རི་རྫོང་སྲས་སྐུ་ཕྲེང་བཞི་པ་ངོས་འཛིན་བརྒྱུད་རིམ་དང་རྟགས་དང་མཚན་མ་ཇི་བྱུང་སྐོར།

1 month ago

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་བོད་མིའི་གཞིས་ཆགས་ཀྱི་ཞི་བདེ་གྲོང་སྡེའི་ཡབ་འཇིགས་བྱེད་སྐྱབས་དང་ཡུམ་པདྨ་བཟང་མོ་གཉིས་ཀྱི་ཁྱེའུ་བསྟན་འཛིན་ལེགས་སྨོན་དགའ་ལྡན་ཁྲི་ཐོག་ ༡༠༢ པ་ཆེན་པོ་རི་རྫོང་སྲས་སྤྲུལ་སྐུ་ཕྲེང་གསུམ་པ་ཐུབ་བསྟན་ཉིི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་རིན་པོ་ཆེ་མཆོག་གི་ ཡང་སྲིད་སྐུ་ཕྲེང་བཞི་པར་ངོས་འཛིན་མཛད་ཡོད། འདི་ཟླའི་ཚེས་ ༥ རེས་གཟའ་པ་སངས་ཉིན་རི་རྫོང་བླ་བྲང་དང་རི་རྫོང་དགོན་པ། ལྡུམ་ར་བསམ་གཏན་གླིང་དགོན་པའི་སྐུ་ཚབ་དགེ་འདུན་པ་ལྔ་ཡང་སྲིད་རིན་པོ་ཆེའི་འཁྲུངས་ཁང་དུ་ཆེད་ཕེབས་ཀྱིས་རྟེན་འབྲེལ་བྱེད་སྒོ་སྟབས་བདེ་ཞིག་སྤེལ་ཡོད། གསར་འགོད་པས་ཡང་སྲིད་རྩད་གཅོད་ཚོགས་ཆུང་གི་འགན་ཁུར་བ་དགེ་བཤེས་ཐུབ་བསྟན་ཆོས་བཟང་ལགས་སུ་ཡང་སྲིད་རྩད་གཅོད་ཀྱི་བརྒྱུད་རིམ་དང་རྟགས་དང་མཚན་མ་ཁྱད་པར་བ་ཇི་བྱུང་སྐོར་ལ་བཅར་འདྲི་ཞུས་ཡོད། ཕྱོགས་མཚུངས་ཡང་སྲིད་རིན་པོ་ཆེའི་ཡབ་ཡུམ་རྣམ་གཉིས་ལ། ཡང་སྲིད་ངོས་འཛིན་བྱུང་བའི་སེམས་ཚོར་དང་། རྗེས་ཕྱོགས་ཀྱི་འཆར་གཞི་ཇི་ཡོད་སོགས་ཀྱི་སྐོར་ལ་བཅར་འདྲི་ཁག་ཅིག་ཞུས་ཡོད། །
Watch on YouTube