བོད་སྐད་ཡིག་ལ་ཁོར་ཡུག་མེད་པར་བཟོ་བཞིན་པའི་སྲིད་བྱུས་ལ་གདོང་ལེན་གྱི་བོད་རིག་པའི་བགྲོ་གླེང་།
ས་རཱ་གཞོན་ནུས་གོ་སྒྲིག་གནང་བའི་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་དང་ངོ་བོ་རྩ་མེད་དུ་གཏོང་བའི་སྲིད་བྱུས་ལ་གདོང་ལེན་དང་། བོད་ཀྱི་རིག་གནས་མྱུར་སྐྱོབ་ཆེད་དམིགས་པའི་ བོད་རིག་པའི་བགྲོ་གླེང་། བཙན་བྱོལ་ནང་མི་ལོ་ ༦༧ བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་དར་སྤེལ་ཞེས་པའི་ཁ་བྱང་འོག སྐབས་བབ་ཀྱི་བརྗོད་གཞི་བོད་ཡིག་ཐོག་འབུམ་རམས་སློབ་ཐོན་པའི་དཔྱད་རྩོམ་དང་མ་འོངས་བརྗོད་གཞིར་བསམ་གཞིགས་ཅེས་པ་དེ། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༥ ཉིན་ས་རཱ་མཐོ་སློབ་ཏུ་དབུ་འཛུགས་གནང་སོང་ཞིང་། དེ་རིང་ནས་ཉིན་གྲངས་གསུམ་རིང་། གཙོ་བོ་འབུམ་རམས་པའི་ཞིབ་འཇུག་དཔྱད་རྩོམ་བཅུ་དང་དེ་བཞིན་རྒྱ་ནག་གིས་ལག་བསྟར་བྱེད་བཞིན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བ་བཅས་ལ་བགྲོ་གླེང་གནང་རྒྱུ་ཡིན་པ་རེད་འདུག །





