བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༧།༡༧ | དབུས་སྐད་ལས་རིམ།

2 days ago

1 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལ་དྭགས་སུ་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་མང་ཚོགས་བརྒྱ་ཕྲག་ཁ་ཤས་ལ་མཇལ་ཁ་དང་བཀའ་སློབ་གནང་ཡོད་པ། 2 ཤྲི་ལངྐར་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ། 3 བོད་ཀྱི་གསེར་རྟ་བླ་རུང་སྒར་དུ་གྲྭ་བཙུན་གྱི་བཞུགས་ཤག་༡༠༦༠ ལྷག་བཤིག་གཏོང་གི་ལས་འགུལ་བསྐྱར་དུ་འགོ་བཙུགས། 4 རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལག་བསྟར་སྐུལ་འདེད་མུ་མཐུད་བྱེད་བཞིན་ཡོད་པ། 5 རི་ཆར་ཌི་གྷེར་ལགས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པས་ཕྱི་རྒྱལ་གྱི་མི་ཚོའི་སྨྲ་བརྗོད་རང་དབང་ལ་ཡང་ཤུགས་རྐྱེན་ཐེབས་སྲིད་པར་ཉེན་བརྡ་བཏང་འདུག། 6 བེལ་ཇིམ་གྲོས་ཚོགས་འཐུས་མི་ཚོས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་དང་རྒྱལ་མཚམས་བརྒལ་བའི་དྲག་གནོན་ཐད་གཞུང་ལ་དྲི་བ་བཏོན། 7 ཨ་རིའི་གྲོས་ཚོགས་འཐུས་མི་ལིན་སེ་གྷེརམ་མཆོག་སྐུ་གཤེགས་པར་བོད་མིས་རྗེས་དྲན་ཞུས་པ། 8 རྒྱ་ནག་གིས་ཀོང་པོ་ཉིང་ཁྲིར་ཧི་མ་ལ་ཡ་རི་རྒྱུད་ཀྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཟེར་བ་འཚོགས་པ་དང་། རྒྱ་ནག་གཞུང་གི་དྲིལ་བསྒྲགས་བྱེད་བཞིན་ཡོདའདུག། 9 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཁྲི་ཟུར་༧སྐྱབས་རྗེ་རི་རྫོང་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་མཆོག་གི་དབུ་སྐྲའི་གཙུག་ཕུད་བཞེས་གནང་ཡོད། 10 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་བཞུགས་རིང་། མཇལ་ཁ་ཞུ་མཁན་དང་། ལ་དྭགས་ཁུལ་གྱི་གནས་སྟངས་དང་། དེ་བཞིན་བོད་དོན་ལས་འགུལ་སོགས་ཀྱི་སྐོར་གླེང་མོལ། 11 ནིའུ་ཡོག་དང་ནིའུ་འཇར་སི་ས་གནས་གཞོན་ནུའི་ཚོགས་མི་ཚོས་ཡི་གེ་སྐྱེལ་རྩིས་བྱེད་སྐབས་རྒྱ་ནག་གཞུང་ཚབ་ཡན་ལག་ཁང་དུ་འཛུལ་རྒྱུར་བཀག་འགོག་བྱས་སྐོར། 12 ཐའེ་ཝན་ལ་བློ་དགའ་ལགས་སུ་མྱ་ངན་དང་རྒྱ་ནག་ལ་ངོ་རྒོལ་བྱས་ཏེ། རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་མི་རིགས་ཁག་གིས་ཆིག་སྒྲིལ་ངང་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་བརྗོད་པ། 13 ལ་དྭགས་བྱང་ཐང་ཁུལ་དུ་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་རྗེས་དྲན་གྱི་རྟ་རྒྱུག་ཅེས་པ་གོ་སྒྲིག་ཞུས་ཏེ་བོད་རང་བཙན་མ་ཐོབ་ཀྱི་བར་རྩེད་འགྲན་འདི་གནང་རྒྱུ་ཡིན་པ་བརྗོད་འདུག 14 བོད་མི་བློ་དགའ་ལགས་ཀྱིས་རང་ལུས་མར་བསྲེགས་གནང་བ་ནས་བཟུང་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་རྒྱུན་ཆད་མེད་པར་ལས་འགུལ་སྣ་མང་སྤེལ་བཞིན་ཡོད་པ་ལྟར་ཨའོ་སི་ཁྲོ་ལི་ཡའི་ནང་གི་བོད་དོན་ལས་འགུལ་སྐོར། 15 བློ་དགའ་རང་བཙན་ལགས་ཀྱིས་ཆོས་ཞུགས་གནང་ཡུལ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཁོང་གི་བདུན་ཚིགས་གཉིས་པའི་མཆོད་འབུལ། 16 ཡང་རྒྱ་གར་གྱི་མའེ་སོར་གྲོང་ཁྱེར་དུ་མཚོན་ན། བོད་མི་ཚོས་རྔམ་སྟོན་ལས་འགུལ་གནང་སྟེ་བློ་དགའ་རང་བཙན་ལཊ་ཀྱི་དགོས་འདུན་དང་འབྲེལ་བའི་ཐོག་ནས་རྒྱ་ནག་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པ་གསུངས་འདུག 17 སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་གནས་སྟངས་དེས་རྒྱ་ནག་གཞུང་གི་བཙན་འོག་ཏུ་ཡོད་པའི་བོད་ནང་གི་བོད་མི་ཡོངས་ཀྱི་གནས་སྟངས་མཚོན་ཐུབ་ཀྱི་ཡོད་ཅེས་འབྲེལ་ཡོད་ཀྱི་དེབ་ཅིག་པར་བསྐྲུན་འགྲེམས་སྤེལ་གནང་ཡོད་པ། Hosted on Acast. See acast.com/privacy (https://acast.com/privacy) for more information. Episode link: https://play.headliner.app/episode/34339805?utm_source=youtube
Watch on YouTube