སྐབས་ ༡༧ བཀའ་ཤག་གི་བདམས་ཐོན་བཀའ་བློན་རྣམ་པའི་ལས་འཁུར་དམ་འབུལ་དང་ལས་ཁུངས་ཆ་བགོས།

1 month ago

སྐབས་ ༡༧ བཀའ་ཤག་གི་བདམས་ཐོན་བཀའ་བློན་རྣམ་པའི་ལས་འཁུར་དམ་འབུལ་དང་ལས་ཁུངས་ཆ་བགོས་གྲུབ་པ།

སྐབས་བཅུ་བདུན་པའི་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བདམས་ཐོན་བཀའ་བློན་རྣམ་པས་ཟླ་ ༦ ཚེས་ ༣ ཉིན་གངས་ཅན་སྐྱིད་གཤོངས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་ལགས་ཀྱི་མདུན་ནས་ལས་འཁུར་དམ་འབུལ་ཞུས་ཤིང་། བཀའ་བློན་གྱི་ཕྱག་ལས་ཧུར་ཐག་དང་ལྷག་བསམ་རྣམ་དག་ཐོག་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་ཀྱིས་འདུག

དེ་ཡང་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས། འདས་པའི་ལོ་ངོ་སུམ་ཅུ་སོ་ལྔའི་རིང་བོད་མིའི་སྒྲིག་འཛུགས་ནང་ཞབས་འདེགས་ཞུས་ཡོད་ཅིང་། ད་ལྟའི་ཆར་ལས་ཁུངས་གང་དུ་བསྐོ་གཞག་གནང་པའི་ལས་ཁུངས་དེའི་དྲུང་ཆེ་གཙོས་པའི་ལས་བྱེད་ཚོ་དང་ལྷན་དུ་གོ་བསྡུར་གྱིས། འབྱུང་འགྱུར་ལོ་ལྔའི་ནང་ལས་དོན་གལ་ཆེ་བང་སྒྲིག་སྟེ་རང་ནུས་གང་ལྕོགས་གན...

Original Article