རྒྱ་ནག་ནང་མི་མང་གི་ངོ་རྒོལ་གནས་ཚུལ་ནང་བཀོད་པ་ལས་མང་བ་འབྱུང་བཞིན་པ་ཕྱིར་མངོན།

6 months ago

རྒྱ་ནག་ནང་མང་ཚོགས་ཀྱི་ངོ་རྒོལ་ལས་འགུལ་གནས་ཚུལ་ནང་ཐོ་འགོད་བྱས་པ་ལས་མང་བ་འབྱུང་བཞིན་པ་མངོན་གསལ་གནང་བ་མ་ཟད། ལྷག་པར་སྔ་ལོའི་ནང་སྲིད་གཞུང་ལ་ངོ་རྒོལ་ལས་འགུལ་རིགས་ཇེ་མཐོར་སོང་ཡོད་པ་དེས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་གི་སྒྲོམ་གཞིར་ཞེན་ཆ་ཡོད་པ་གསལ་སྟོན་བྱེད་ཀྱི་ཡོད་སྐོར་གསུངས་འདུག དེའང་ཨ་རིར་རྟེན་གཞི་བྱས་པའི་ Freedom House འམ་རང་དབང་ཁང་པའི་ཁྱབ་ཁོངས་ China Dissent Monitor ཞེས་རྒྱ་ནག་ནང་ཞི་རྒོལ་གྱི་གནས་ཚུལ་མཁོ་སྒྲུབ་བྱེད་མཁན་གྱི་སྡེ་ཚན་ནས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་ནག་ཏུ་དམར་ཤོག་ཚོགས་པའི་དབང་བསྒྱུར་འོག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་སྤེལ་རྒྱུར་ཧ་ཅང་ཉེན་ཁ་ཆེ་བ་དེ་ལྟར་ཡང་། འདས་པའི་ཕྱི་ལོ་ ༢༠༢༥ ལོའི་ནང་རྒྱ་ནག་མང་ཚོགས་ཀྱིས་སྲིད་གཞུང་ལ་ངོ་རྒོལ་དོན་རྐྱེན་ཁྱོན་ ༥༠༠༠ ལྷག་བྱུང་ཡོད་པ་དེ་ནི་དེ་སྔའི་ལོ་དང་བསྡུར་ན་བརྒྱ་ཆ་ ༤༨ ཀྱིས་འཕར་ཡོད་སྐོར་བཀོད་འདུག སྤྱིར་མི་མང་གི་ངོ་རྒོལ་བརྒྱ་ཆ་ ༨༥ ཙམ་ནི་གླ་ཆ་མ་སྤྲད་པའི་དཀའ་ངལ་དང་། ཁང་པ་འཛུགས་སྐྲུན་གྱི་ལས་གཞི་མཚམས་ཆད་དེ་གྱོང་གུད་ཕོག་པ། དེ་བཞིན་གྲོང་གསེབ་ཀྱི་ས་ཆ་བཙན་འཕྲོག་བྱས་པ་སོགས་ཀྱི་གནད་དོན་དང་འབྲེལ་བ་ཆགས་ཡོད་པ་རེད་འདུག སྙན་ཐོའི་ནང་སྤྱིར་ China Dissent Monitor ངོས་ནས་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ལ་རྒྱུན་དུ་འཚོལ་ཞིབ་བྱས་ནས་གནས་ཚུལ་དེ་རིགས་ཕལ་ཆེ་བ་བསྡུ་རུབ་བྱེད་ཀྱི་ཡོད་པ་དང་། དྲྭ་ལམ་དུ་མཐོང་ཆོས་སུ་མེད་པའི་གནས་ཚུལ་མང་པོ་ཡོད་སྲིད་པ་མ་ཟད། ཡང་ན་དུས་ཐོག་ཏུ་མ་བཀོད་པའི་གནས་ཚུལ་ཡང་ཡོད་སྲིད་ཅེས་བརྗོད་པ་དང་འབྲེལ།  ངོ་རྒོལ་གྱི་དོན་རྐྱེན་དངོས་ཀྱི་གྲངས་འབོར་དེ་ལས་མང་བ་འབྱུང་བཞིན་ཡོད་པར་ངོས་འཛིན་གནང་གི་ཡོད་ཅེས་གསུངས་འདུག དེའི་ཁྲོད་རྒྱ་ནག་ནང་ཞི་རྒོལ་གྱི་དོན་རྐྱེན་སྐོར་གནས་ཚུལ་སྤེལ་མཁན་ Teacher Li