མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་ངོ་རྒོལ་སྐྱོན་བརྗོད།

2 weeks ago

རྒྱ་ནག་གཞུང་གིས་དེ་རིང་ཕྱི་ཟླ་ ༧ ཚེས་ ༡ ཉིན་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་འདི་བོད་ནང་དངོས་སུ་ལག་བསྟར་བྱེད་བཞིན་པའི་ཉིན་མོ་དང་སྟབས་བསྟུན་ནས། བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་བུད་མེད་ལྷན་ཚོགས་དང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞིའི་གོ་སྒྲིག་འོག དེ་རིང་གི་ཉིན་མོར་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་གནང་སོང་། སྐབས་དེར་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཏུ་ངོ་རྒོལ་སྐྱོན་བརྗོད་ཀྱི་གསར་འགོད་བསྒྲགས་གཏམ་ཞིག་ཀྱང་སྤེལ་གནང་སོང་། གཞི་རྩའི་དེ་རིང་གི་ཉིན་མོ་དང་སྟབས་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གཙོས་པའི་ཕྱི་རྒྱལ་རྒྱལ་ཁབ་མང་པོའི་ནང་ངོ་རྒོལ་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་དང་། ཨ་རིའི་གྲོས་ཚོགས། ཡུ་རོབ་གྲོས་ཚོགས། ཧེལ་སིང་ཀི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། བོད་ཀྱི་ཆབ་སྲིད་བཙོན་ཟུར་མང་ཤོས་གནས་སྡོད་བྱེད་ས་ཨོ་སི་ཀྲོ་ལི་ཡ་སོགས་ཀྱིས་ཀྱང་མཐའ་གཅིག་ཏུ་ངོ་རྒོལ་གནང་བཞིན་ཡོད་པ་རེད།།
Watch on YouTube