ནང་པའི་ལྟ་གྲུབ་དང་དེང་དུས་ཀྱི་ཚན་རིག་གཉིས་ཀྱི་དབར་མཐུན་པ་དང་མི་མཐུན་པའི་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་པ།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ ༤༠ ལྷག་གི་རིང་ནང་པའི་ལྟ་གྲུབ་དང་དེང་དུས་ཀྱི་ཚན་རིག་ཐོག་ལ་མཛད་འཕྲིན་མང་དག་བསྐྱངས་དང་སྐྱོང་བཞིན་ཡོད་པ་ལྟར། ལྡི་ལི་བོད་ཁང་གི་འགན་འཛིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་གསུང་སྒྱུར་ཞབས་ཞུ་བསྒྲུབས་མྱོང་མཁན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་བཞུགས་ཐོག་ཕྱི་ལོ་ ༡༩༨༧ ནས་འགོ་འཛུགས་ཀྱི་སེམས་དང་སྲོག་གི་ཚོགས་འདུ་ཞེས་ཚོགས་ཆེན་ཞིག་ལོ་རེ་བཞིན་ཐེངས་རེ་དང་མཚམས་རེ་ཐེངས་གཉིས་དང་གསུམ་འཚོགས་བཞིན་ཡོད་པ་རེད། ད་ལྟའི་ཆར་གནས་ལུགས་འདི་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་སྤེལ་ཇེ་ཆེར་སོང་སྟེ་འཛམ་གླིང་ནང་དེང་སང་སངས་རྒྱས་ཀྱི་བསྟན་པ་ཟེར་དུས་དམིགས་བསལ་...





