ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༥ ཚེས་ ༢༢ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ Jim Mcgovern ལགས་དང་། Michael McCaul ལགས་རྣམ་གཉིས་ཀྱིས་ Assuring the Future of Tibet Act of 2026 བོད་ཀྱི་མ་འོངས་འགན་སྲུང་བྱེད་པའི་ ༢༠༢༦ ལོའི་ཁྲིམས་འཆར་གསར་པ་ཞིག་ཆེད་འདོན་གནང་འདུག་པ་དང་། དེའི་ནང་ཨ་རིའི་གཞུང་གིས་དབུས་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དང་མཉམ་ལས་གོང་མཐོར་གཏོང་དགོས་པ་སོགས་ཀྱི་གནས་ཚུལ་འཁོད་ཡོད་པ་རེད། དེ་ཡང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་རྣམ་གཉིས་ཀྱིས་འདི་ཚེས་ ༢༢ ཉིན་ཆེད་འདོན་གནང་བའི་ Assuring the Future of Tibet Act of 2026 བོད་ཀྱི་མ་འོངས་འགན་སྲུང་བྱེད་པའི་ཁྲིམས་འཆར་གསར་པ་ཨང་ 8982 ཞེས་པ་འདི་ནི་ཨ་རིའི་ངོས་ནས་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་གནང་བའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཁ་སྒྱུར་ཞིག་མཚོན་གྱི་ཡོད་ལ། ཁྲིམས་འཆར་དེ་རིམ་པའི་ཨ་རིའི་གྲོས་ཚོགས་གོང་མའི་ནང་ངོ་སྤྲོད་ཡོང་བའི་རེ་བ་གནང་བཞིན་ཡོད། ད་རེས་ཀྱི་ཁྲིམས་འཆར་དེའི་བརྒྱུད་ཨ་མི་རི་ཀའི་བོད་དང་འབྲེལ་བའི་ལོ་རྒྱུས་གསལ་པོར་བཟོས་པ་དང་མ་འོངས་པའི་འགན་ལེན་གནང་ཡོད་པ་མ་ཟད། ཨ་རིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆེད་འཛུགས་མཛད་པའི་པའི་བོད་མིའི་འགོ་ཁྲིད་དང་སྲིད་གཞུང་གི་རྒྱུན་སྐྱོང་བཞིན་པའི་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་རྒྱབ་སྐྱོར་གནང་གི་ཡོད་པ་དང་། བོད་དང་རྒྱ་ནག་བར་གྱི་རྩོད་རྙོག་སེལ་ཐབས་གནང་རྒྱུ་ནི་ཨ་རིའི་སྲིད་ཇུས་ཀྱི་ཁེ་ཕན་ཆེན་པོ་ཞིག་ཡིན་པ་དང་མང་གཙོའི་ལམ་ནས་འོས་འདེམས་གནང་བའི་བོད་མིའི་འགོ་ཁྲིད་བརྒྱུད་བོད་མི་དང་འབྲེལ་བ་རྒྱུན་འཁྱོངས་གནང་རྒྱུ་ཡིན་པ། དེ་བཞིན་རྒྱ་གཞུང་གིས་བོད་མི་རྣམས་ལ་རང་སྐྱོང་གི་ཐོབ་ཐང་ཆེན་པོ་ཞིག་མཁོ་སྤྲོད་བྱེད་པའི་ཁས་ལེན་ལ་རྒྱབ་འགལ་བྱས་པ་དང་། ཁོང་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྱི་ལ་འགོག་རྐྱེན་བཟོས་ཡོད་པའི་སྐོར་གྱི་གྲོས་ཚོགས་ཀྱི་ངོས་འཛིན་གཏན་འབེབས་བྱེད་དགོས་པ། གཞན་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་དང་ལྷག་པར་དུ་སྲིད་སྐྱོང་མཆོག་དང་ཐད་ཀར་འབྲེལ་བ་གནང་སྟེ་ཨ་རིའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་མཉམ་ལས་པ་དང་མཐུན་གྲོགས་ཚོར་དེ་མཚུངས་ཀྱི་ཕྱི་འབྲེལ་གུས་བཀུར་གནང་བར་སྐུལ་འདེད་གཏོང་དགོས་པ་གསུངས་འདུག ཁྲིམས་འཆར་དེ་ཆེད་འདོན་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Jim McGovern ལགས་ཀྱིས། ཨ་རིའི་གྲོས་ཚོགས་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་དུས་ཡུན་རིང་པོ་ནས་དོ་ཁུར་ཆེན་པོ་གནང་ཡོད་པ་དང་བློ་ཕམ་པ་ཞིག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོི་མཆོག་རྟག་ཏུ་ང་ཚོ་དང་ལྷན་དུ་སྐུ་བཞུགས་མཛད་ཀྱི་མེད་སྟབས། ང་ཚོས་ཨ་རིའི་གཞུང་ལ་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་པའི་དབང་ཚད་དང་ལག་ཆ་རྒྱུན་མཐུད་ནས་ཡོད་པ་ངེས་བརྟན་གནང་དགོས་ཤིང་། འདི་ལྟར་གནང་བར་ང་ཚོས་བོད་མི་མང་གི་དངོས་གནས་མང་གཙོའི་ལམ་ནས་འོས་འདེམས་གནང་བའི་འཐུས་མི་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་གནང་དགོས་པ་གསུངས་འདུག དེ་བཞིན་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Michael […]
The post བོད་ཀྱི་མ་འོངས་འགན་སྲུང་བྱེད་པའི་༢༠༢༦ ལོའི་ཁྲིམས་འཆར་གསར་པ་ཆེད་འདོན། appeared first on vot.





