༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༦ ཉིན་ཏེ་༸སྐུའི་འཁྲུངས་སྐར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཞབས་ལོ་ཉེར་ལྔ་ཧྲིལ་པོ་འཁོར་བའི་ལས་བྱེད་དྲུག་ལ་སྐུ་མགྲོན་གཙོ་བོ་ཀངྒ་རཱ་རྫོང་དཔོན་སྐུ་ཞབས་ཧེམ་རཱཇ་བཻ་ར་བཱ་ (Dr. Hemraj Bairwa) མཆོག་གིས་ལེགས་གསོའི་གཟེངས་རྟགས་ཕྱག་འཁྱེར་གནང་ཡོད།༡། ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་རྣམ་རྒྱལ་ཁང་འཇིགས་མེད་རྣམ་རྒྱལ་ལགས་ནི། ཕྱི་ལོ་ ༢༠༠༡ ཟླ་བ་ ༠༤ ཚེས་ ༡༩ ནས་ཤེས་རིག་ལས་ཁུངས་ཀྱི་ཆོད་ལྟའི་དྲུང་ལས་སུ་ལས་འགན་བཀོད་སྒྲིག་གནང་བ་དང་། ཕྱི་ལོ་ ༢༠༠༡ ཟླ་བ་ ༡༡ ཚེས་ ༠༥ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་བཀའ་དྲུང་ཡིག་ཚང་གི་བཀའ་ཁྲི་མཆོག་གི་སྒེར་དྲུང་དུ་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༥ ཟླ་བ་ ༡༢ ཚེས་ ༡༩ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་དང་འབྲེལ་ལས་འགན་རང་འཇགས་སུ་བསྐོ་གཞག ཕྱི་ལོ་ ༢༠༡༠ ཟླ་བ་ ༡༠ ཚེས་ ༡༨ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༦ ཟླ་བ་ ༠༨ ཚེས་ ༡༩ ནས་ཕྱི་དྲིལ་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༡༧ ཟླ་བ་ ༠༥ ཚེས་ ༡༧ ནས་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ཤེས་རིག་ལས་ཁུངས་ཀྱིས་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༢༠ ཟླ་བ་ ༠༨ ཚེས་ ༡༨ ནས་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར་གྱིས་ཤེས་རིག་དྲུང་ཆེར་བསྐོ་གཞག ཕྱི་ལོ་ ༢༠༢༦ ཟླ་བ་ ༠༦ ཚེས་ ༡༧ ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེར་གནས་སྤོས་ཀྱིས་ཞབས་འདེགས་ཞུ་མུས།༢། འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་ཚེ་རིང་སྒྲོལ་མ་ལགས་ནི། ཕྱི་ལོ་ ༢༠༠༠ ཟླ་བ་ ༠༢ ཚེས་ ༢༣ ནས་ལས་དོའི་གནས་རིམ་དུ་ཚོད་ལྟར་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༢༠༠༠ ཟླ་བ་ ༠༣ ཚེས་༠༣ ནས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་ཚོད་ལྟའི་ལས་དོར་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༠༠ ཟླ་བ་ ༡༠ ཚེས་ ༡༣ ནས་ལས་བྱེད་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༦ ཟླ་བ་ ༠༡ ཚེས་ ༢༥ ནས་སྡེ་འགན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༧་ཟླ་བ་ ༠༡ ཚེས་ ༠༡ ནས་ཟླ་གྲངས་ ༢ རིང་དམིགས་བསལ་ཕོགས་མེད་དགོངས་ཞུས། ཕྱི་ལོ་ ༢༠༡༩ ཟླ་བ་ ༠༡ ཚེས་ ༠༡ ནས་ཟླ་གྲངས་ ༡ ཪིང་དམིགས་བསལ་ཕོགས་མེད་དགོངས་ཞུས། ཕྱི་ལོ་ ༢༠༡༢ ཟླབ་ ༠༧ ཚེས་ ༠༤ ནས་དྲུང་ལས་གནས་རིམ་དུ་གནས་སྤར་དང་འབྲེལ་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༩ ཟླ་བ་ ༠༥ ཚེས་ ༠༣ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༢༥ ཟླ་བ་ ༠༡ ཚེས་ ༢༧ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་དུ་གནས་སྤོས་ཀྱིས་ཞབས་འདེགས་ཞུ་མུས།
