དབང་རྩའི་ཚན་རིག་པ་གསུམ་གྱིས་མིག་གི་དབང་ཤེས་ཉམས་པ་སླར་གསོ་ཐུབ་པའི་གསར་གཏོད་ལ་ནོ་སྦེལ་གཟེངས་རྟགས།

4 hours ago

ཨ་རིའི་དབང་རྩའི་ཚན་རིག་པ་ ཀཱར་ལི་ ཌེ་སི་རོཐ་ (Karl Deisseroth) དང་། ཇར་མན་གྱི་ པི་ཊར་ ཧེ་གེ་མན་ (Peter Hegemann) ཇོར་ཇི་ ན་གྷེལ་ (Georg Nagel) བཅས་གསུམ་ལ། ཕྱི་ལོ་༢༠༢༦ ལོའི་ནོ་སྦེལ་སྨན་བཅོས་རིག་པའམ་སྨན་གྱི་གཟེངས་རྟགས་ཐོབ་འདུག ཁོང་གསུམ་གྱི་ཉམས་ཞིབ་བརྒྱུད། འོད་ཀྱི་ནུས་པ་ལ་བརྟེན་ནས་འགྲོ་བ་མིའི་ཧ་ཅང་གི་རྙོག་འཛིང་ཆེ་བའི་ཀླད་པའི་དབང་རྩ་བྱེ་བྲག་པ་ཞིག་གི་བྱེད་ལས་ཚོད་འཛིན་བྱེད་ཐུབ་པ་གསར་དུ་ཤེས་རྟོགས་བྱུང་ཡོད་པ་དང། གསར་གཏོད་བྱུང་བའི་ཚད་མཐོའི་ཚན་རིག་ཀྱི་ལག་རྩལ་དེས། མིག་དང་རྣ་སོགས་ཀྱི་དབང་པོའི་ནུས་པ་ཉམས་པ་དེ་དག་སླར་གསོ་བྱེད་ཐུབ་ཀྱི་ཡོད་པ་གསལ་སྟོན་ཐུབ་ཡོད་པ་རེད། །
Original Article