འཕགས་བོད་སྐྱེས་ཆེན་མའི་གསོལ་འདེབས་ཀྱི་ལྗགས་ལུང་ཐོག་མར་སྩལ་བ།

2 weeks ago

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཀྱི་བཙུན་མའི་ལས་འཆར་གྱིས་གསོལ་འདེབས་ལྟར། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༡༨ ཉིན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྐབས་ ༩ པའི་དགེ་བཤེས་མ་བསླབ་པ་མཐར་སོན་ ༣༣ དང་། བོད་ཀྱི་བཙུན་མའི་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཏུ་ཕེབས་མཁན་གྱི་བཙུན་རྣམ་པ། དཔེ་ཁྲིད་དགེ་རྒན་དང་འབྲེལ་ཡོད་ལས་བྱེད་དང་བཅས་ཁྱོན་མི་གྲངས་ ༦༠༠ ཙམ་ལ་དམིགས་བསལ་གྱི་མཇལ་ཁ་སྩལ་བ་དང་ལྷན་དུ། ༧གོང་ས་༧སྐྱབས་མགོན་ཆེན་པོ་གང་ཉིད་ཀྱིས་མཛད་པའི་འཕགས་བོད་སྐྱེས་ཆེན་མའི་གསོལ་འདེབས་ཀྱི་ལྗགས་ལུང་ཆེས་ཐོག་མ་དེ་བཀའ་དྲིན་སྩལ་གནང་མཛད་སོང་། །
Watch on YouTube