བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༦།༥།༢༢ 𝗧𝗶𝗯𝗲𝘁 𝗧𝗵𝗶𝘀 𝗪𝗲𝗲𝗸(𝗧𝗶𝗯𝗲𝘁𝗮𝗻) May 22, 2026

1 month ago

◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་དང་ཧི་མ་ལ་ཡའི་ནང་པའི་ཆོས་རིག་འཛིན་སྐྱོང་ཚོགས་པ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ། ◆ དཔལ་ལྡན་སྲིད་སྐྱོང་མཆོག་བཞུགས་སྒར་དུ་བསྐོང་ཚོགས་གནང་བའི་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་དང་། བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་སོ་སོའི་ཐོག་ཕེབས་ཞུགས་གནང་བ། ◆ བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས་པ། ◆ ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་འཕྲལ་དུ་གློད་བཀྲོལ་དགོས་སྐོར་རྒྱ་ནག་གཞུང་ལ་ནན་བརྗོད་གནང་བ། ◆ ཡུ་རོབ་མཐུན་ཚོགས་ནས་བལ་ཡུལ་ནང་གི་བོད་མིའི་སྐྱབས་བཅོལ་བའི་ཐོབ་ཐང་སྲུང་སྐྱོབ་ཐད་བལ་ཡུལ་གཞུང་ལ་སྐུལ་འདེད་གཏོང་རྒྱུའི་ཁས་ལེན་གནང་བ། ◆ སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཀྱི་ལས་འཁུར་རྩིས་བཞེས་གནང་བ། ◆ དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སྟག་ལྷ་བསྟན་འཛིན་རྣམ་དག་ལགས་ལ་ཁྲིག་རྩེ་ཤེས་རབ་དང་བྱམས་བརྩེའི་གཟེངས་རྟགས་ཕུལ་བ། https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=7jXE9RkMZVjBFCjH https://ghoton.net https://hhthedalailama90.net #dalailama #yearofcompassion #90thbirthday #compassionrevolution #ghoton #TibetansforTibet #centraltibetanadministration #dailynews #tibettv #weeklynews
Watch on YouTube