོ་སྤྲོད་དང་། ཆོས་རིག་ལས་ཁུངས་ཀྱི་ལས་གཞི་གལ་ཆེ་ཁག་གཅིག་ངོ་སྤྲོད་གནང་ཡོད། དེ་ཡང་བཀའ་ཤག་སྐབས་ ༡༧ པའི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་སྒྲུབ་རྒྱུ། ༸གོང་ས་མཆོག་ཐུགས་བསུན་བཟོ་མི་དགོས་པ་དང་། གཞིས་ལུས་མི་མང་བློ་ཕམ་མི་དགོས་པ་བཟོ་རྒྱུ། ༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ལ་གདོང་ལེན་མཐར་ཕྱིན་པ་བྱ་རྒྱུ། དེ་བཞིན་ད་ལྟའི་བཀའ་ཤག་གི་ལས་དོན་ཡོངས་རྫོགས་ཁྲིམས་སྒྲིག་གཞིར་བཟུང་ཆོས་བརྒྱུད་དང་ཆོལ་ཁའི་དབྱེ་བ་མེད་པར་སྤྱི་སྙོམས་དྲང་བདེན་དང་། ནུས་པ་མཉམ་སྤུངས། གོམ་པ་མདུན་སྤོའི་ཐོག་བསྐྱོད་རྒྱུ། ༸གོང་ས་མཆོག་གི་༸སྐུའི་ཉེན་སྲུང་ཞུ་སྒོ་རྒྱ་གར་གཞུང་དང་ཟུང་འབྲེལ་ཐོག་སྔར་ལྷག་དམ་དོན་ཞུ་རྒྱུ། ༸རྒྱལ་བའི་ཡང་སྲིད་གནད་དོན་ཐོག་ཨ་རི་དང་རྒྱལ་ཁབ་གྲངས་ ༣༨ ནས་རྒྱབ་སྐྱོར་ཐོབ་པ་བཞིན་མུ་མཐུད་རྒྱབ་སྐྱོར་ཐོབ་ཐབས་ཞུ་རྒྱུ། འཛིན་སྐྱོང་ངོས་ནས་མང་གཙོ་ཀ་བ་གཞན་གཉིས་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་ལ་འགན་དབང་ཆ་བགོས་ལྟར་ཆེ་མཐོང་ལྡན་པའི་སྒོ་ནས་འབྲེལ་བ་ཞུ་རྒྱུ། གཞུང་ཁོངས་མིན་པའི་ཚོགས་པ་ཁག་ལ་ཆེ་མཐོང་དང་ལས་དོན་ལ་དོ་ཕོག་མི་འགྲོ་ཆེད་ཐེ་བྱུས་མི་བྱ་རྒྱུ། དེ་བཞིན་བོད་མིའི་སྒྲིག་འཛུགས་གློག་འཕྲུལ་ཡིག་ཚགས་དང་གྲངས་འཛིན་དཔེ་མཛོད་སོགས་དེང་དུས་དང་མཐུན་པའི་འཕྲུལ་ཆས་ཀྱི་དུས་ཚོད་དང་མཉམ་དུ་འགྲོ་ཐུབ་པའི་གོམ་པ་མདུན་སྤོས་བཅས་ཀྱི་ཐོག་ལ་ཕྱག་ལས་གནང་བཞིན་པ། ཆོས་རིག་ལས་ཁུངས་ཀྱི་འགྲོ་བཞིན་པའི་ལས་གཞི་གལ་ཆེ་བ་གནས་སྐོར་མཉེན་ཆས་དང་གྲངས་འཛིན་དཔེ་མཛོད་བཅས་ཀྱི་ངོ་སྤྲོད་གནང་རྗེས།...

