རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཁྲིམས་ཡིག་དང་འབྲེལ་གསར་འགོད་ལྷན་ཚོགས།

3 weeks ago

ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡ ནས་ཉེ་ལམ་རྒྱ་ནག་གིས་གཏན་འབེབས་བྱས་པའི མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་དེ་བཞིན་དངོས་སུ་ལག་བསྟར་བྱེད་རྒྱུ་ཡིན་པ་ལྟར། གནད་དོན་དེ་དང་འབྲེལ་ནས་དེ་རིང་ཕྱི་ཟླ་ ༦ ཚེས་ ༢༩ ཉིན། བཙན་བྱོལ་བོད་མིའི་གསར་ཁང་ཁག་གིས་འབོད་སྐུལ་ཞུས་པ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་དུ་གསར་འགོད་ལྷན་ཚོགས་ཤིག་ཚོགས་གནང་ཡོད་ཅིང་། ལྷན་ཚོགས་དེའི་ཐོག་སྤྱིར་བོད་མི་ཡོངས་དང་རྒྱལ་སྤྱིའི་ཐོག་ལས་འགུལ་སྤེལ་ཕྱོགས་དང་། སྒོས་སུ་བཀའ་ཤག་གི་ལངས་ཕྱོགས་སོགས་དང་འབྲེལ་ནས་གླེང་སློང་གནང་ཡོད། །
Watch on YouTube