དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་ལ་དྭགས་ས་གནས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

1 month ago

༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ལས་ཁུངས་གསར་རྒྱག་གི་ལས་གཞི་ལེགས་གྲུབ་ཟིན་ཏེ། ཕྱི་ལོ་ ༢༠༢༦ ཟླ་བ་ ༦ ཚེས་ ༡༧ ཉིན་ལས་ཁུངས་གསར་པའི་དབུ་འབྱེད་མཛད་སྒོ་གནང་གཏན་འཁེལ་བའི་ཐོག་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་སྐུ་མགྲོན་གཙོ་བོར་མགྲོན་འབོད་ཞུས་པ་ལྟར། ཕྱི་ཚེས་ ༡༦ ཉིན་དྷ་ས་ནས་མཁའ་ལམ་བརྒྱུད་ལ་དྭགས་ས་གནས་སུ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༧ ཉིན་ས་གནས་ཀྱི་མཛད་འཆར་ལྟར་ཕེབས་ཞུགས་གནང་རྒྱུ། ཕྱི་ཚེས་ ༡༩ ཞོགས་པ་མཁའ་ལམ་བརྒྱུད་ལ་དྭགས་ནས་ཕྱིར་དྷ་སར་ཕེབས་གནང་རྒྱུ་ཡིན་པའི་གནས་ཚུལ་དུ།

 

Original Article