བལ་ཡུལ་ཀླུ་བྲག་གྲོང་ཚོའི་ནང་བོན་པོའི་ཆོས་ལུགས་ཀྱི་ཤུལ་བཞག་ཉམས་རྒུད་འགྲོ་བཞིན་པའི་ཉེན་ཁ།
བལ་ཡུལ་ཀླུ་བྲག་གྲོང་ཚོའི་ནང་བོན་པོའི་ཆོས་ལུགས་ཀྱི་ཤུལ་བཞག་ཉམས་རྒུད་འགྲོ་བཞིན་པའི་ཉེན་ཁ།
ཉེ་ལམ་Al Jazeera གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་གནམ་གཤིས་འགྱུར་ལྡོག་གིས་བལ་ཡུལ་ཀླུ་བྲག་Lubra གྲོང་ཚོའི་ནང་གི་བོན་ཆོས་དང་འབྲེལ་སྲོལ་རྒྱུན་རིག་གཞུང་ལ་ཉེན་ཁ་བཟོ་བཞིན་པ་གསལ་སྟོན་བྱས་ཡོད་པ་རེད་འདུག
ད་ལྟའི་ཆར་གནམ་གཤིས་འགྱུར་ལྡོག་གི་སྲོལ་རྒྱུན་ལམ་སྲོལ་རྣམས་ཉར་ཚགས་བྱེད་མཁན་གྱི་ཀླུ་བྲག་གྲོང་ཚོ་འདིར་དེ་སྔ་ཡིན་ན་གྲོང་ཚོའི་ནང་དགུན་ཁར་གངས་མང་པོ་བབས་ཀྱི་ཡོད་པ་དང་། ཆར་པ་སྙོམ་པོར་བབས་ཀྱི་ཡོད་པ་རེད་འདུག ཡིན་ན་ཡང་ད་ལྟའི་ཆར་ཁ་བ་བབས་ཚད་ཧ་ཅང་ཉུང་དུ་ཕྱིན་པ་དང་། ཆར་པ་གློ་བུར་དུ་ཤུགས་ཆེན་པོ་བབས་པ། དེ་བཞིན་ཆུ་ལོག་དང་འདམ་རྡོའི་གནོད་འཚེ་ཇེ་ཆེར་དུ་འགྲོ་བཞིན་པ་དང་། ཆུ་ལོག་དེ་ལྟར་བྱུང་བ་དེས་ས་གནས་ཡུལ་མི་ཚོའི་འཚོ་རྟེན་ཁང་པ་ཁོ་ནར་གཏོར་སྐྱོན་བྱུང་བ་ཞིག་མ་ཡིན་པར་དེས་གྲོང་ཚོ་ཡོངས་དང་། གྲོང་ཚོའི་ནང་གི་དགོན་པ། སྒོམ་ཕུག མཆོད་རྟེན་སོགས་ལའང་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པ་དང་། གནོད་ཚབས་དེ་ལྟར་རྐྱེན་པས་གྲོང་མི་ཡོངས་ས་གནས་གཞན་དུ་གནས་སྤོ་བྱ་དགོས་བྱུང་ཚེ་བོན་གྱི་སྲོལ་རྒྱུན་ཉམས་ཉེས་འགྲོ་ཉེན་ཡོད་པ་དང་། ས་གནས་འདི་བོན་གྱི་རིག་གནས་དང་ལོ་རྒྱུས་ཀྱི་ཤུལ་བཞག་ཉར་ཚགས་བྱས་པའི་ས་གནས་གལ་ཆེན་ཞིག་ཡིན་པ་རེད།





