དབུས་སྐད་ཀྱི་དགོང་དྲོའི་ལས་རིམ། ༢༠༢༦།༥།༡༩ | དབུས་སྐད་ལས་རིམ།

2 months ago

1 ༧པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་ཞེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་དགོས་འདུན་བཏོན་པ། 2 ས་ག་ཟླ་བ་དབུ་ཚུགས་པ་དང་རྒྱ་ནག་གཞུང་གིས་ཆོས་ལུགས་དང་སྤྱི་ཚོགས་ནང་ཕྱོགས་ཡོངས་ནས་དམ་དྲག་ཆེ་རུ་བཏང་བ། 3 བཞུགས་སྒར་རྡ་རམ་ས་ལར་ས་ག་ཟླ་དབུ་ཚུགས་པ་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་དབུ་བཙུགས་གནང་ཡོད་པ་མ་ཟད། 4 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་དགོས་པའི་སྐོར་སོགས་བཀའ་གནང་ཡོད་པ། 5 ༸གོང་ས་མཆོག་གི་དགོངས་བཞེད་ལྟར་བྱམས་བརྩེ་ལག་ལེན་བསྟར་ཕྱོགས་ཀྱི་བགྲོ་གླེང་གི་ཚོགས་ཡོད་པས། ཚོགས་བཅར་བ་ཚོས་༧གོང་ས་མཆོག་མཇལ་ཁ་ཞུས་ཡོད་པ། 6 དམག་འཁྲུག་གི་དུས་འདིར་འཛམ་གླིང་ནང་ཞི་བདེ་བསྐྲུན་པར་༧གོང་ས་མཆོག་ལ་རེ་བ་ཞུ་གི་ཡོད་ཅེས་འཇར་མན་གྲོས་ཚོགས་འཐུས་མིས་གསུངས་པ། 7 ཊུ་ཊུ་ཐེབས་རྩའི་འགན་འཛིན་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་པ། 8 ༧གོང་ས་མཆོག་གིས་རྒྱ་ནག་ནང་དུ་ནང་ཆོས་ལ་དོ་སྣང་རྒྱ་སྐྱེད་ཐུབ་པའི་ཐུགས་རེ་ཡོད་སྐོར་བཀའ་གནང་པ། 9 རྒྱ་གར་གྱི་ཚོང་པ་གྲཊ་ཅན་ནེསི་ཝ་ཌི་ཡ་ཡིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་པ། 10 ཨ་རིའི་བོད་ཐོག་ལངས་ཕྱོགས་བཟང་ཕྱོཊ་སུ་བསྐྱོད་བཞིན་ཡོད་སྐོར་སྲིད་སྐྱོང་མཆོག་གིས་གསུངས་པ། 11 ཨ་རིའི་སྲིད་འཛིན་རྒྱ་ནག་ལ་མ་ཕེབས་སྔོན་ཚོགས་པ་དང་སྒེར་སོགས་ཕྱོགས་མང་པོ་ནས་འགྲོ་བ་མིའི་ཐོབ་ཐང་དང་བོད་དོན་སོགས་གླེང་དགོས་པའི་འབོད་སྐུལ་ཞུས་པ། 12 ཨ་རིའི་སྲིད་འཛིན་ཊམཔ་ཡི་རྒྱ་ནག་གི་འཚམས་གཟིགས་གྲུབ་པ་དང་གནད་དོན་མང་པོའི་ཐོག་བཀའ་མོལ་གནང་ཡོད་པ། 13 པཎ་ཆེན་རིན་པ་ཆེ་གློད་བཀྲོལ་མ་ཐོབ་ཀྱི་བར་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་གསུངས་བྱུང་། 14 ༧ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་དང་ལ་དྭགས། 15 བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གསར་འཛུགས་གནང་སྟེ་ལོ་ངོ་ ༢༥ འཁོར་བཞིན་ཡོད་པ། 16 སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ། 17 བཙན་བྱོལ་བོད་མི་ཁག་ཅིག་གིས་རང་གི་སྤྱི་འཐུས་གསར་པར་རེ་བ། Hosted on Acast. See acast.com/privacy (https://acast.com/privacy) for more information. Episode link: https://play.headliner.app/episode/33359479?utm_source=youtube
Watch on YouTube