ཆབ་མདོ་ངག་དབང་ཕུན་ཚོགས། དང་པོ། བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་རྒྱ་གཞུང་གིས་གནས་ཚུལ་སྦས་བསྐུངས། ཉེ་ཆར་བལ་བོད་ས་མཚམས་ནས་གློ་བུར་དུ་ཆུ་ལོག་དང་འདམ་རྡོའི་ཆུ་རུད་ཤུགས་ཆེན་ཞིག་བྱུང་སྟེ། ས་གནས་མི་མང་གི་ཚེ་སྲོག་དང་རྒྱུ་ནོར་ཡོངས་ལ་གོད་ཆགས་ཚད་མེད་བཟོས་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་དངོས་ཡོད་གནས་ཚུལ་དག་མ་བྱུང་བ་ལྟར་བཟོས་ཤིང་། གོད་ཆགས་དེ་ཙམ་ཆེན་པོ་མེད་པའི་སྣང་ཚུལ་བསྐྲུན་ནས་ཛ་དྲག་གི་གནས་སྟངས་ཡོངས་སུ་ཕྱིར་མི་མངོན་པར་སྦས་ཐབས་བྱེད་ཀྱི་ཡོད། དངོས་ཡོད་གནས་ཚུལ་ལ། འབྱུང་བ་ཁམས་ཀྱི་འཁྲུག་ཆ་འདི་ནི་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཚད་མེད་བཏང་བའི་ལོ་རྒྱུས་ཀྱི་རྒྱུ་འབྲས་དང་ཧ་ཅང་འབྲེལ་བ་དམ་པོ་ཡོད་པ་ནི་བརྗོད་མ་དགོས་པ་ཞིག་རེད།
The post བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ། appeared first on བོད་ཀྱི་བང་ཆེན།.




