“མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱད་ལས་པ་བཀག་འདོམས་མེད་པར་བོད་ནང་བསྐྱོད་བཅུག་དགོས།”

2 weeks ago

“མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱད་ལས་པ་བཀག་འདོམས་མེད་པར་བོད་ནང་བསྐྱོད་བཅུག་དགོས།”

ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༡༩ ཉིན་ཡུ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ནས་ལན་འདེབས་གནང་པའི་ནང་། བོད་ནང་དུ་བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་དང་བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་ཉེན་ཚབ། བོད་ཕྲུག་ཚོ་བཅའ་སྡོད་སློབ་གྲྭར་བཙན་དབང་ཐོག་ནས་འཇུག་གི་ཡོད་པའི་གནད་དོན་རྣམས་ལུང་འདྲེན་གྱིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ “བློ་ཚབས་ཆེན་པོ་བྱེད་དགོས་པ་” ཞིག་ཏུ་གནས་ཡོད་ཅེས་བརྗོད་བྱུང་།

ཡུ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་པའི་ཐད་ལ་ཐུགས་འཚབ་ཡོད་པ་གླེང་སློང་གནང་ཡོད་པ་དང་། ཡོ་རོབ་མཐུན་ཚོགས་ཀྱི་མགྲིན་ཚབ་པས། མཐུན་ཚོགས་ངོས་ནས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་སྐུ་ཁམས་བདེ་ཐང་...

Original Article