རྗེ་ཙོང་ཁ་པའི་དབུ་བླ་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་གི་རྗེས་དྲན།

2 weeks ago

ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡ ཉིན། བོད་གངས་ཅན་ལྗོངས་ཀྱི་བསྟན་པ་སྤྱི་དང་། ལྷག་པར་དུ་རི་བོ་དགེ་ལྡན་པར་བཀའ་དྲིན་བླ་ན་མེད་པ། རྗེ་ཙོང་ཁ་པ་ཆེན་པོ་མཆོག་གི་དབུ་བླ་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་སྐུ་འཁྲུངས་ནས་མི་ལོ་ ༧༠༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག་སླེ་ལུང་རིན་པོ་ཆེས་གོ་སྒྲིག་གིས་བཞུགས་སྒར་བོད་ཀྱི་ཟློས་གར་ཚོགས་ཁང་དུ་འཚོགས་གནང་སོང་ཞིང་། རྗེས་དྲན་མཛད་སྒོ་འདི་དང་འབྲེལ་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྔགས་བརྗོད་དང་སྦྲགས་གསུང་འཕྲིན་ཞིག་ཀྱང་སྩལ་གནང་མཛད་འདུག་ལ། དེ་བཞིན་དུས་དྲན་མཛད་སྒོ་འདི་དང་འབྲེལ་ནས། དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་བཅས་ནས་སྩལ་བའི་གསུང་འཕྲིན་ཡང་སྒྲོག་སྦྱངས་གནང་སོང་། དུས་མཚུངས་དེ་རིང་གི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེས་གཙོས། ཆོས་བརྒྱུད་ཁག་གི་སྐུ་ཚབ་དང་མཁས་དབང་ཁག་ཅིག་དབུ་བཞུགས་ཀྱིས། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་མཆོག་གི་རྗེས་དྲན་དང་འབྲེལ་ནས་བཀའ་སློབ་གསུང་བཤད་གནང་སོང་། །
Watch on YouTube