དབུས་སྐད་ཀྱི་དགོང་དྲོའི་ལས་རིམ། ༢༠༢༦།༦།༠༢ | དབུས་སྐད་ལས་རིམ།
1 སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བཀའ་ཤག་སྐབས་ ༡༧ པའི་སྲིད་སྐྱོང་གི་ལས་ཁུར་དམ་འབུལ་ཞུས་པ།
2 རྒྱ་ནག་གཞུང་གིས་དེང་རབས་ལག་རྩལ་ལ་བརྟེན་ནས་ས་ག་ཟླ་བའི་སྐབས་བོད་མིར་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ།
3 བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམ་པས་དམ་འབུལ་དང་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱི་འོས་འདེམས་གནང་ཡོད་པ།
4 ༧གོང་ས་མཆོག་ལ་གྷ་རེ་མི་གཟེངས་རྟགས་དངོས་སུ་འབུལ་ལམ་ཞུ་རྒྱུ་དང་དེ་མིན་མཛད་འཕྲིན་ཁག
5 ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་ཀྱི་སྙིང་པོ་ནི་བྱམས་སྙིང་རྗེས་སོ་སོའི་སེམས་རྒྱུད་བཟང་དུ་བཏང་ནས་འཛམ་གླིང་ནང་ཞི་བདེ་སྤེལ་དགོས་པའི་བཀའ་སློབ་བསྩལ་བ།
6 ཨ་ཉ་སེང་སྒྲ་ལགས་བཙོན་གྲོལ་བཏང་རྗེས་རྒྱ་ནག་གཞུང་གིས་མུ་མཐུད་དམ་དྲག་བྱེད་བཞིན་པ།
7 ཨ་རིའི་ཁྲིམས་འཆར་གསར་པ་འདིས་རྒྱལ་སྤྱིའི་སྟེང་བོད་མིའི་འགོ་ཁྲིད་ལ་ངོས་འཛིན་བསྐྲུན་རྒྱུའི་དམིགས་ཡུལ་བཅངས་འདུག
8 ནིའུ་ཡོག་ཏུ་ལམ་ཞིག་གི་མིང་ལ་ས་སྐྱ་བརྩེ་ཆེན་ལམ་ཞེས་མིང་བཏགས་ཡོད་པའི་སྐོར
9 རི་ཅརཌི་གྷི་ཡར་ལགས་ལ་ཝསི་ལབ་ཧ་ཝེལ་རྒྱལ་སྤྱིའི་གསར་གཏོད་གཟེངས་རྟགས་དེ་ཕུལ་གནང་འདུག
10 སྲིད་སྐྱོང་གིས་མཚན་འདོན་གནང་བ་བཞིན་གྲོས་ཚོགས་ནས་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་དྲུག་བསྐོ་གཞག་ཐུབ་པ།
11 བཀའ་ཤག་གི་གཞུང་ཐམ་སྲིད་ཞི་བདེ་སྐྱིད་མ།
12 ཨ་རིའི་རང་བཙན་གྱི་ལོ་ ༢༥༠ འཁོར་བའི་དུས་ཆེན་གྱི་མཛད་སྒོ་ཞིག་ཐའེ་ཝན་དུ་སྲུང་བརྩི་ཞུས་པའི་ཐོག་ཐའེ་ཝན་གྱི་སྲིད་འཛིན་ལའེ་ཆིང་ཏེ་ཕེབས་ཡོད་ཅིང་། དེ་དང་ལྷན་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱིས་མཉམ་ཞུགས་གནང་ཡོད་ལ། ཐའེ་ཝན་ཕྱི་སྲིད་བློན་ཆེན་གྱིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་ཞུས་པ་སོགས
13 ཡུ་རོབ་ཏུ་བོད་ཀྱི་རིག་གཞུང་འཁྲབ་སྟོན་ལ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་པའི་གནས་ཚུལ་ཞིག་ནོར་སྡེ་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
Hosted on Acast. See acast.com/privacy (https://acast.com/privacy) for more information.
Episode link: https://play.headliner.app/episode/33592469?utm_source=youtube





