རྒྱལ་ཡོངས་རང་དབང་ཆབ་སྲིད་ཚོགས་པའི་འགོ་ཁྲིད་སུ་དཱན་གུ་རུང་མཆོག་འདི་ལོའི་ཕྱི་ཟླ་ ༤ པའི་ཟླ་མཇུག་ཏུ་དངུལ་ནག་གཙང་བཟོ་བྱེད་ཐབས་བྱེད་མཁན་གྱི་ཚོང་པ་དང་མ་འཛུགས་ཀྱི་འབྲེལ་བའི་གནད་དོན་དང་ས་ཆའི་བདག་དབང་ཐོག་སྐྱོན་འཛུགས་ཤུགས་ཆེ་བྱུང་རྗེས་བལ་ཡུལ་ནང་སྲིད་ལྷན་ཁང་གི་བློན་ཆེན་གོ་གནས་ནས་དགོངས་ཞུ་གནང་ཡོད་ཅིང་། ད་ཆ་ཟླ་བ་གཉིས་མ་ཟིན་པའི་མཚམས་འདིར་ཁོང་སླར་ཡང་ནང་སྲིད་བློན་ཆེན་དུ་ལས་འཁུར་དམ་འབུལ་ཞུས་གནང་འདུག དེ་ཡང་འདི་ཚེས་ ༩ ཉིན་བལ་ཡུལ་གྱི་སྲིད་འཛིན་ Ramchandra Paudel མཆོག་གི་དྲུང་ནས་སུ་དཱན་གུ་རུང་མཆོག་གིས་ནང་སྲིད་བློན་ཆེན་གྱིས་གསང་རྒྱའི་དམ་འབུལ་ཞུས་ཡོད་པ་དང་། The Kathmandu Post གསར་ཤོག་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་ཁོང་ལས་གནས་ནས་དགོངས་ཞུ་གནང་སྐབས་དེ་འབྲེལ་གཞུང་འབྲེལ་ཞིབ་འཇུག་ཚོགས་ཆུང་ཞིག་ཆེད་འཛུགས་བྱས་ཡོད་པ་དང་། ཚོགས་ཆུང་དེའི་ངོས་ནས་ཁོང་གི་ས་ཆའི་བདག་དབང་གི་གནད་དོན་ཐོག་རྒྱུན་ལྡན་མིན་པའི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་པའི་མཇུག་སྡོམ་བསྐྱོན་པ་དེ་ལྟར་ཡང་། ཁོང་གི་དངུལ་དངོས་ཀྱི་སྤྲོད་ལེན་བྱས་པའི་རྩིས་ཁྲ་དང་མ་འཛུགས་ཀྱི་གནད་དོན་ཐད་མཐའ་མའི་ཐག་གཅོད་གནང་རྒྱུ་ཡིན་པ་བཀོད་འདུག ཞིབ་འཇུག་ཁྲོད་ནས་སུ་དཱན་གུ་རུང་ཁོང་ལ་བལ་ཡུལ་ཤར་ཕྱོགས་ Dhankuta དྷན་ཀུ་ཊ་རྫོང་དང་། ལྷོ་ཕྱོགས་ Chitwan རྫོང་། དེ་བཞིན་ནུབ་རི་ས་ཁུལ་བཅས་སུ་ས་ཆ་ཡོད་པ་རྣམས་ལ་རྒྱུན་ལྡན་མིན་པ་དང་ཡང་ནང་དོགས་གཞིའི་གནད་དོན་མེད་པའི་ངོས་བཞེས་གནང་འདུག རྩ་བའི་སུ་དཱན་གུ་རུང་ཁོང་ཆབ་སྲིད་ནང་སླེབས་པའི་བརྒྱུད་རིམ་ནི་མྱུར་པོ་ཞིག་ཆགས་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༢༥ ཟླ་ ༩ པའི་ནང་བལ་ཡུལ་ནང་དུ་གཞོན་སྐྱེས་ཀྱི་ལས་འགུལ་བྱུང་རྗེས་ཡོངས་གྲགས་སུ་ངོ་ཤེས་ཐུབ་པ་ཞིག་བྱུང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༢༧ ཉིན་ཁོང་ནང་སྲིད་བློན་ཆེན་དུ་བསྐོ་གཞག་གནང་རྗེས། སྲིད་གཞུང་གསར་པའི་ཆེས་མངོན་གསལ་དོད་པའི་བློན་ཆེན་ཞིག་ཏུ་གྱུར་ཡོད། རིམ་པས་ཡུལ་དེ་གའི་སྲིད་བློན་ཟུར་པ་ཨོ་ལི་དང་ནང་སྲིད་བློན་ཆེན་ཟུར་པ་རཱ་མེཤ་ལེ་ཁཀ་འཛིན་བཟུང་བྱ་རྒྱུའི་གླེང་གློང་གནང་མཁན་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་རེད། ལྷག་པར་ཁོང་གིས་སྐབས་དེར་ནང་སྲིད་ཀྱི་ཁྱབ་ཁོངས་མིན་པའི་འཛུགས་སྐྲུན་གྱི་ས་ཚིགས་སོགས་ལ་གཟིགས་ཞིབ་བྱས་པའི་གནས་ཚུལ་ཐད་སྐྱོན་བརྗོད་དང་། ལྷག་པར་གཞུང་འཛིན་ནང་དུའང་དེ་འབྲེལ་གླེང་སློང་བྱུང་ཡོད་པ་རེད། གསར་ཤོག་དེའི་གནས་ཚུལ་སྤེལ་བའི་ནང་། གོང་གསལ་སྐྱོན་བརྗོད་དེ་དག་ནི་རིམ་པ་གཉིས་པ་ཆགས་ཀྱི་ཡོད་པ་དང་། ཁོང་ནང་སྲིད་བློན་ཆེན་གྱི་གོ་གནས་ནས་དགོངས་ཞུ་བྱ་དགོས་པའི་གནད་དོན་གཙོ་བོ་ནི། Insurance Company འམ་ཚེ་སྲོག་ཉེན་སྲུང་མ་འཇོག་གི་ཚོགས་སྡེ་གཉིས་ཀྱི་ནང་དུ་མ་འཛུགས་བྱས་ཡོད་པའི་གནད་དོན་དེ་ཆགས་ཀྱི་ཡོད་པ་དང་། དེ་འབྲེལ་གནས་ཚུལ་ཐོན་ཁག་ལ་གཞིགས་ན། དངུལ་ནག་གཙང་བཟོ་བྱེད་ཐབས་བྱེད་མཁན་གྱི་ཉེས་འཛུགས་ཡོད་པ་ Deepak Bhatta དྀ་པཀ་བྷཊྚ་དང་ Shanker Group ཤངྐར་ཚོགས་པ་ཡང་ཉེན་སྲུང་མ་འཇོག་གི་ཚོགས་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཐོན་ཡོད། […]
The post སུ་དཱན་གུ་རུང་སླར་ཡང་བལ་ཡུལ་ནང་སྲིད་བློན་ཆེན་དུ་ལས་འཁུར་དམ་འབུལ། appeared first on vot.





