རིགས་ལམ། ཤེས་རབ་ཀྱི་སྒྲོན་མེ། Wisdom of Debate

2 weeks ago

རིགས་ལམ། ཤེས་རབ་ཀྱི་སྒྲོན་མེ། Wisdom of Debate རིགས་ལམ། ཤེས་རབ་ཀྱི་སྒྲོན་མེ་ཞེས་པ་འདི་ནི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་བོད་ཀྱི་བརྙན་འཕྲིན་ཚན་པ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༩༠ ལ་ཕེབས་པའི་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་བརྩིའི་ཆེད། བཟོ་སྐྲུན་ཞུས་པའི་བྱམས་བརྩེའི་གསར་བརྗེའི་མུ་འབྲེལ་དངོས་བྱུང་གློག་བརྙན་ཞིག་ཡིན། དངོས་བྱུང་གློག་བརྙན་འདིའི་ནང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིགས་པའི་ལམ་གྱི་ཐོག་ནས་ཤེས་བྱ་དང་གནས་ལུགས་ཟབ་མོར་རྟོགས་པར་བྱེད་པའི་ཐབས་ལམ་སྐོར་གསལ་འདོན་གནང་གི་ཡོད། འདི་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱོགས་ཡོངས་ནས་གནས་ལུགས་ཟབ་མོ་རྟོགས་པར་དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ནང་རིགས་ལམ་འདི་ཉིད་ཟུང་དུ་འབྲེལ་དགོས་པའི་བཀའ་སློབ་རིམ་པ་ཕེབས་ཡོད། ཐེངས་འདིའི་གློག་བརྙན་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་རིགས་ལམ་གྱི་འབྱུང་ཁུངས་དང་། དེང་གི་དུས་སུ་མཁོ་གནད། དེ་བཞིན་རིགས་ལམ་སྦྱངས་པས་བོད་མི་ཙམ་ཡིན་པར་ནང་པ་མ་ཡིན་པ་དང་བོད་རིགས་མ་ཡིན་པ་ཚོའི་སོ་སོའི་རྣམ་དཔྱོད་སྒོ་མོ་འབྱེད་པར་ཕན་ཐོགས་ཇི་ལྟར་བྱུང་ཚུལ་སྐོར་བསྟན་ཡོད། Wisdom of Debate is part of the Compassion Revolution documentary film series by Tibet TV, Department of Information and International Relations, Central Tibetan Administration produced in honor of His Holiness the 14th Dalai Lama’s 90th birthday and the Year of Compassion celebration. Wisdom of Debate explores the significance of traditional Tibetan logical reasoning as a method to study and deeply understand a subject. His Holiness the 14th Dalai Lama often emphasizes the importance of integrating this debating method into modern education systems to cultivate in-depth knowledge across disciplines. The film highlights the history, relevance, and positive impact of traditional Tibetan debate as a tool for critical thinking and learning not only in the Tibetan community, but also among non-Buddhists and non-Tibetans.
Watch on YouTube