ལྡི་ལི་མཐོ་རིམ་ཁྲིམས་ཁང་གིས་བོད་སྒར་བསམ་ཡས་གླིང་དུ་ཡོད་པའི་ཟ་ཁང་ཇ་ཁང་དང་ཆང་ཁང་སོགས་ལ་ཁྲིམས་མཐུན་གྱི་བྱ་སྤྱོད་སྤེལ་དགོས་པའི་བཀའ་ཁྱབ་ཅིག་བཏང་གནང་འདུག
ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ལྡི་ལི་མཐོ་རིམ་ཁྲིམས་ཁང་གིས་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་མ་ཇི་ནུ་ཀ་ཊི་ལ་ (Majnukatilla) ཁུལ་དུ་བདེ་འཇགས་ཀྱི་འཆར་གཞི་དང་ཆོག་མཆན་མེད་པར་ཇ་ཁང་དང་ཆང་ཁང་། ཟ་ཁང་འཛུགས་སྐྲུན་བྱས་པར་ཁྲིམས་མཐུན་གྱི་བྱ་སྤྱོད་སྤེལ་དགོས་པའི་བཀའ་ཁྱབ་གནང་བཏང་འདུག
དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བསམ་ཡས་གླིང་ས་གནས་མགོ་འཛིན་རྡོ་རྗེ་ཚེ་རིང་ལགས་སུ་ལྡི་ལི་མཐོ་རིམ་ཁྲིམས་ཁང་གི་བཀའ་རྒྱ་དང་འབྲེལ་བའི་ཁྲིམས་གཏུག་ག་རེ་བྱས་ཡོད་མེད་དྲིས་པར་ཁོང་གིས། ལྡི་ལི་ཆེས་མཐོའི་ཁྲིམས་ཁང་དུ་ཁྲིམས་རྩོད་པ་གཉིས་ཀྱིས་བསམ་ཡས་གླིང་དུ་ཁྲིམས་མཐུན་མ་ཡིན་པའི་ཁང་པ་ཐོག་རྩེག་འཛུགས་སྐྲུན་དང་། ཟ་ཁང་དང་ཚོང་ཁང་ལ་ཁྲིམས་མཐུན་གྱི་ཡིག་ཆ་མེད་པའི་སྐོར་ལ་སྙན་ཞུ་ཕུལ་ནས་ལམ་སྟོན་གནང་རོགས་གནང་ཞུས་ཡོད་པ་རེད། …