རྒྱ་གར་གཞུང་ལ་བཙན་བྱོལ་བོད་མིའི་རང་དབང་དང་བདེ་འཇགས་སྲུང་དགོས་ཞེས་འབོད་སྐུལ་ཞུས་འདུག

རྒྱ་གར་ཀྱི་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ལག་བསྟར་ཐད་ཉེན་བརྡ་བཏང་པ།

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས་ཀྱིས་མགོ་བཙུགས་པའི་ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་དེ་ཧིན་བོད་མཐའ་མཚམས་ཁུལ་དུ་སྤེལ་མ་ཐུབ་པར་རེ་ཞིག་མཚམས་འཇོག་བྱས་འདུག The post ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས།  appeared first on བོད་ཀྱི་དུས་བབ།.

མོན་གྷོ་འདོད་རྒུ་གླིང་དུ་ཞེ་དགུའི་མཆོད་འབུམ་སྨོན་ལམ་དང་ཞི་བའི་གོམ་བགྲོད་ཐོག་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་ཆེད་ཕེབས།

༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༠ ཉིན་རྒྱལ་གཅེས་པ་བློ་བཟང་དཔལ་ལྡན་ནམ་ཡོངས་གྲགས་སུ་རང་བཙན་བློ་དགའ་དམ་པ་དེ་ཉིད་ཀྱིས་རང་ལུས་མེར་སྲེག་གནང་སྟེ་སྐུ་སྲོག་ཤོར་བའི་བདུན་ཚིགས་བདུན་པའི་ཐོག་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁང་གི་གོ་སྒྲིག་འོག་མི་མང་རྣམས་ནས་མཆོད་འབུམ་སྨོན་ལམ་དང་ཞི་བའི་གོམ་བགྲོད་གནང་བ་བཞིན་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག་ཆེད་ཕེབས་གནང་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་ས་གནས་མི་མང་ཚོགས་ཁང་ནང་ས་གནས་ཀྱི་ལས་སྣེ་རྣམས་དང་མི་མང་འདུས་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་འགོ་འཛུགས་མ་གནང་གོང་། རྒྱལ་གཅེས་པ་རང་བཙན་བློ་དགའ་དམ་པ་དེ་ཉིད་ཀྱིས་རང་ལུས་མེར་སྲེག་གནང་སྟེ་སྐུ་སྲོག་ཤོར་བའི་བདུན་ཚིགས་བདུན་པའི་ཐོག་ཆོས་རིག་བཀའ་བློན་མཆོག་ནས་བཀའ་ཤག་གི་གཏམ་བཤད་སྒྲོགས་སྦྱང་གནང་རྗེས་མཆོད་འབུལ་སྨོན་ལམ་འགོ་བཙུགས་གནང་བ་དང་། དེ་གྲོལ་རྗེས་ནོར་བུ་རི་བར་ཞི་བའི་གོམ་བགྲོད་ནང་མཉམ་ཞུགས་གནང་ཡོད་པ་བཅས།།

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

ཁ་སང་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་ནེའུ་ཡོག་གི་རྒྱལ་ཚོགས་མདུན་ཐང་དུ་སྐུ་ལུས་མེར་བསྲེགས་ནས་ཞག་ཞེ་དགུ་འཁོར་བར་རྗེས་དྲན་དང་བསྟུན་འཛམ་གླིང་ས་ཕྱོགས་གང་ས་ནས་རྣམ་པ་འདྲ་མིན་གྱི་ཐོག་ནས་ངོ་རྒོལ་ལས་འགུལ་སྤེལ། The post འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ། appeared first on བོད་ཀྱི་དུས་བབ།.

