ཚན་རིག་སྐུལ་འདེད་ཀྱི་ལས་གཞི་འགོ་འཛུགས།

3 weeks ago

སྦེལ་ཀོབ་སམ་བྷོ་ཌ་དབུས་ཉིན་མོའི་སློབ་གྲྭར་ «TIPS» ཚན་རིག་སྐུལ་འདེད་ཀྱི་ལས་གཞི་འགོ་འཛུགས། TIPS Science Promotion Project Launched at Bylakuppe Sambhota Tibetan School བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་བོད་ཀྱི་ཚན་རིག་མཐུན་ཚོགས་ཟུང་འབྲེལ་གྱིས་གོ་སྒྲིག་འོག བོད་པའི་ན་གཞོན་ཚོར་ཚན་རིག་དང་ལག་རྩལ་གྱི་ལས་རིགས་སྣ་ཚོགས་ཐོག་གོ་རྟོགས་སྤེལ་བ་དང་། མ་འོངས་པའི་ཆེད་ལས་འདེམས་ཕྱོགས་ལ་སྐུལ་མ་གཏོང་ཆེད། ཟླ་བ་འདིའི་ཕྱི་ཚེས་ ༢༦ ཉིན་སྦེལ་ཀོབ་སཾ་བྷོ་ཌ་སློབ་གྲྭ་ནས་ «Tips» ཞེས་པའི་ཚན་རིག་སྐུལ་འདེད་ཀྱི་ལས་གཞི་ཐོག་མ་དེ་འགོ་འཛུགས་གནང་ཡོད། The Department of Education of the Central Tibetan Administration (CTA), in collaboration with the Tibetan Science Society, has launched a new science promotion initiative called TIPS (Tsenrig Inspire Programs for Schools). The inaugural program kicked off on June 26 at the Bylakuppe Sambhota Day School. The project aims to raise awareness among young Tibetans about various careers in science and technology, and to inspire them in choosing their future professional paths.
Watch on YouTube