ཉེ་ཆར་ཨ་རིའི་སྲིད་འཛིན་རྒྱ་ནག་ལ་ལྟ་སྐོར་དུ་ཕྱིན་རྗེས་ཐའེ་ཝན་རང་བཙན་གནད་དོན་ཐད་རྒྱབ་སྐྱོར་མེད་ཚུལ་བརྗོད་ཡོད་པ་དང་། དེ་སྔོན་ཐའེ་ཝན་ལ་གོ་མཚོན་ཨ་སྒོར་ཐེར་འབུམ་༡༡ ཙམ་རིན་ཐང་འཚོང་རྒྱུའི་འཆར་གཞི་ཡོད་པ་རྣམས་འཚོང་མིན་མགྱོགས་པོ་ཐག་གཅོད་བྱེད་རྒྱུ་ཡིན་ཚུལ་བརྗོད་འདུག་པར་བརྟེན། ཐའེ་ཝན་གྱིས་ང་ཚོས་ཐའེ་ཝན་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་བསྐྱར་དུ་གསལ་བསྒྲགས་བྱེད་དགོས་དོན་མེད་པ་དང་། གནའ་སྔ་མོ་ནས་མང་གཙོ་ལྡན་པའི་རང་བཙན་རྒྱལ་ཁབ་ཅིག་ཡིན་ཞེས་བརྗོད་འདུག
The post ཐའེ་ཝན་གནའ་སྔ་མོ་ནས་རང་བཙན་རྒྱལ་ཁབ་ཡིན་ཞེས་ནན་བརྗོད་བྱས་འདུག appeared first on བོད་ཀྱི་བང་ཆེན།.





