བཅའ་སྡོད་སློབ་གྲྭའི་ནང་གི་བོད་ཕྲུག་དག་རྒྱ་ནག་གི་མེ་མདེའི་མདེའུ།

4 hours ago

བཀའ་ཤག་སྐབས་ ༡༧ པས་བོད་ཀྱི་སྐད་ཡིག་གཅེས་སྲུང་དང་ལམ་སྟོན་གྱི་རྩ་འཛིན་ཡིག་ཆ་གཏན་འབེབས་གནང་བ་ལྟར། ལོ་རེའི་ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་ཉིད་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་དུ་སྲུང་བརྩི་ཞུ་མགོ་བཙུགས་ཡོད་ཅིང་། དེ་དང་བསྟུན་ནས་བོད་ཀྱི་ཟློས་གར་ཚོགས་པས་བོད་ནང་གི་མི་སེར་སྤེལ་ཡུལ་གྱི་བཅའ་སྡོད་སློབ་གྲྭ་ཞེས་པའི་གཏམ་བརྗོད་ཅིག་གསར་རྩོམ་གྱིས། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢༤ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་གར་གླུའི་རིག་རྩལ་ཁང་དུ་གཟིགས་འབུལ་ཞུས་སོང་། རྒྱ་ནག་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་བོད་མི་རིགས་རྒྱ་ནག་ཅན་དུ་སྒྱུར་མུས་ཡིན་པ་དང་། དམིགས་བསལ་དུ་རྒྱ་ནག་གི་བཅའ་སྡོད་སློབ་གྲྭའི་ནང་གི་བོད་ཕྲུག་དེ་དག་ནི་རྒྱ་ནག་གི་མེ་མདའི་ནང་གི་མདེའུ་ཡིན་པ་བཅས་ནི་གཏམ་བརྗོད་དེའི་ནང་དོན་གཙོ་བོ་ཡིན་པ་རེད་འདུག །
Watch on YouTube