ལྷོ་ཨ་ཧྥི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་“སྣུམ་གྱི་མེ་སྲེག་འབར་མདེལ་གཡུགས་འདུག”

2 weeks ago

ལྷོ་ཨ་ཧྥི་རི་ཀའི་སེན་ཅུ་རི་ཡོན་གྲོང་ཁྱེར་གྱི་ལི་ཊལ་ཊོན་མ་ནོར་ས་ཁུལ་དུ་ཡོད་པའི་༸གོང་ས་མཆོག་གི་ལྷོ་ཨ་ཧྥི་རི་ཀའི་སྐུ་ཚབ་དོན་གཅོད་དོན་གྲུབ་རྒྱལ་པོ་ལགས་ཀྱི་བཞུགས་གནས་དང་དོན་གཅོད་ལས་ཁུངས་ལ་ཟླ་ ༡༠ ཚེས་ ༡༤ ཡི་མཚན་མོ་སྣུམ་གྱི་མེ་སྲེག་འབར་མདེལ་གཡུགས་ནས་མེ་སྐྱོན་ཚབས་ཆེན་བྱུང་སྟེ་ཁང་མིག་མང་པོ་མེས་འཚིགས་པ་དང་། ལྷག་པར་དུ་དོན་གཅོད་ལས་ཁུངས་ཀྱི་ཡིག་ཆ་དང་ཅ་དངོས་མང་པོ་མེས་འཚིགས་ཡོད་ན་ཡང་དོན་གཅོད་དོན་གྲུབ་རྒྱལ་པོ་ལགས་དང་ཆོས་དགེ་མཁན་པོ་འཇམ་དབྱངས་མགོན་པོ་ལགས་ལ་གནོད་སྐྱོན་ཆེ་བ་བྱུང་མི་འདུག

དོན་གཅོད་དོན་གྲུབ་རྒྱལ་པོ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་པར། ཚེས་ ༡༤ ཡི་མཚན་མོ་ཆུ་ཚོད་ ༡༡ ཡོལ་ཙམ་ལ་ཤེལ་སྒོ་ཆག་པའི་སྒྲ་ཐོས་པ་དང་ཁང་པའི་ནང་ལ་དུ་བས་ཁེངས་པ་མཐོང་ཕྲལ་ལམ་སེང་སྒེའུ་ཁུང་བཅག་སྟེ་ཕྱིར་ཐོན་ཐུབ་པ་དང་། ད་དུང་འབར་མ་ཐུབ་པའི་སྣུམ་གྱི་མེ་སྲེག་འབར་མ...

Original Article