ཧྥ་རན་སི་ནང་རྒྱ་ནག་གི་གསང་བའི་ཉེན་རྟོག་ཁང་དགུ་སྒོ་བརྒྱབ་འདུག

1 month ago

ཧྥ་རན་སིའི་ནང་རྒྱ་ནག་གི་ཤུགས་རྐྱེན་ཇེ་མང་དུ་འགྲོ་བཞིན་པར་གདོང་ལེན་ཆེད་དུ།  ཧྥ་རན་སིའི་ནང་སྲིད་ལས་ཁུངས་ཀྱིས་འདས་པའི་ལོ་གཅིག་རིང་ཞིབ་འཇུག་བྱས་རྗེས།  ཡུལ་དེའི་ནང་ཁྲིམས་འགལ་ཐོག་རྒྱ་གཞུང་གི་ཁེ་ཕན་ཆེད་དུ་ལས་འགུལ་སྤེལ་བཞིན་པའི་རྒྱ་རིགས་གསང་བའི་ཉེན་རྟོག་ཁང་དགུ་འཛིན་བཟུང་གིས་སྒོ་བརྒྱབ་འདུག དེ་ཡང་དེ་རིང་ཕྱི་ཚེས་ ༡༨ ཉིན་ཧྥ་རན་སི་ནང་གི་ Le Monde བརྒྱུད་ལམ་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན།  ཧྥ་རན་སིའི་ནང་དུས་རྒྱུན་ཨུ་རུ་སུ་དང་ཨི་རན་ལྟ་བུའི་རྒྱལ་ཁབ་ནས་ཐེ་བྱུས་ཀྱི་ཉེན་ཁ་ཡོད་བཞིན་པ་དེ་ལྟར་ཡང་།  བར་ལམ་ཡུལ་དེའི་ནང་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པའི་ཁྲོད།  ཧྥ་རན་སིའི་ནང་སྲིད་ལས་ཁུངས་ཀྱིས་འདས་པའི་ལོ་ངོ་གཅིག་ཙམ་རིང་ཞིབ་འཇུག་བྱས་པའི་གྲུབ་དོན་དུ།  ཡུལ་དེའི་ནང་རྒྱ་རིགས་ཁག་གཅིག་གིས་ཞབས་ཞུ་ཁང་དང་རིག་གཞུང་ལྟེ་གནས་སོགས་ཚོགས་པ་འདྲ་མིན་གྱི་མིང་བྱང་འོག་རྒྱ་གཞུང་དང་འབྲེལ་བ་ཡོད་པའི་གསང་བའི་ཉེན་རྟོག་ཁང་བརྒྱུད།  ཁུལ་དེར་གཏན་སྡོད་བྱེད་མཁན་རྒྱ་རིགས་མི་སྣར་ལྟ་ཞིབ་དང་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་རྒྱ་རིགས་རྣམས་བཙན་ཤེད་ཀྱིས་རྒྱ་ནག་ཏུ་ཕྱིར་ལོག་བྱེད་དུ་བཅུག་གི་ཡོད་པ་ཐེར་འདོན་གནང་འདུག་ལ།  འདི་ལོའི་འགོ་སྟོད་དུ་ཡུལ་དེའི་ནང་རྒྱ་གཞུང་གི་ཁེ་ཕན་ཆེད་དུ་ལས་འགུལ་སྤེལ་བཞིན་པའི་རྒྱ་རིགས་གསང་བའི་ཉེན་རྟོག་ཁང་དགུ་འཛིན་བཟུང་གིས་སྒོ་བརྒྱབ་འདུག ཧྥ་རན་སིའི་ནང་སྲིད་ལས་ཁུངས་ཀྱིས་བརྗོད་དོན་ལྟར་ན།  རྒྱ་གཞུང་དང་འབྲེལ་བ་ཡོད་པའི་གསང་བའི་ཉེན་རྟོག་ཁང་དེ་དག་བརྒྱུད་ཁྲིམས་མཐུན་མིན་པའི་ལས་འགུལ་སྤེལ་མཁན་རྒྱ་རིགས་མི་སེར་ཡིན་པ་འགོ་གཙོ་གསུམ་འཛིན་བཟུང་བྱས་ཡོད་པ་དང་།  དེ་དག་ཁོངས་ནས་འགོ་གཙོ་གཉིས་ཡུལ་དེ་ནས་ཕྱིར་འབུད་བཏང་ཟིན་ཡོད་པ་མ་ཟད།  འགོ་གཙོ་གསུམ་པ་རང་ལོ་ ༥༧ ཡིན་པ་ Ni Chaowen ནས་ཀྱང་ཧྥ་རན་སི་ནང་ Fujian Association