༢༠༢༦/༠༧/༠༢ རེས་གཟའ་ལྷག་པ།བྷེལ་ཇམ་ནང་ཚ་བ་ཆེ་བའི་སྐབས་ཤིག་ཡིན་པས། ཞོགས་པ་མལ་ལས་ལངས་པ་དང་སྐར་ཁུང་ཕྱེ། ཞོགས་པའི་བསིལ་ཞིང་འཇམ་པའི་རླུང་བུ་དང་། དྭངས་གཙང་གི་མཁའ་དབུགས་ལ་རོལ། རིམ་པས་ཁྲུས་ལ་ཞུགས་རྗེས་ཉིན་རེའི་གསོལ་འདེབས་སྨོན་ལམ་གྱི་ཁ་འདོན་རྣམས་བགྱིས། སྨན་ཡང་བཏུང་། ལས་གར་འགྲོ་བར་ལྟ་གོན་རྣམས་ཀྱང་བསྒྲུབས།ལས་ཀར་མ་སོང་པའི་སྔོན་ལ་ཁ་པར་ལ་གཅིག་བལྟས་པས། ངོ་དེབ་ཐོག་ནས་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ལུས་མེ་སྲེག་བཏང་འདུག་ཅེས།
The post བོད་རང་བཙན་རྒྱལ་ལོ། appeared first on བོད་ཀྱི་བང་ཆེན།.