ལགས་ཀྱིས། རྒྱ་ནག་ནང་ངོ་རྒོལ་གྱི་ལས་འགུལ་ཇེ་མང་དུ་འགྲོ་བཞིན་པའི་རྒྱུ་མཚན་ནི་ཡུལ་དེར་དཔལ་འབྱོར་ཉམས་རྒུད་ཀྱིས་སྤྱི་ཚོགས་ལྷིང་འཇགས་མེད་པ་དང་། དེའི་རྐྱེན་གྱིས་གཞུང་གིས་སྤྱི་ཚོགས་ཐོག་དམ་དྲག་ཤུགས་ཆེ་རུ་གཏོང་གི་ཡོད་པ། དེ་ལས་མི་མང་རྣམས་སེམས་པ་མ་སྐྱིད་པ་དེ་བས་ཆེ་རུ་བཟོ་བཞིན་ཡོད་པ་དང། ལྷག་པར་དུ་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་ངོ་རྒོལ་དང་འབྲེལ་བའི་གནས་ཚུལ་སྤེལ་བཅུག་གི་མེད་པ་མ་ཟད། དྲྭ་ཐོག་ཞིབ་བཤེར་དམག་དཔུང་གིས་དོན་རྐྱེན་གྱི་དཔང་རྟགས་མཐའ་དག་འཕྲལ་དུ་གསུབ་བཞིན་ཡོད་པ་བཅས་ཡིན་པ་གསུངས་འདུག རྩ་བའི་རྒྱ་ནག་གཞུང་གིས་ངོ་རྒོལ་བྱེད་མཁན་དེ་དག་ནི་མི་ཉུང་ཤས་ཤིག་ཡིན་པ་དང་། རྒྱ་ནག་མི་མང་མང་ཆེ་བ་བདེ་སྐྱིད་ངང་གནས་བཞིན་ཡོད་ཚུལ་བརྗོད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་རྒྱ་ནག་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོ་སྒོ་བརྒྱབ་བཅུག་ཡོད་པས། མི་མང་ལ་རང་གི་སྡུག་བསྔལ་གླེང་སའི་ལམ་ཁ་གཞན་མེད་པར་མུ་མཐུད་ལམ་ཁ་ལ་ཐོན་ནས་ངོ་རྒོལ་བྱེད་རྒྱུ་ལས་གདམ་ཁ་མེད་པ་ཆགས་ཡོད་པ་རེད། གནད་དོན་དབྱེ་ཞིབ་པས་རྒྱ་ནག་ནང་འབྱུང་བཞིན་པའི་མི་མང་གི་ངོ་རྒོལ་འདི་ནི་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ཁོ་ན་མ་ཡིན་པར། རྒྱ་ནག་དམར་ཤོག་གཞུང་གིས་དམ་དྲག་དང་དྲག་གནོན་དེས་རྐྱེན་མི་མང་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་ཞིག་བཟོ་ཡོད་པ་མཚོན་གྱི་ཡོད་ཅིང་།  རྒྱ་གཞུང་གིས་དཔལ་འབྱོར་གྱི་དཀའ་ངལ་དངོས་ཡོད་ལ་གདོང་ལེན་བྱེད་རྒྱུའི་ཚབ་ཏུ། མི་མང་གི་ཁ་བཀག་རྒྱུ་དང་དྲག་གནོན་བྱེད་རྒྱུ་དེ་གཙོ་བོར་བཟུང་བཞིན་ཡོད་པས། འབྱུང་འགྱུར་ ༢༠༢༦ ལོའི་ནང་རྒྱ་ནག་གི་སྤྱི་ཚོགས་སྲ་བརྟན་དང་དཔལ་འབྱོར་གྱི་གནས་བབ་དེ་བས་ཛ་དྲག་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་མཐོང་བཞིན་པ་དང། མི་མང་གིས་རང་གི་འཚོ་བ་དང་། གླ་ཆ། ཐོབ་ཐང་བཅས་ཀྱི་ཆེད་དུ་ལམ་ཁ་ལ་ཐོན་ནས་ངོ་རྒོལ་བྱེད་པ་འདི་ནི། བདེན་པའི་འབོད་སྒྲ་ཞིག་ཡིན་པ་མ་ཟད། […]

The post རྒྱ་ནག་ནང་མི་མང་གི་ངོ་རྒོལ་གནས་ཚུལ་ནང་བཀོད་པ་ལས་མང་བ་འབྱུང་བཞིན་པ་ཕྱིར་མངོན། appeared first on vot.

Original Article