of Industrialists and Merchants (FAIM) ཞེས་ཚོང་དོན་དང་འབྲེལ་བའི་ཚོགས་པའི་མིང་བྱང་འོག་གསང་བའི་ཉེན་རྟོག་ལས་ཁུངས་ཀྱི་བྱ་འགུལ་སྤེལ་བཞིན་ཡོད་པར་ར་འཕྲོད་བྱུང་ཡོད་དུས།  ཉེ་ཆར་ཕྱི་ཚེས་ ༩ ཉིན་ཧྥ་རན་སིའི་ནང་གི་ཆེས་མཐོའི་ཁྲིམས་ཁང་དུ་སྤྱི་དམངས་སྐུ་ཚབ་ངོས་ནས་ཀྱང་ཁོ་པས་ནག་ཉེས་བསགས་ཡོད་པར་ཡུལ་དེ་ནས་ཕྱིར་འབུད་བྱེད་རྒྱུར་རྒྱབ་སྐྱོར་བྱས་འདུག མ་ཟད་ཧྥ་རན་སིའི་ནང་སྲིད་ལས་ཁུངས་ཀྱིས།  ཁྲིམས་མཐུན་མིན་པའི་གསང་བའི་ཉེན་རྟོག་ལས་ཁུངས་འདི་དག་ནི་རྒྱ་ནག་གི་ཧྥ་རན་སིའི་ནང་ཐེ་བྱུས་རྒྱ་སྐྱེད་གཏོང་བའི་ལས་འགུལ་ཞིག་ཡིན་པ་མ་ཟད།  སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ཚོགས་པའི་མིང་བྱང་འོག་གཉེར་བཞིན་པའི་ཉེན་རྟོག་ཁང་འདི་དག་ Ministry of Public Security (MPS)  ཞེས་རྒྱ་ནག་གི་སྤྱི་བདེ་ལས་ཁུངས་ཀྱིས་བཀོད་འདོམས་འོག་ལས་དོན་བྱེད་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ལ།  ལྷག་པར་དུ་ཧྥ་རན་སིའི་ནང་རྒྱ་རིགས་མི་གྲངས་འབུམ་དྲུག་ཙམ་ཡོད་པའི་ཁྲོད།  ཁོ་ཚོས་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་འཐུན་གྱི་མི་སྣ་འཚོལ་ཞིབ་ཙམ་མ་ཟད། མཐོང་མཆན་ལག་འཁྱེར་མཁོ་སྤྲོད་དང་།  གསང་བའི་གནས་ཚུལ་མཁོ་སྒྲུབ། དེ་བཞིན་གསང་མྱུལ་བ་བསྡུ་རུབ་བཅས་ཁྲིམས་མཐུན་མིན་པའི་ལས་ཀ་བྱེད་ཀྱི་ཡོད་པ་རེད་འདུག རྒྱ་ནག་གིས་ཧྥ་རན་སི་ནང་ཡོད་པའི་གཞུང་ཚབ་ཁང་བརྒྱུད་ནས་ཡུལ་དེའི་ནང་གསང་བའི་ཉེན་རྟོག་ཁང་ཡོད་པའི་སྐོར་གྱི་གནས་ཚུལ་ངོས་ལེན་བྱས་ཡོད་ཀྱང་།  དེ་དག་ནི་ཕྱི་རྒྱལ་ཁབ་ཁག་ཏུ་རྒྱ་རིགས་གནས་སྡོད་བྱེད་མཁན་དང་རྒྱ་ནག་སྲིད་གཞུང་བར་འབྲེལ་མཐུད་ཀྱིས་རོགས་རམ་བྱེད་མཁན་ཞབས་ཞུའི་བསྟི་གནས་ཤ་སྟག་ཡིན་པ་ཙམ་ལས།  དེ་དག་གིས་ཆབ་སྲིད་ཀྱི་བྱེད་སྒོ་གང་ཡང་སྤེལ་གྱི་མེད་པ་མ་ཟད།  ལས་ཁུངས་དེ་དག་ཁྲིམས་འགལ་གྱི་ངོ་བོ་ཡང་མིན་པ་བཤད་ཡོད་པ་རེད།  རྩ་བའི་ཕྱི་ལོ་ ༢༠༡༧ […]

The post ཧྥ་རན་སི་ནང་རྒྱ་ནག་གི་གསང་བའི་ཉེན་རྟོག་ཁང་དགུ་སྒོ་བརྒྱབ་འདུག appeared first on vot.

Original Article