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

དེ་རིང་ནི་བོད་ཀྱི་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེ་བསྲེགས་བཏང་ནས་ཞི་རྒོལ་བྱས་ཏེ་ཞག་ཞེ་དགུ་ཏག་ཏག་འཁོར་བའི་ཉིན་མོ་རེད། འདས་བའི་ཞག་ཞེ་དགུའི་རིང་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་ཀྱི་ཚོགས་སྡེ་དང་། མི་སྒེར། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་ལས་འགུལ་འདྲ་མིན་གཅིག་རྗེས་གཉིས་མཐུད་དུ་སྤེལ་ཡོད་ལ། ཞག་ཞེ་དགུ་འཁོར་བའི་ཉིན་མོ་དང་སྟབས་བསྟུན་ནས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་སྣེ་འཁྲིད་འོག་མཆོད་འབུལ་སྨོན་ལམ་འཚོགས་པ་དང། བཀའ་སྤྱིའི་བསྒྲགས་གཏམ་སྤེལ་བ། དེ་བཞིན་ཞི་བའི་གོམ་བགྲོད་བཅས་གནང་བ་རེད། སྤྱི་ཡོངས་ནས་བལྟས་ན་བོད་རིགས་གཞོན་སྐྱེས་ཚོས་རྣམ་དཔྱོད་ཀྱི་རྩལ་བཏོན་ནས་ལས་འགུལ་མང་དག་ཅིག་སྤེལ་དང་སྤེལ་མུས་ཡིན་པ་ནི་དགའ་འོས་པ་ཞིག་མ་རེད་དམ། The post ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན། appeared first on བོད་ཀྱི་དུས་བབ།.

བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཟུང་སྦྲེལ་གྱི་གཞུང་འབྲེལ་མཆོད་འབུལ་དང་ཞི་བའི་གོམ་བགྲོད།

བློ་དགའ་རང་བཙན་ལགས་ཀྱི་ཆེད་གཞུང་འབྲེལ་གྱི་མཆོད་འབུལ་དང་གོམ་བགྲོད་གནང་པ།

བཀའ་སྤྱི་ཐུན་མོང་གིས་གོ་སྒྲིག་འོག་རྒྱལ་གཅེས་པ་རང་བཙན་་བློ་དགའ་ལགས་ཀྱི་ཞག་ཞེ་དགུ་དང་བསྟུན་ཞི་བའི་གོམ་བགྲོད་དང་སྨོན་ལམ་བསྐོང་ཚོགས་གནང་བ།

༄༅། །རྒྱལ་གཅེས་པ་རང་བཙན་བློ་དགའ་ལགས་དམ་པ་དེ་ཉིད་ཀྱིས་རྒྱ་ནག་གཞུང་གིས་བོད་མིར་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་ཆེད། ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༢ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་གྱུར་ཏེ་ཕྱི་ལོ་ ༢༠༢༦ ཟླ་བ་ ༨ ཚེས་ ༢༠ ཉིན་བདུན་ཚིགས་བདུན་པ་འཁེལ་གྱི་ཡོད་པ་ལྟར། དམ་པ་དེ་ཉིད་དང་། བོད་ཕྱི་ནང་གཉིས་སུ་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་རྣམ་པར་གདུང་སེམས་མཉམ་སྐྱེད་དང༌། མྱ་ངན་གུས་འདུད། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བར་ངོ་རྒོལ་མཚོན་ཕྱིར་བཀའ་སྤྱི་ཐུན་མོང་ནས་གོ་སྒྲིག་འོག བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་།  ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་སྡོད་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། ཚོགས་སྡེ་སྒྲིག་འཛུགས་ཁག་གི་ལས་བྱེད། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་དགེ་བཙུན་སྔགས་གསུམ། དེ་བཞིན་སློབ་ཕྲུག་དང་མི་མང་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་མུར་རྣམ་རྒྱལ་གྲྭ་ཚང་གི་དགེ་བསྐོས་ནས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་གནང་།དེ་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་རྒྱལ་གཅེས་པ་བློ་བཟང་དཔལ་ལྡན་ནམ་ཡོངས་གྲགས་སུ་རང་བཙན་བློ་དགའ་དམ་པ་ཁོང་གིས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཨ་མའི་མདུན་ཐང་དུ། ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༢ ཉིན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ། རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་པའི་བདུན་ཚིགས་བདུན་པ་འཁེལ་གྱི་ཡོད་པས། བཀའ་སྤྱི་ཐུན་མོང་ནས་གོ་སྒྲིག་བྱས་ཏེ། རྒྱལ་གཅེས་པ་དམ་པ་དེ་ཉིད་དང་། བོད་ཀྱི་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཚོར་གདུང་སེམས་མཉམ་སྐྱེད་དང་།...