རྒྱལ་སྤྱིའི་གྲགས་ཅན་མི་སྣ་མང་པོ་ཞིག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པའི་མྱོང་ཚོར།

1 hour ago

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༡༢ ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་དང་ཀེ་རི་ཀེ་ཊི་རྩེད་འགྲན་པ། ཉི་ཧོང་གི་འཁྲབ་སྟོན་པ་དང་གཞས་མ་སོགས་མི་སྣ་གྲགས་ཅན་ཁག་ཅིག་གིས་གཙོས། རྒྱ་གར་གྱི་དཔོན་རིགས་དང་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་དད་ལྡན་མང་ཚོགས་བརྒྱ་ཕྲག་གཉིས་ཙམ་ལ་མཇལ་ཁ་དང་བཀའ་སློབ་ལམ་སྟོན་བཀའ་དྲིན་སྩལ་གནང་ཡོད་ཅིང་། མཇལ་ཁ་གྲུབ་རྗེས། གྲགས་ཅན་མི་སྣ་ཁག་ཅིག་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བའི་དོན་སྙིང་དང་མྱོང་ཚོར་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས་པར། ཁོང་རྣམ་པས་མགོན་པོ་གང་ཉིད་མཇལ་བའི་དགའ་ཚོར་དང་། རང་ཉིད་ཀྱི་མི་ཚེར་བྱུང་བའི་འགྱུར་ལྡོག་དང་སྙིང་སྟོབས། དེ་བཞིན་མ་འོངས་པའི་རེ་འདུན་བཅས་ཀྱི་སྐོར་ལ་མྱོང་ཚོར་ཟབ་མོས་འགྲེལ་བརྗོད་གནང་བྱུང་། །
Watch on YouTube