བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༦།༡༢ | དབུས་སྐད་ལས་རིམ།
1 ༧གོང་ས་མཆོག་ཞབས་པུས་གཤགས་བཅོས་ལེགས་གྲུབ་བྱུང་སྟེ་སྨན་ཁང་ནས་ལྡི་ལིའི་བཞུགས་གནས་ཕོ་བྲང་ལ་ཞབས་སོར་འཁོད་པ།
2 བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ནས་༧ང་ས་མཆོག་མཇལ་ཁ་ཞུས་གནས་ཡོད་པ།
3 སྐབས་ ༡༧ པའི་བཀའ་ཤག་གི་སྲིད་སྐྱོང་ཐུགས་འགན་བཞེས་པའི་རྗེས་ཨ་རི་དང་ཡོ་རོབ་བཅས་སུ་ཕྱོགས་ཕེབས་ཐོག་མར་གནང་བཞིན་ཡོད་པ་རེད།
4 ཨ་རིའི་གྲོས་ཚོགས་འཐུས་མི་མེཀཽལ་གྱིས་༸གོང་ས་མཆོག་གི་ཡང་སྲིད་བདག་དབང་གསལ་བཟོའི་ཁྲིམས་ཡིག་བསྐྱར་བཅོས་ཤིག་བཏོན་པ།
5 བོད་ནང་ཆོས་ལུགས་ལ་དམ་དྲག་དང་བོད་རིག་པའི་ཁྱབ་ཁོངས་སུ་དྲིལ་བསྒྲགས།
6 བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཁག་གནས་སྤོ་དང་སྐུ་ཚབ་དོན་གཅོད་གསར་པ་བསྐོ་གཞག་གནང་བ།
7 བཀའ་ཟུར་ཆོས་སྤེལ་དཔལ་འབྱོར་ཚེ་རིང་མཆོག་སྐུ་གཤེགས་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་མྱ་ངན་གུས་འདུད་ཞུས་པ།
8 བོད་རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་ལྷ་བཟང་ཚེ་རིང་ལགས་དགོངས་པ་རྫོགས་པ།
9 ཞྭ་གསེར་བསྟན་པའི་མཛེས་རྒྱན་དགའ་ལྡན་ཁྲི་ཟུར་༧སྐྱབས་རྗེ་རི་རྫོང་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱུང་ཞིང་རིང་མིན་ཁྲི་འདོན་གྱི་མཛད་སྒོ་གནང་རྒྱུ།
10 ཨ་རིའི་རྒྱལ་ས་ཝ་ཤིང་ཌོན་དུ་ཉིན་གཉིས་རིང་བོད་དོན་ཞུ་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ།
11 བོད་ཀྱི་ས་མཚམས་ཉེ་ཁུལ་འབྲས་ལྗོངས་ཀྱི་ཐང་སྒོ་ས་གནས་སུ་ཆགས་པའི་གསེར་ཏོག་དགོན་དུ་མེ་སྐྱོན་བྱུང་སྟེ་དགོན་པ་རྩ་མེད་དུ་ཕྱིན་འདུག
Hosted on Acast. See acast.com/privacy (https://acast.com/privacy) for more information.
Episode link: https://play.headliner.app/episode/33768858?utm_source=youtube





