བལ་ཡུལ་དགོན་ཁག་གཉིས་ཀྱི་གྱོད་གཞི་ཁ་མཆུ་ཨང་ ༢༢ པ་དང་རྐྱེན་རྩ་གཅིག་མཚུངས་ཡིན་པར་ཐག་གཅོད།
དབུས་འོས་བསྡུ་ལས་ཁང་ནས་བལ་ཡུལ་དགོན་ཁག་གཉིས་ཀྱི་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་བྱས་པ་དང་འབྲེལ་བའི་གྱོད་གཞི་དེ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ད་ཡོད་ཁ་མཆུ་ཨང་ ༢༢ པའི་ངོ་བོ་དང་རྐྱེན་རྩ་གཅིག་མཚུངས་ཡིན་པར་ངོས་འཛིན་གནང་སོང་། དེ་རིང་ཕྱི་ཟླ་ ༦ ཚེས་ ༡༢ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས། རྐྱེན་རྩ་གཅིག་ལ་ཞུ་རྩོད་གཅིག་ལས་མི་མང་བ་ཆགས་པ་ཡིན་ན། ཁྲིམས་ཡིག་གི་བྱ་རིམ་ཚུལ་མིན་དུ་ཆགས་ཉེན་ལ་སོང་། སྤྱི་མང་ཁྲིམས་ཡིག་དོན་ཚན་ ༨༨ དགོངས་དོན་བདེ་སྙན་དེབ་དགོད་ཨང་ ༡ པ་དེ་བཞིན་ངོས་བཞེས་བརྩི་མེད་སོང་བའི་ཐག་གཅོད་གནང་སོང་། །
- Homepage
- Video
- བལ་ཡུལ་དགོན་ཁག་གཉིས་ཀྱི་གྱོད་གཞི་ཁ་མཆུ་ཨང་ ༢༢ པ་དང་རྐྱེན་རྩ་གཅིག་མཚུངས་ཡིན་པར་ཐག་གཅོད།





