བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

1 month ago

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ཁ་སང་ཕྱི་ཚེས་ ༡༡ ཉིན་དགུང་ལོ་ ༧༨ ཐོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག དེ་ཡང་བཀའ་ཟུར་དམ་པ་ཁོང་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་འཕྲལ། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་སྲི་ཞུའི་ལས་བྱེད་ཚང་འཛོམས་ཐོག་སྨོན་ལམ་གསུང་འདོན་གནང་སོང་། རྩ་བའི་བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ནི། ཕྱི་ལོ་ ༡༩༤༨ ལོར་སྔ་མོ་བོད་སྡེ་པ་གཞུང་གི་སྤྱི་ཁྱབ་ལྔ་བརྩི་སྲོལ་ཡོད་པའི་བྱང་རིགས་སྤྱི་ཁྱབ་ཀྱི་ཁྱབ་ཁོངས་རྣམ་གླིང་རྫོང་གི་འབྲོག་སྡེའི་ནང་སྐྱེས་པ་དང་། ལོ་ ༡༢ ཙམ་ལ་བསླེབས་སྐབས་ཕྱི་ལོ་ ༡༩༥༩ ལོར་བོད་ས་རྒྱ་ཡིས་བཙན་བཟུང་བྱས་ཏེ་ཕ་མ་དང་ལྷན་བལ་ཡུལ་དུ་བྲོས་བྱོལ་ལ་འབྱོར་བ་དང་། འཚར་ལོངས་བྱ་ཡུལ་ཕལ་ཆེ་བ་བལ་ཡུལ་ནང་ཡིན་པ་རེད་འདུག རིམ་པས་ཨིན་ཡུལ་ནང་སློབ་གྲྭར་བསྐྱོད་རྗེས་ཕྱིར་འཁོར་ནས་སློབ་གྲྭའི་དགེ་རྒན་དང་སྐད་སྒྱུར། ཕྱི་ལོ་ ༡༩༧༣ ནས་གཞུང་ཞབས་ཁོངས་སུ་ཞུགས་ཏེ་རྡོར་པ་ཌན་ནོར་འཛིན་གླིང་གཞིས་འགོ་དང་། དེ་ནས་བལ་ཡུལ་དོན་ཁང་དུ་དྲུང་གཞོན་གནས་རིམ་ཐོག་དྲུང་ཆེའི་ཐུགས་འགན་བཞེས། ཕྱི་ལོ་ ༡༩༨༢ ནས་ ༨༣ བར་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་གནང་རྗེས་བལ་ཡུལ་དོན་གཅོད་ཁང་དུ་ལོ་ ༥ ཙམ་ཕྱག་ལས་གནང་། དེ་ནས་ཤར་ཡུ་རོབ་སྐུ་ཚབ་དོན་གཅོད་ལོ་ ༦ ཙམ་གནང་རྗེས། ཨོསྟྲེ་ལི་ཡའི་དོན་གཅོད་ལོ་ ༤ ཙམ་གནང་། དེ་རྗེས་ཉི་ཧོང་སྐུ་ཚབ་དོན་གཅོད་ལོ་ ༥ གནང་། དེ་ནས་ཕྱི་ལོ་ ༢༠༠༧ ལོར་ཁོང་བགྲེས་ཡོལ་དུ་ཕེབས་ནས་ལོ་དེའི་ཟླ་ ༡༡ ནང་བཀའ་ཤག་སྐབས་ ༡༣ པའི་འཕྲོད་བསྟེན་བཀའ་བློན་ལོ་བཞི་ཙམ་ཐུགས་འགན་བཞེས་ཏེ། ཕྱི་ལོ་ ༢༠༡༡ ལོར་ལས་ཡུན་གཙང་ནས་ཨོསྟྲེ་ལི་ཡའི་ནང་དུ་བཞུགས་ཡོད་པ་རེད། མ་ཟད་བཀའ་ཟུར་དམ་པ་ཁོང་གིས་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་ནས་ The Nature of All […]

The post བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག appeared first on vot.

Original Article