ཨ་རིས་སླར་ཡང་རྒྱ་ནག་གི་ཁེ་ལས་ཆེ་ཁག་གསུམ་ཡུལ་དེའི་ཐོ་གཞུང་ནག་པོའི་ནང་དུ་བཅུག་འདུག

1 month ago

ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱིས་ཁུལ་དེའི་ནང་ཚོང་ལས་གཉེར་མཁན་རྒྱ་ནག་གི་ཁེ་ལས་ཆེ་ཁག་གསུམ་ལ་རྒྱ་གཞུང་དམག་དོན་དང་འབྲེལ་བ་ཡོད་པར་ངོས་འཛིན་གྱིས་ཡུལ་དེའི་ཐོ་གཞུང་ནག་པོའི་ནང་དུ་བཅུག་འདུག དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན།  ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱིས་རྒྱ་ནག་གི་ཁེ་ལས་ཆེ་གྲས་ཁོངས་སུ་ཡིན་པ་ Alibaba དང་།  BYD  དེ་བཞིན་ Baidu གསུམ་ནས་རྒྱ་ནག་སྲིད་གཞུང་གི་སྡེ་ཚན་ཁག་གཅིག་དང་ལྷན་དུ་མཉམ་ལས་བརྒྱུད་རྒྱ་ནག་གི་དམག་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཡོད་པར་ངོས་འཛིན་གྱིས་ཡུལ་དེའི་ཐོ་གཞུང་ནག་པོའི་ཁེ་ལས་ཀྱི་མིང་གཞུང་ནང་དུ་བཅུག་འདུག་པ་དང་།  ཐོ་གཞུང་དེའི་ནང་གི་ཁེ་ལས་ཚོས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བ་ཡོད་པའི་ཚོང་ལས་ཅི་རིགས་ནང་མཉམ་ཞུགས་ཆོག་གི་མེད་པ་མ་ཟད།  ཐོ་གཞུང་ནག་པོའི་ཁྲིམས་སྒྲིག་འདི་ཟླ་འདིའི་ཟླ་མཇུག་ནས་ལག་བསྟར་བྱ་རྒྱུ་རེད་འདུག ཕྱི་ལོ་ ༢༠༢༡ ལོའི་ཨ་རིའི་ National Defense Authorization Act རྒྱལ་སྲུང་གི་གནད་དོན་དང་འབྲེལ་བའི་ཁྲིམས་འཆར་ Section 1260H གཏན་འབེབས་འོག  ཨ་རིའི་ཐོ་གཞུང་ནག་པོ་ཞེས་པའི་ནང་རྒྱ་ནག་གི་དམག་དོན་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པའི་ཁེ་ལས་ཁག་གི་མིང་གཞུང་ཉར་ཚགས་ཀྱིས་དུས་བསྟུན་ཐོ་འགོད་བྱེད་དགོས་པ་དང་།  ཐོ་གཞུང་འདིའི་ནང་ཡོད་པའི་ཁེ་ལས་ཁག་ལ་ Chinese Military Companies རྒྱ་ནག་དམག་དོན་གྱི་ཁེ་ལས་ཞེས་མིང་བཏགས་པ་ཙམ་ལས་ཁེ་ལས་དེ་དག་ཐོག་སྲིད་དོན་ཉེས་ཆད་བཀལ་བ་ལྟ་བུའི་ངེས་པར་དུ་རྒྱུ་ནོར་དང་ཚོས་ལས་བཀག་འགོག་རིགས་བྱེད་ཀྱི་མེད་ཀྱང་།  དེས་ཁྲིམས་ལུགས་ཀྱི་ཚོད་འཛིན་དང་གཞུང་གི་ཉོ་སྒྲུབ་ཚད་བཀག་སྲིད་པ་མ་ཟད།  མ་དངུལ་འཛུགས་མཁན་དང་ཚོང་ལས་ལྟ་རྟོག་བྱེད་མཁན་བཅས་ལ་ཤུགས་རྐྱེན་ཐེབས་སྲིད་པ་རེད་འདུག   ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱི་ལོ་ལྟར་ཐོ་འགོད་བྱེད་བཞིན་པའི་མིང་གཞུང་ནག་པོའི་ནང་ད་བར་རྒྱ་ནག་གི་ཁེ་ལས་ ༡༨༨ ཡོད་པ་དང་།  སྔ་ལོར་མཚོན་ན་ཁེ་ལས་ཀྱི་གྲངས་འབོར་དེ་བཞིན་ ༡༣༤ རེད་འདུག དེ་འབྲེལ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ John Moolenaar ལགས་ཀྱིས།  གསར་དུ་ཐོ་འགོད་བྱས་པའི་ཐོ་གཞུང་ནག་པོ་དེ་ནི།  ཨ་རིའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་སྐྱོན་བཟོ་བཞིན་པའི་རྒྱ་ནག་གི་ཁེ་ལས་ཁག་ལ་ཉེན་བརྡ་ཞིག་ཡིན་པ་མ་ཟད།  རྒྱ་ནག་གི་དམག་དོན་དང་འབྲེལ་བ་ཡོད་པའི་ཁེ་ལས་དེ་དག་གི་ཐོན་རྫས་རྣམས་ཨ་རིའི་ཁྲོམ་ར་ནས་ཕྱིར་འཐེན་བྱེད་དགོས་པ་དང་།  ཨ རིའི་ཚོང་ལས་ཁང་ཚོས་ཀྱང་རང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་རྒྱ་ནག་གི་ཁེ་ལས་ཁག་དང་ཚོང་འབྲེལ་མཚམས་འཇོག་བྱེད་དགོས་པ་ལས།  དེ་མིན་རྒྱ་ནག་གི་དམག་དོན་གོང་འཕེལ་ལ་མཐུན་རྐྱེན་སྦྱོར་མཁན་ཞིག་ཏུ་ངོས་འཛིན་བྱ་རྒྱུ་ཡིན་པ་གསུངས་འདུག ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱི་ཐག་ཆོད་དེར་རྒྱ་ནག་གཞུང་ཚབ་ཁང་གིས་སྐྱོན་བརྗོད་དང་འབྲེལ།  རྒྱ་ནག་གི་ཁེ་ལས་ཆེ་ཁག་གསུམ་ཡུལ་དེའི་ཐོ་གཞུང་ནག་པོའི་ནང་དུ་བཅུག་པ་དེ་ནི་དབྱེ་འབྱེད་བྱས་པ་ཞིག་དང་།  རྒྱ་ནག་གི་ཁེ་ལས་ཚོས་ཕྱི་རྒྱལ་ཁབ་ཁག་ཏུ་ཚོང་ལས་བྱེད་སྐབས་ཡུལ་ལུང་སོ་སོའི་ཁྲིམས་སྒྲིག་ནན་པོའི་ཐོག་སྲུང་གི་ཡོད་ལུགས་བཤད་འདུག་ལ།  ཨ་རིའི་ངོས་ནས་ནོར་འཁྲུལ་ཅན་གྱི་བྱ་སྤྱོད་དེ་རིགས་མཚམས་འཇོག་གིས་དྲང་བདེན་དང་། འདྲ་མཉམ། དབྱེ་འབྱེད་མེད་པའི་ཁོར་ཡུག་ཞིག་བསྐྲུན་དགོས་པ་བཤད་འདུག  མ་ཟད་ཐོ་གཞུང་ནག་པོའི་ནང་ཚུད་པའི་རྒྱ་ནག་གི་ཁེ་ལས་དེ་དག་གིས་ཨ་རིའི་ཐག་ཆོད་དེ་གཞི་རྩ་མེད་པ་ཞིག་དང་།  ཁོ་ཚོར་ནག་ཉེས་ཅན་དུ་ངོ་སྤྲོད་བྱེད་ཐབས་བྱེད་མཁན་ལ་ཁྲིམས་ལུགས་ལྟར་བྱེད་སྒོ་ཡོད་ཚད་བྱ་རྒྱུ་ཡིན་པ་བཤད་འདུག རྩ་བའི་ཟླ་སྔོན་མའི་ནང་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ […]

The post ཨ་རིས་སླར་ཡང་རྒྱ་ནག་གི་ཁེ་ལས་ཆེ་ཁག་གསུམ་ཡུལ་དེའི་ཐོ་གཞུང་ནག་པོའི་ནང་དུ་བཅུག་འདུག appeared first on vot.

Original Article