༣། མེའོ་ས་གནས་འགོ་འཛིན་དྲུང་ལས་བསྟན་འཛིན་རིན་ཆེན་ལགས་ནི། ཕྱི་ལོ་ ༢༠༠༠ ཟླ་བ་ ༠༩ ཚེས་ ༢༥ ནས་ཚོགས་དྲུང་ལས་ཁུངས་ཀྱི་ཚོད་ལྟའི་རྒན་དྲུང་གནས་རིམ་དུ་ཐད་བསྐོས་གནང་བ་དང་། ཕྱི་ལོ་ ༢༠༠༢ ཟླ་བ་ ༠༡ ཚེས་ ༠༣ ནས་ཚོགས་དྲུང་ལས་ཁུངས་ཀྱི་ཐད་བསྐོས་རྒན་དྲུང་ངོ་མར་བསྐོ་གཞག ཕྱི་ལོ་ ༢༠༠༣ ཟླ་བ་ ༠༨ ཚེས་ ༠༡ ནས་ལས་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༨ ཟླ་བ་ ༠༢ ཚེས་ ༠༡ ནས་ལས་དོའི་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༡ ཟླ་བ་ ༠༥ ཚེས་ ༡༡ ནས་སྡེ་འགན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༧ ཟླ་བ་ ༠༡ ཚེས་ ༠༢ ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་འདེམས་བསྐོ་བྱས་པའི་སྲི་ཞུ་བ་སྡེ་འགན་གནས་རིམ་ལས་བྱེད་སྒྲིག་གྲལ་སྤྱིའི་ཁོངས་ཟླ་སྒྲིལ་གྱིས་ལས་འགན་རང་འཇགས་སུ་བསྐོ་གཞག ཕྱི་ལོ་ ༢༠༡༨ ཟླ་བ་ ༠༨ ཚེས་ ༠༣ ནས་དྲུང་ལས་གནས་རིམ་དུ་གནས་སྤར་དང་འབྲེལ་ལས་འག་འགན་རང་འཇགས། ཕྱི་ལོ་ ༢༠༢༢ ཟླ་བ་ ༠༣ ཚེས་ ༡༥ ནས་འབུམ་ལ་བསྟན་སྒང་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༡ ནས་ཀུམ་རའོ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༢༥ ཟླ་བ་ ༠༣ ཚེས་ ༡༡ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༢༥ ཟླ་བ་ ༠༥ ཚེས་ ༠༥ ནས་མེའོ་ས་གནས་འགོ་འཛིན་དུ་གནས་སྤོས་ཀྱིས་ཞབས་འདེགས་ཞུ་མུས།༤། བདེ་སྲུང་ལས་ཁུངས་ཀྱི་དྲུང་ལས་བློ་བཟང་ལྷུན་གྲུབ་ལགས་ནི། ཕྱི་ལོ་ ༢༠༠༡ ཟླ་བ་ ༠༥ ཚེས་ ༡༥ ནས་བདེ་སྲུང་ལས་ཁུངས་ཀྱི་གཞོན་དྲུང་གནས་རིམ་དུ་ཚོད་ལྟར་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༢༠༠༡ ཟླ་བ་ ༡༢ ཚེས་ ༠༣ ནས་ལས་བྱེད་ངོ་མ་བསྐོ་གཞག་གི་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༥ ཟླ་བ་ ༡༢ ཚེས་ ༢༠ ནས་རྒན་དྲུང་གནས་རིམ་དུ་གནས་སྤར་དང་འབྲེལ་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༨ ཟླ་བ་ ༠༦ ཚེས་ ༠༥ ནས་ལས་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༢ ཟླ་བ་ ༠༧ ཚེས་ ༠༤ ནས་ལས་དོའི་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༨ ཟླ་བ་ ༠༦ ཚེས་ ༡༡ ནས་སྡེ་འགན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༢༥ ཟླ་བ་ ༠༨ ཚེས་ ༠༦ ནས་དྲུང་ལས་གནས་རིམ་དུ་གནས་སྤར་དང་འབྲེལ་ལས་འགན་རང་འཇགས་ཐོག་ཞབས་འདེགས་ཞུ་མུས།
༥། ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ལས་བྱ་བླ་བྲང་རྒྱ་མས་ཟླ་བ་མཚམགས་གཅོད་ལགས་ནི། ཕྱི་ལོ་ ༢༠༠༠ ཟླ་བ་ ༠༧ ཚེས་ ༡༧ ནས་ལས་བྱའི་གནས་རིམ་དུ་ཚོད་ལྟར་བསྐོ་གཞག་གིས་བདེ་སྲུང་ལས་ཁུངས་ཀྱི་ཚོད་ལྟའི་ལས་བྱར་ལས་འགན་བཀོད་སྒྲིག་གནང་བ་དང་། ཕྱི་ལོ་ ༢༠༠༡ ཟླ་བ་ ༠༢ ཚེས་ ༠༦ ནས་ལས་བྱེད་ངོ་མ་བསྐོ་གཞག་གི་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༧ ཟླ་བ་ ༠༡ ཚེས་ ༢༢ ནས་འཆར་འགོད་ལས་ཁང་གི་ལས་བྱ་ཡིག་གད་དུ་གནས་སྤོས། ཕྱི་ལོ་ ༢༠༠༨ ཟླ་བ་ ༠༧ ཚེས་ ༡༧ ནས་བདེ་སྲུང་ཉམས་ཞིབ་ལས་ཁང་གི་ལས་བྱ་ཡིག་གད་དུ་གནས་སྤོས། ཕྱི་ལོ་ ༢༠༠༨ ནས་ ༢༠༡༣ བར་ཁྱོན་བསྡོམས་ཉིན་གྲངས་ ༢༡༦ དམིགས་བསལ་ཕོགས་མེད་དགོངས་ཞུས། ཕྱི་ལོ་ ༢༠༡༤ ཟླ་བ་ ༠༡ ཚེས་ ༡༣ ནས་ནང་སྲིད་ལས་ཁུངས་ཀྱི་ལས་བྱ་ཡིག་གད་དུ་གནས་སྤོས།
ཕྱི་ལོ་ ༢༠༡༥ ནས་ ༢༠༡༧ བར་ཁྱོན་བསྡོམས་ཉིན་གྲངས་ ༡༢༧ རིང་དམིགས་བསལ་ཕོགས་མེད་དགོངས་ཞུས། ཕྱི་ལོ་ ༢༠༢༩ ཟླ་བ་ ༡ ཚེས་ ༢༥ ནས་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ལས་བྱ་ཡིག་གད་དུ་གནས་སྤོས་ཀྱིས་ཞབས་འདེགས་ཞུ་མུས་ཡིན་པ་བཅས།།





