བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༧།༡༠ | དབུས་སྐད་ལས་རིམ།

1 week ago

1སྤྱི་ནོར་༧གོང་ས་མཆོག་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་སུ་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་བཞིན་ཡོད་པ། 2 ཨ་རིས་བོད་རྒྱ་གྲོས་མོལ་བསྐྱར་གསོའི་རེ་སྐུལ་གནང་བར་རྒྱ་ནག་གིས་དགག་པ་དང་བོད་མིའི་སྒྲིག་འཛུགས་ཀྱིས་གྲ་སྒྲིག་ཡོད་པ་བརྗོད་པ། 3ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་རི་ལེ་སྦརནསི་ཆེད་ཕེབས་ཀྱིས་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་དུ་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་པ། 4ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་རི་ལེ་སྦརནསི་ཆེད་ཕེབས་ཀྱིས་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་དུ་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ། 5སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་བྱང་ཐང་ཉོ་མ་ཁུལ་དུ་གཟིགས་སྐོར་དང་། ས་གནས་ཀྱི་མཐུན་རྐྱེན་སྦྱོར་དངོས་ཁག་ལ་རྟོག་ཞིབ་དང་མི་མང་ལ་གསུང་བཤད་གནང་བ། 6རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་རང་གི་ཚེ་སྲོག་བློས་གཏོང་མི་གནང་རོགས་ཞེས་འབོད་སྐུལ་གནང་པ། 7 བོད་རྒྱའི་གྲོས་མོལ་བསྐྱར་གསོ་དང་བོད་མིའི་ཐོབ་ཐང་སྲུང་སྐྱོབ་ཐོག་ཡོ་རོབ་མཐུན་ཚོགས་ལ་གྲོས་འཆར་བཏོན་པ། 8 མཉམ་འབྲེལ་རྒྱལ་ཚོཊ་ཀྱི་མདུན་ཚེས་༩ཉིན་བོད་དོན་ལས་འགུལ་སྤེལ་ཡོད་པ་དང་། བོད་མི་ལས་འགུལ་བ་གསུམ་དོ་དམ་བྱས་རྗེས་གློད་བཀྲོལ་བཏང་འདུག 9ཨ་རིའི་གྲོང་ཁྱེར་སྤྱི་ཁྱབ་ཞིག་གིས་གདུང་སེམས་མཉམ་སྐྱེད། 10བོད་མིའི་སེམས་ཚོར་དྲག་པོའི་མྱ་ངན་དང་། སྐད་འབོད། མཆོད་འབུལ་གནང་བཞིན་པ། བཙན་བྱོལ་བོད་མིའི་སེམས་ཚོར། ཉིན་ཞག་༤༩ཡི་རིང་མཉམ་འབྲེལ་རྒྱལ་ཚོགས་མདུན་སྨོན་ལམ་གསུང་དོན་གནང་མཁན་སེ་བྱེས་དགེ་བཤེས་བྱམས་པ་ཆོས་གྲུབ་ལགས་སུ་བཅའ་འདྲི་ཞུས་པ། 11ལོ་རྒྱུས་ཐོག་གི་ཨ་རི་དང་བོད་ཀྱི་འབྲེལ་བ་ཐོག་མའི་གྲས་ནས་བོད་སྐད་ཡིག་ཤེས་མཁན་ཨ་རིའི་རྒྱ་ནག་ལ་བཅའ་བཞུགས་གཞུང་ཚབ་ཝིལ་ལེམ་རོག་ཧིལ་བོད་ལ་སྐྱོད་པའི་སྐོར་ངོ་སྤྲོད་ཞུས་པ། Hosted on Acast. See acast.com/privacy (https://acast.com/privacy) for more information. Episode link: https://play.headliner.app/episode/34231599?utm_source=youtube
Watch on YouTube