བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༧།༠༣ | དབུས་སྐད་ལས་རིམ།
1 མཉམ་འབྲེལ་རྒྱལ་ཚོཊ་མདུན་རང་སྲེག་ངོ་རྒོལ་གནང་མཁན་བློ་དགའ་རང་བཙན་ལགས་སྐུ་གཤེཊ་འདུག
2 བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ནས་རང་སྲོག་བློས་གཏོང་གནང་མཁན་ཚོ་རྗེས་མི་རུང་ཞེས་གསུངས་པ།
3 བློ་དགའ་ལགས་ཀྱིས་རང་སྲེག་ངོ་རྒོལ་མ་གནང་གོང་ཙམ་ལ་དགའ་ཉེ་ཞིག་ལ་འབྲེལ་བ་གནང་བ།
4 བཙན་བྱོལ་བོད་མི་གནས་ཚུལ་གང་སར་བློ་དགའ་ལགས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་ཚོགས་བཞིན་ཡོད་པ།
5 བོད་དོན་ལས་འགུལ་ཚོགས་པ་ཁག་གིས་རང་སྲེག་ངོ་རྒོལ་གནང་མཁན་བློ་དགའ་ལགས་སུ་མྱ་ངན་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་དོན་ལ་དོ་སྣང་ཡོང་བའི་འབོད་སྐུལ་ཞུས་པ།
6 སྤྱི་ནོར་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་ལ་དྭགས་སུ་མཛད་སྒོར་ཆིབས་བསྒྱུར་གནང་འཆར་ཡོད་པ།
7 ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ།
8 རྒྱ་ནག་དབུས་གཞུང་དང་དམར་ཤོག་ཚོགས་པའི་དྲིལ་བསྒྲཊ་འགན་འཛིན་བོད་དུ་བསྐྱོད་པ།
9 ཕྱི་ཟླ་ ༧ ཚེས་ ༡ཉིན་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་རྣམས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པས། བཞུགས་སྒར་རྡ་རམ་ས་དང་རྒྱ་གར་ལྷོ་ཕྱོགས་ཀྱི་གནས་ཚུལ་ཞིག་བདེ་སྐྱིད་ཀུན་སྒྲོལ་ལགས་དང་པད་མ་དངོས་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།
10 ཨ་རིའི་རྒྱལ་ས་ཝ་ཤིང་ཌོན་ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཆེན་མོའི་མདུན་དུ་ཡང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ།
11 ལ་དྭགས་ཁུལ་དུ་ཡང་ངོ་རྒོལ་དང་སྦྲཊ་བོད་མི་ཚོས་རང་གི་རིག་གཞུང་བདག་ཉར་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ།
12 རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་འདི་བཞུགས་སྒར་དུ་སྐོང་ཚོགས་གནང་ཡོད་པ།
13 འོས་བསྡུའི་ལམ་ལུཊ་དེང་རབས་ཅན་དུ་བསྒྱུར་རྒྱུ་དང་མང་ཚོགས་ཀྱི་མཉམ་ཞུགས་གོང་སྤེལ་གཏོང་ཐབས་དགོས་པའི་རྒྱབ་གཉེར་གནང་འདུག
14 རྒྱ་ནག་གིས་འཕགས་བོད་ས་མཚམས་སུ་འཕྲུལ་རིག་བཀོལ་སྤྱོད་ཀྱིས་དམག་དོན་ལས་གཞི་རྒྱ་ཆེར་སྤེལ་འགོ་བཙུགས་ཡོད་པ།
Hosted on Acast. See acast.com/privacy (https://acast.com/privacy) for more information.
Episode link: https://play.headliner.app/episode/34116752?utm_source=youtube





