བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༦།༢༦ | དབུས་སྐད་ལས་རིམ།

3 weeks ago

1 རྒྱ་གར་གྱི་བློན་ཆེན་ཀི་རན་རི་ཇི་ཇུ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པ། 2 རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་པས་ཕྱི་རྒྱལ་གྱི་བོད་མིར་རྒྱལ་མཚམས་བརྒལ་བའི་འཇིགས་སྐུལ་བྱེད་པའི་ཉེན་འཚབ། 3 རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཁྲིམས་ཡིག་ནི་བོད་ནང་གི་གདུག་རྩུབ་སྲིད་བྱུས་ཁྲིམས་ཐོག་ནས་གཏན་འབེབས་བྱས་པ་ཞིག་རེད་ཅེས་སྲིད་སྐྱོང་མཆོག་གིས་གསུངས་པ། 4 རྒྱ་ནག་གི་ཁྲིམས་གསར་པས་ཡུ་རོབ་དང་རྒྱ་ནག་གི་འབྲེལ་བར་ཤུགས་རྐྱེན་ཐེབས་སྲིད་པའི་ནན་བརྗོད། 5 མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་གྱིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ཕྱིར་བསྡུ་བྱེད་དགོས་པའི་འབོད་སྐུལ་གནང་བ། 6 ཨ་རིའི་མི་ནེ་སོ་ཊ་མངའ་སྡེའི་མི་ནིཡ་པོ་ལིསི་དང་སེནཊི་པོལ་གྲོང་ཁྱེར་གཉིས་ཀྱིས་༧སྐུའི་འཁྲུངས་སྐར་ ༩༡ པ་འདི་བཞིན་བྱམས་བརྩེའི་ཉིན་མོར་གཏན་འབེབས་ཞུས་པ། 7 རྒྱ་གར་ཕྱོགས་ནས་ལོ་ལྔའི་རྗེས་སུ་བོད་ནང་གི་མ་ཕམ་གཡུ་མཚོ་དང་གངས་རིན་པོ་ཆེར་ཉིན་བཅུའི་གནས་མཇལ་ལ་བསྐྱར་དུ་གཏོང་འགོ་བཙུགས་འདུག 8 བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་ནས་ཞེ་ཆེན་དགོན་དུ་གུ་རུའི་འབུམ་ཚོགས་ཚོགས་པ། 9 ༧གོང་ས་མཆོག་གི་ཕྱག་རྟགས་བཀའ་ཡིག་གཞིར་བཟུང་བཀྲིས་ལྷུན་པོའི་མཁན་པོ་གསར་པ་བསྐོ་བཞག་གནང་བ། 10 བཞུགས་སྒར་དུ་བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་དབུ་འཛུགས། 11 རྒྱ་གཞུང་གིས་བོད་ཀྱི་མཐའ་མཚམས་སུ་དམག་དོན་ཅན་གྱི་དམ་དྲག་དང་རྒྱ་སྒྱུར་གྱི་སྲིད་བྱུས་ཤུགས་ཆེ་རུ་བཏང་བ། 12 རྒྱ་གར་གྱི་ཨ་རུ་ན་ཅལ་དང་ཨ་སམ་ནང་དྲག་ཆར་དང་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་བྱུང་བ། 13 རྒྱ་ནག་ནང་ལྷན་སྐྱེས་འདོད་མཐུན་པ་ཚོའི་ཐོབ་ཐང་དང་རང་དབང་སྡུག་ཏུ་འགྲོ་བཞིན་པ། Hosted on Acast. See acast.com/privacy (https://acast.com/privacy) for more information. Episode link: https://play.headliner.app/episode/34006498?utm_source=youtube
Watch on YouTube