བཀའ་ཤག་ལྷན་རྒྱས་ལ་མཇལ་ཁ་དང་བཀའ་སློབ།
བོད་མིའི་སྒྲིག་འཛུགས་ཀྱི་སྐབས་ ༡༦ པའི་བཀའ་ཤག་ལྷན་རྒྱས་ལ་མཇལ་ཁ་དང་བཀའ་སློབ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ་ ༥ ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་ཁྲིད་པའི་སྐབས་ ༡༦ པའི་བཀའ་ཤག་ལྷན་རྒྱས་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཐོན་མཇལ་དང་བཀའ་སློབ་སྩལ་གནང་བ། །





