རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཟླ་འདིའི་ཕྱི་ཚེས་ ༢༢ ནས་ ༢༣ བར་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འཚོག་ལ་ཉེ་བའི་ BRICS རྒྱལ་ཁབ་རྣམས་ཀྱི་རྒྱལ་སྲུང་སློབ་སྟོན་པའི་ཚོགས་འདུར་མཉམ་ཞུགས་བྱ་རྒྱུ་དང་། ཐེངས་འདིའི་ཚོགས་འདུའི་ཐོག་མཐུན་ཕྱོགས་རྒྱལ་ཁབ་རྣམས་ཀྱི་སྐུ་ཚབ་ངོས་ནས་རྒྱལ་སྤྱིའི་བདེ་འཇགས་ཀྱི་གནས་སྟངས་སོགས་ཀྱི་སྐོར་གྲོས་བསྡུར་གནང་རྒྱུ་རེད་འདུག དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་འདི་ལོའི་ BRICS རྒྱལ་སྲུང་སློབ་སྟོན་པའི་ཚོགས་འདུར་མཉམ་ཞུགས་བྱ་འཆར་ཡོད་པ་དེ་རྒྱ་གར་གྱིས་མགྲོན་འབོད་བྱས་པ་ཞིག་རེད་འདུག་ལ། རྒྱལ་ས་ལྡི་ལིར་ཟླ་འདིའི་ཕྱི་ཚེས་ ༢༢ དང་ ༢༣ ཉིན་འཚོག་འཆར་ཡོད་པའི་ཚོགས་འདུ་དེའི་ཐོག་ BRICS ཁྱབ་ཁོངས་སུ་ཡོད་པའི་བྷ་ར་ཛིལ་དང་། ཨུ་རུ་སུ། རྒྱ་གར། ལྷོ་ཨ་ཧྥི་རི་ཁ། རྒྱ་ནག ཨི་ཇིབ། ཨི་ཐོ་པི་ཡ། ཨིི་རན། ས་ཨུ་ཌི་ཨ་ར་བི་ཡ། ཨ་རབ་མཉམ་འབྲེལ་རྒྱལ་ཁབ་བཅས་ཚོགས་མི་ ༡༡ གི་སྐུ་ཚབ་བར་རྒྱལ་སྤྱིའི་བདེ་འཇགས་ཀྱི་གནས་སྟངས་དང་། རྒྱལ་ཁབ་སོ་སོའི་མངའ་ཁུལ་གྱི་བདེ་འཇགས་གནད་དོན། དེ་བཞིན་རྒྱུན་ལྡན་དང་རྒྱུན་མ་ཡིན་པའི་བདེ་འཇགས་ཀྱི་གདོང་ལེན་སྐོར་དང་། གཞན་ཡང་འདི་ལོའི་ཕྱི་ཟླ་ ༩ པའི་ནང་རྒྱ་གར་གྱི་གོ་སྒྲིག་འོག་འཚོག་གཏན་ཁེལ་བའི་ BRICS ཚོགས་ཆེན་ཐེངས་ ༡༨ པའི་གྲ་སྒྲིག་སོགས་ཀྱི་སྐོར་གྲོས་བསྡུར་བྱ་རྒྱུ་རེད་འདུག རྒྱ་ནག་གི་མགྲིན་ཚབ་པ་ Lin Jian གྱིས་ཁ་སང་ཕྱི་ཚེས་ ༡༨ ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག དེང་སྐབས་འགྱུར་ལྡོག་ཅན་དང་བརྟན་ལྷིང་མེད་པའི་འཛམ་གླིང་ནང་བདེ་འཇགས་དང་འབྲེལ་བའི་གདོང་ལེན་བྱ་དགོས་རིགས་ཇེ་མང་དུ་འགྲོ་བཞིན་པའི་ཁྲོད། BRICS མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་འཛམ་གླིང་ཞི་བདེ་སྲུང་སྐྱོབ་དང་། ཐུན་མོང་གི་འཕེལ་རྒྱས་གོང་སྤེལ་གཏོང་བ། དེ་བཞིན་མཉམ་ལས་རིང་ལུགས་ལག་བསྟར་དང་། འཛམ་གླིང་དོ་དམ་འདྲ་མཉམ་ཅན་དུ་གཏོང་བར་ཆོད་སེམས་བརྟན་པོ་བཅངས་ཡོད་པ་བཤད་འདུག་པ་མ་ཟད། རྒྱ་ནག་ངོས་ནས་ BRICS མཐུན་ཕྱོགས་རྒྱལ་ཁབ་ཀྱི་ཚོགས་མི་དང་མཉམ་དུ་འབྲེལ་ལམ་མཐུན་སྦྱོར་སྔར་ལྷག་ཟབ་ཏུ་བཏང་ནས་ཆབ་སྲིད་དང་བདེ་འཇགས་ཀྱི་མཉམ་ལས་ཕྱུག་ཏུ་བཏང་བའི་ཐོག་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ལ་ལེགས་སྐྱེས་འབུལ་རྒྱུར་མདུན་སྐྱོད་བྱེད་བཞིན་ཡོད་པའང་བཤད་འདུག གནས་ཚུལ་ནང་གསལ་ཐེངས་འདིའི་རྒྱལ་སྲུང་སློབ་སྟོན་པའི་ཚོགས་འདུ་དེ་བཞིན་རྒྱལ་ཁབ་ས་ཁུལ་མང་དག་ཅིག་གི་ནང་དུ་ས་ཁམས་ཆབ་སྲིད་ཀྱི་རྩོད་རྙོག་འབྱུང་བཞིན་པའི་དུས་སྐབས་སུ་སྐོང་འཚོགས་བྱེད་ཀྱི་ཡོད་པ་མ་ཟད། […]
The post རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་རྒྱ་གར་དུ་ BRICS རྒྱལ་སྲུང་སློབ་སྟོན་པའི་ཚོགས་འདུར་མཉམ་ཞུགས་བྱ་རྒྱུ། appeared first on vot.





