སྔ་འགྱུར་རྙིང་མའི་ཆོས་ཚོགས་གསར་པ། ༧གོང་ས་མཆོག་གི་བཀའ་ཡིག ༧ཤར་སྤྲུལ་དམ་ཆོས་རིན་པོ་ཆེ།
སྔ་འགྱུར་འོད་གསལ་གླིང་ཐེབས་རྩ་ཚོགས་པ་དབུ་འབྱེད་མཛད་སྒོ།
Light of Nyingmapa Foundation
ལོ་འདིར་བོད་རིགས་དང་ནང་པ་སངས་རྒྱས་པ། བོད་དོན་རྒྱབ་སྐྱོར་བ་བཅས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་གོ་སྟོན་དམིགས་བསལ་སྲུང་བརྩི་ཞུ་བཞིན་པ་བཞིན། སྤྱི་ཟླ་ ༥ ཚེས་ ༣༡ ཉིན་ཏེ། ས་ག་ཟླ་བའི་ཚེས་ ༡༥ ཉིན་ཨ་རིའི་རྒྱལ་སའི་ཁུལ་དུའང་བོད་ཀྱི་ཆོས་ཚོགས་གསར་པ་"སྔ་འགྱུར་འོད་གསལ་གླིང་ཐེབས་རྩ་ཚོགས་པ་"ཞེས་པ་ཞིག་དབུ་འབྱེད་དང་འབྲེལ། གོ་སྟོན་བྱམས་བརྩེའི་ལོ་འདི་སྲུང་བརྩི་ཞུས་ཤིང་། མཛད་སྒོའི་ཐོག་༸གོང་ས་མཆོག་ནས་དམིགས་གསལ་རྟེན་འབྲེལ་ཐུགས་སྨོན་མཚོན་ཆེད་གསུང་འཕྲིན་ཞིག་བཀའ་དྲིན་བསྩལ་གནང་འདུག་ལ། དེ་བཞིན་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་(Barack Obama)ཡིས་ཀྱང་ཐེབས་རྩའི་སྒོ་འབྱེད་ཀྱི་མཛད་སྒོར་གསུང་འཕྲིན་ཞིག་ཕེབས་འདུག





