སཱོ་ཝག་ཨཱ་ཤེ་རཱམ་གྱི་གནས་བཤད།
ཐེངས་འདིའི་ལས་རིམ་ནང་ཨ་རིའི་ཕི་ལི་ཌལ་ཕི་ཡ་རུ་རྟེན་གཞི་བྱས་པའི་སྤྱན་རས་གཟིགས་ནང་པའི་ཆོས་ཚོགས་ཀྱི་ཆོས་དགེ་བློ་བཟང་བསམ་གཏན་ལགས་ནས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་རྡ་རམ་སར་ཞབས་སོར་འཁོད་པའི་སྐབས་ཀྱི་བཞུགས་གནས་ཐོག་མ་སཱོ་ཝག་ཨཱ་ཤེ་རཱམ་སྐོར་དང་། སྐབས་དེར་ཁོང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་དང་འབྲེལ་ནས་ཕོ་བྲང་གི་གནས་སྟངས་སྐོར་ངོ་སྤྲོད་གནང་བ་ཞིག་ཡིན། །





