བོད་མི་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཆེར་བསྐྱེད་དགོས་པའི་བཀའ་སློབ་སྩལ་འདུག
དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་བོད་མི་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཆེར་བསྐྱེད་དགོས་པའི་བཀའ་སློབ་སྩལ་འདུག
དེ་ཡང་ལོན་ཌོན་ནས་ཞེས་པའི་ཡུ་ཊུབ་བརྙན་ལམ་དུ་བཀོད་པའི་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་དམིགས་གསལ་བཅར་འདྲིའི་ལས་རིམ་ཞིག་གི་སྐབས་སུ། རིན་པོ་ཆེ་མཆོག་ནས། བོད་མི་རིགས་ལ་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་དམིགས་གསལ་བ་ཞིག་ཡོད་ཅིང་། དེ་དག་མ་ཉམས་རྒྱུད་འཛིན་བྱེད་པར་བོད་ཀྱི་སྐད་དང་ཡི་གེ་ནི་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད་པ་དང་། ལྷག་པར་དུ་བོད་པའི་ཕ་མ་རྣམས་ཀྱིས་རང་ཉིད་ཀྱི་ཁྱིམ་ཚང་ནང་བོད་སྐད་བེད་སྤྱོད་གནང་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་ཡིན་པའི་བཀའ་སློབ་ལམ་སྟོན་སྩལ་འདུག །





