ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བོད་ཀྱི་ལོ་རྒྱུས་ལ་ཁ་ལོ་བསྒྱུར་བའི་དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་ཟེར་བ་དེར་བོད་རྒྱའི་སྐུ་ཚབ་ཀྱིས་མཚན་རྟགས་བཀོད་ཡོད། འདི་ནི་བོད་གཞུང་དགའ་ལྡན་ཕོ་བྲང་དང་བོད་མིའི་རང་དབང་གི་གནས་བབ་ཤོར་པ་དང་། རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་ལོ་རྒྱུས་ཀྱི་དཔང་རྟགས་བསྐྲུན་པ་ཤིག་ཆགས་ཡོད།
དོན་ཚན་བཅུ་བདུན་གྱི་རྒྱབ་ལྗོངས་དང་ཆབ་མདོའི་དམག་འཁྲུག
༡༩༥༠ ལོར་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་དཔུང་འཇུག་བྱས་ཏེ་ཆབ་མདོར་དྲག་པོའི་བཙན་འཛུལ་གྱིས་བོད་དམག་ཕམ་ཉེས་བྱུང་པའི་རྗེས། སྐུ་ན་ཕྲ་བའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་ནག་གིས་དམག་དོན་གྱི་གནོན་ཤུགས་སྤྲད་དེ། བོད་ཀྱི་སྐུ་ཚབ་ཚོགས་པར་བཙན་དབང་གིས་མཚན་རྟགས་འགོད་བཅུག་ཡོད།
དོན་ཚན་བཅུ་བདུན་གྱི་ཆིངས་ཡིག་ལ་ལོ་མང་རིང་ཞིབ་འཇུག་གནང་མཁན་བསོད་ནམས་རྡོ་རྗེ་...





