རྒྱ་ནག་ནས་ཨ་རིར་བྲོས་བྱོལ་ལ་སླེབས་པའི་རྒྱ་རིགས་ཕྱུག་བདག་ཆེན་མོ་ Guo Wengui ཡིས་མི་མང་སྟོང་ཕྲག་མང་པོའི་མ་དངུལ་ཨ་སྒོར་ཐེར་འབུམ་ལྷག་རང་གི་རྒྱས་སྤྲོས་ཆེ་བའི་འཚོ་བར་བེད་སྤྱོད་བྱས་པའི་ནག་ཉེས་འོག་ཁོ་པར་ཨ་རིའི་ཁྲིམས་ཁང་གིས་ལོ་ངོ་ ༣༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག རྩ་བའི་རྒྱ་རིགས་ཕྱུག་བདག་ཆེན་མོ་ Guo Wengui འམ་ཁག་གཅིག་གིས་ Miles Guo དང་ Miles Kwok གཞན་ཁག་གཅིག་གིས་ Ho Wan Kwok ཞེས་འབོད་ཀྱི་ཡོད་པ་ཁོང་གི་འབྲེལ་ཡོད་ཚོར་རྒྱ་ནག་ཏུ་ཕྱི་ལོ་ ༢༠༡༤ ལོ་མཇུག་ཏུ་རྒྱ་གཞུང་གིས་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་འོག་དམིགས་འབེན་དུ་བཟུང་བཞིན་པའི་ཁྲོད། ཕྱི་ལོ་ ༢༠༡༥ ལོར་ཁོང་རྒྱ་ནག་ནས་ཨ་རིར་བྲོས་བྱོལ་གྱིས་ཡུལ་དེར་མཐོང་མཆན་འོག་གཞིས་ཆགས་ནས་རིམ་པས་རྒྱ་ནག་དམར་ཤོག་ཚོགས་པར་སྐྱོན་བརྗོད་བྱེད་མཁན་སྐད་གྲགས་ཅན་ཞིག་ཏུ་གྱུར་ཏེ། ཕྱི་ལོ་ ༢༠༡༧ ལོར་རྒྱ་གཞུང་གིས་ཁོང་ནག་ཉེས་ཅན་གྱི་མི་སྣར་ངོས་འཛིན་གྱིས་རྒྱ་ནག་ཏུ་ཕྱིར་སློག་དགོས་པའི་གཞུང་འབྲེལ་གསལ་བསྒྲགས་སྤེལ་བ་དང་བསྟུན། ཁོང་གིས་ཀྱང་ཨ་རིར་གཏན་སྡོད་ཆེད་དུ་ཁྲིམས་མཐུན་གྱི་སྐྱབས་བཅོལ་ཞུས་ཡོད་པ་དང་། དེ་ནས་སྒེར་གྱིས་གསར་ཁང་ཁག་གཅིག་ཆེད་འཛུགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པ་ཐེར་འདོན་སོགས་ཀྱི་ཆབ་སྲིད་ལས་འགུལ་སྤེལ་ཡོད་པ་དེ་ལྟར་ཡང་། ཕྱི་ལོ་ ༢༠༢༣ ལོར་ཨ་རིའི་ནིའུ་ཡོག་ཁྲིམས་ཁང་གིས་ Guo Wengui ནས་ཡུལ་དེར་ཁྲིམས་འགལ་གྱི་ཚོང་ལས་སོགས་གཉེར་བ་མ་ཟད་རང་གི་དྲྭ་ཐོག་རྗེས་འབྲངས་པ་མི་མང་སྟོང་ཕྲག་མང་པོའི་མ་དངུལ་ཨ་སྒོར་ཐེར་འབུམ་ལྷག་མགོ་སྐོར་བསླུ་བྲིད་བྱས་པ་སོགས་ནག་ཉེས་ ༩ བསགས་ཡོད་པར་འཛིན་བཟུང་གིས་ད་བར་བཙོན་འཇུག་འོག་ཉན་ཞིབ་འགྲོ་བཞིན་ཡོད་པ་རེད། དེ་ཡང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་ཁྲིམས་དཔོན་ Analisa Torres ལགས་ཀྱིས་ཁ་ཉིན་ཕྱི་ཚེས་ ༢༩ ཉིན་རྒྱ་རིགས་ཕྱུག་བདག་ཆེན་མོ་ Guo Wengui ཡིས་ཕྱི་ལོ་ ༢༠༡༨ ནས་ ༢༠༢༣ བར་རྒྱ་ནག་མང་གཙོ་ཅན་དུ་འགྱུར་བར་འདོད་མོས་ཡོད་མཁན་ཁོ་པའི་དྲྭ་ཐོག་རྗེས་འབྲངས་པ་མི་མང་སྟོང་ཕྲག་མང་པོའི་མ་དངུལ་ཨ་སྒོར་ཐེར་འབུམ་ལྷག་རང་གི་སྤྱི་ལེ་གྲུ་བཞི་མ་ ༥༠༠༠༠ ཡི་གཞིས་ཁང་ཆེན་པོ་དང་། ཨ་སྒོར་ས་ཡ་གཅིག་གི་བཞོན་འཁོར། […]
The post རྒྱ་རིགས་ཕྱུག་བདག་ཆེན་མོ་ Guo Wengui ལ་ཨ་རིའི་ཁྲིམས་ཁང་གིས་ལོ་ངོ་ ༣༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག appeared first on vot.





